མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ཚབ་རྔ་བར་ཕེབས་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ནང་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ཨ་མདོ་རྔ་བར་ཕེབས་ཏེ། ས་གནས་བོད་རིཊ་མང་ཚོཊ་དང་དགོན་པའི་དགེ་འདུན་པར་ཐུག་འཕྲད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ལྕམ་ཝེ་ཁུ་ཊོ་རི་ཡཱ་ནོ་ལཎ་ཌི་ (Victoria Nuland) མཆོག་གིས། ཨ་རིའི་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ད་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་ནག་ཏུ་རྟེན་གཞི་བྱས་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་གྷི་རེ་ལོ་ཁུ་ (Gary Locke) མཆོག བོད་ཀྱི་ཨ་མདོ་རྔ་བ་ཁུལ་དུ་འཚམས་གཟིགས་གནང་སྐོར་ཡོད་གསུངས་ཡོད་འདུག

གསར་འགོད་ལྷན་ཚོཊ་ཐོག་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ལྕམ་ཝེ་ཁུ་ཊོ་རི་ཡཱ་ནོ་ལཎ་ཌི་མཆོག་གིས། ཨ་རིའི་གཞུང་ཚབ་ཆེན་མོ་ཨ་མདོ་རྔ་བར་གཟིགས་སྐོར་གནང་དོན་ཐད་གསར་འགོད་པར་ལན་འདེབས་གནང་སྟེ། གཞུང་ཚབ་མཆོག་བོད་མདོ་སྨད་རྔ་བར་ཕེབས་པ་དེ། ཁོང་གིས་རྒྱ་ནག་ཁྲུང་ཆིན་དང་སི་ཁྲོན་ཞིང་ཆེན་སོཊ་སུ་གཞུང་འབྲེལ་གཟིཊ་སྐོར་གྱི་ཆ་ཤས་ཤིག་རེད། ཐེངས་འདིའི་གཟིགས་སྐོར་སྐབས་གཞུང་ཚབ་མཆོག་བོད་རིཊ་གཙོ་བོར་གྱུར་བའི་ས་གནས་ཡུལ་མི་ཚོར་ཐུག་འཕྲད་གནང་ཡོད་པ་མ་ཟད། ཁུལ་དེའི་གྲོང་ཁྱེར་དང་དགོན་པ་སོགས་ཀྱི་ནང་དུའང་ཆེད་ཕེབས་གནང་སྟེ། ས་གནས་བོད་རིཊ་མང་ཚོཊ་དང་གླེང་མོལ་བརྒྱུད་ཁོང་ཚོའི་གནས་སྟངས་དང་འཚོ་བའི་སྐོར་རྒྱུས་ལོན་གནང་ཡོད། ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་འཛིན་བཞིན་པའི་སྲིད་བྱུས་ཧ་ཅང་ཁ་གསལ་པོ་དང་ཕྱི་གསལ་ནང་གསལ་ཞིག་ཡིན་སྟབས། གནས་སྟངས་དེ་ཁྱེད་ཚོས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད། བོད་ཀྱི་དཀའ་ངལ་སེལ་ཆེད་རྒྱ་གཞུང་གིས་བོད་མི་དང་ལྷན་དུ་གྲོས་མོལ་བྱ་རྒྱུར་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད། བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཐོག་ང་ཚོར་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་འདུག

གསར་འགོད་པས་མགྲིན་ཚབ་པར་གཞུང་ཚབ་ཆེན་མོ་མཆོག་ད་ལྟ་ཨ་རིའི་ནང་བཞུཊ་ཡོད་མེད་དང་ཁོང་གིས་རྔ་བའི་འཚམས་གཟིཊ་སྐོར་གྱི་ཉམས་མྱོང་ཨ་རིའི་གྲོས་ཚོཊ་འཐུས་མི་དང་། ཨ་རིར་གནས་སྡོད་བོད་མི་ཚོར་གསལ་བཤད་གནང་མིན་སྐོར་དྲིས་པར། ཨ་རིའི་གྲོས་ཚོགས་འཐུས་མི་སུ་ཞིག་རྒྱ་ནག་ཏུ་ཕེབས་སྐབས། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་མཆོག་དང་མཇལ་འཕྲད་གནང་བཞིན་ཡོད་ལ། དུས་རྒྱུན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་བགྲོ་གླེང་ཡོང་བཞིན་ཡོད་པ་མ་ཟད།གནད་དོན་དེའི་སྐོར་རྒྱ་གཞུང་དང་ཇི་ལྟར་གླེང་དགོས་མིན་སྐོར་གོ་བསྡུར་ཡོང་བཞིན་ཡོད་ཅེས་གསུངས་ཡོད་འདུག

ཡང་གསར་འགོད་པས་ཁོང་མོར་གཞུང་ཚབ་པ་བོད་ཀྱི་ས་ཁུལ་དུ་ཉིན་གྲངས་ཇི་ཙམ་བཞུཊ་ཡོད་མེད་དང་། རྔ་བ་ཁུལ་དུ་འཚམས་གཟིགས་སྐབས་རྒྱ་གཞུང་གིས་ཁུལ་དེར་དམ་དྲག་ཆེན་པོ་བྱེད་བཞིན་པར་གཟིགས་ཚུལ་ཅི་ཡོད་སྐོར་དྲིས་པར། ཨ་རིའི་མགྲིན་ཚབ་པས་ལན་འདེབས་གནང་ཡང་གནང་མི་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 6

