བོད་མི་མང་སྤྱི་འཐུས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་དེ། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་བོད་མི་གཞིས་ཆཊ་ཀྱི་ས་གནས་མགོ་འཛིན་དང་། ལྡི་ལི་ནེ་རུ་གཙུག་ལག་སློབ་གྲྭའི་བོད་རིཊ་སློབ་མ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་བཅས་ཀྱིས་ཕེབས་བསུའི་འོག་རྒྱལ་ས་ལྡི་ལིར་འབྱོར་ཡོད་འདུག
ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་རྒྱལ་ས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་སྐྱོད་མགོ་འཛུཊ་གནང་ཡོད་ཅིང་། མཛད་སྒོའི་ཐོག་རྒྱ་གར་སཱ་མཱ་ཇི་ཝ་ཌེ་ཆབ་སྲིད་ཚོཊ་པའི་ (Samajwadi Party) འཐུས་མི་ལྕམ་སྐུ་ཨུ་ཤཱ་ཡཱ་ཌོབ་ (Usha Yadav) ལཊ་དང། རྒྱ་གར་སྤྱི་ཚོགས་ལས་འགུལ་བ་བླ་ཆེན་ཨག་ནི་ཝེ་ཤི་ (Swami Agnivesh) མཆོག འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སཱང་སུ་ཀི་མཆོག་གི་ཕྱག་རོཊ་ཊིན་སུའི་ (Tint Swe) ལཊ་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟཊ་དང་གཏམ་བཤད་ཁག་སྤེལ་རྗེས། བདེན་པའི་མེ་ལྕེ་ཁུལ་དེའི་བྷང་གྷ་ལིའི་ཁྲོམ་གཞུང་བརྒྱུད་དེ་ས་གནས་ཁག་ཅིག་ཏུ་སྐོར་སྐྱོད་བྱས་ཡོད་འདུག་ལ། ཕྱི་ཚེས་ ༡༤ ཉིན་མེ་ལྕེ་མུ་མཐུད་རྒྱལ་ས་ཁུལ་གྱི་ས་གནས་ཨིས་ཊི་ཨོབ་ཀེ་ལ་ཤི་དང་ཇེ་ཨན་ཡུ་ས་ཀེ་ཊི། ལྡི་ལི་ཧ་ཊི། ཀལ་ཀ་ཇི། ཨ་ཌི་ཅི་ནི། ནི་ཛ་མུ་ཌིན་སོཊ་སུ་སྐོར་སྐྱོད་བྱས་ཡོད་འདུག
དེ་བཞིན། ཕྱི་ཚེས་ ༡༥ ཉིན་ལྡི་ལིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༥༠༠ ཙམ་གྱིས། རྒྱལ་སའི་སམ་སི་ཐ་སི་ཐལ་ (Samstha Sthal) ས་གནས་ནས་ཇན་ཏར་མན་ཏར་བར་ཞི་བའི་གོམ་བགྲོད་གནང་རྗེས། མཐར་ཇན་ཏར་མན་ཏར་ས་གནས་སུ་མེ་ལྕེ་སྐོར་སྐྱོད་ཀྱི་མཇུག་སྡོམ་མཛད་སྒོ་ཚོཊ་ཏེ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོཊ་པའི་འབྲེལ་མཐུད་འགན་འཛིན་སྐུ་ཞབས་ཨན་ཀེ་ཏིར་ཁ་ (N. K. Trikha) ལཊ་དང་། གྷན་ངྷིའི་ཞི་བདེའི་བསྟི་གནས་ཁང་གི་དྲུང་ཆེ་སའུ་རེན་ཌར་ཀུ་མིར། བོད་མི་མང་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོཊ། ཆོས་སྐྱོང་དབང་ཕྱུག་ལཊ་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་གཏམ་བཤད་བཅས་སྤེལ་ཡོད་འདུག