  1. རྔ་རྒྱལ། says:
    ལོ་ 13 སྔོན།

    གསར་འགོད་པ་དང་རྩོམ་སྒྲིག་པ་ཚོ་གུ་ཡངས་ལྟ་བུར་ཚོར་བས་དགའ་ཡོད། རྒྱུ་མཚན་གོང་དུ་རྔ་བ་དང་རྔ་པའི་ཁྱད་པར་ཐད་བསམ་འཆར་བཏོན་པར་ཨུ་ཚུགས་མ་བརྒྱབས་པར་ཐད་ཀར་བཅོས་ཡིན།

    Reply
  2. རྔ་རྒྱལ། says:
    ལོ་ 13 སྔོན།

    གསར་འགོད་པས་འདིར་གསར་འགྱུར་གལ་ཆེན་ཞིག་སྤེལ་བར་དགའ་བསུ་ཞུ། དེ་བཞིན་དྲ་གྲོགས་ཚོས་རང་རང་གི་ལྟ་ཚུལ་བརྗོད་པ་རང་དབང་རེད། འོན་ཀྱང་ད་ལྟའི་བོད་ཀྱི་གནས་སྟངས་དང་ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིག་ན་རྔ་བ་དང་རྔ་པ་བརྩད་ནས་འདུག་རན་མིན་པར་རང་དབང་དང་རང་བཙན་བརྩོད་དགོས་པའི་དུས་ལ་སླེབས་ཡོད། ད་དུང་བོད་ནང་གི་བདེ་སྡུག་དེ་ཇི་ལྟར་བྱས་ན་སེལ་ཐབས་དང་། ཁོ་ཚོའི་བསམ་དོན་གཙོ་བོ་ག་རེ་ཡིན་པའི་སྐོར་ལ་ཐུགས་སྣང་མཛོད།

    Reply
  3. བློ་བཟང་ཕུན་ཚོགས། says:
    ལོ་ 13 སྔོན།

    ཨ་རིའི་གཞུང་ཚབ་ཆེན་པོ་བ་བོད་ནང་གཟིགས་སྐོར་དུ་ཕེབས་པར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་ཡིན་རྒྱུ་ཡིན།རྒྱུ་མཚན་ནི་བོད་ནང་གི་གནས་ཚུལ་ཁྱེད་ཀྱིས་གསལ་བོ་མཁྱེན་ཡོད་ངེས་རེད་ལ།ཁྱེད་ཀྱིས་གང་ཤེས་པ་དེ་དག་ཨ་རིའི་སྲིད་འཛིན་གཙོས་འབྲེལ་ཡོད་མི་སྣ་ལ་ཞུ་རྒྱུ་རེད།ཡིན་ན་ཡང་མཁྱེན་རྟོགས་ཡོད་ཙམ་གྱི་མི་ཕན་ཀི་ཡ།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    གསར་འགོད་པ་དཔལ་ལྡན་ལགས། རྔ་པ་མ་རེད་རྔ་བ་རེད ཨོ་ན་ཁྱོད་ཀྱིས་བཤད་ན་ ཨ་རིའི་གཞུང་ཚབ་མི་སྣ་ཨ་མདོ་རྔ་པ་ཟེར་པའི་ས་ཆ་གང་དུ་སོང་འདུག་གམ ཉེ་ལམ་དབྱིན་ཡིག་གི་གསར་ལམ་ཁ་ཤས་སུ རྒྱ་ནང་གི་ཨ་རིའི་གཞང་ཚབ་མི་སྣ་རེ་ཨ་མདོ་རྔ་བར་སོང་རབ་འདུག་མ་གཏོགས་རྔ་པ་ཟེར་པ་ཞིག་མ་གོ དཔལ་ལྡན་ལགས་ རྔ་བ་ཟེར་བ་ཡིད་མི་ཆེས་ན་སྔོན་ལ་རྔ་བ་ཞེས་པའི་ཐ་སྙད་རེད་དམ་རྔ་པ་རེད་ལོ་རྒྱུས་ཁག་ཏུ་ཞིག་བལྟ་རོགས། གསར་འགོད་པ་ཡིན་ནའང་ལག་ཏུ་གང་ཡོང་གང་བྱུང་བྲིས་ན་འགྲིག་གི་མ་རེད། གསར་འགོད་པའི་འགན་འཁྲི་རྡོག་རུལ་མ་གཏོང་རོགས་ཞུ། རྔ་པ་དང་ཨ་པ་ (Ngaba & Aba ) དེ་ཚོ་རྒྱ་ནག་གི་ཚིག་ཅིག་ཡིན་པས་རྗེས་ཕྱོགས་གཟབ་གཟབ་བྱས་ན་བཟང་གི

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    གསར་འགོད་པ་དཔལ་ལྡན་ལགས་ཀྱིས་གསར་འགྱུར་བཀོད་པར་ཐུགས་རྗེ། འོན་ཀྱང་གསར་འགོད་པས་ཨ་མདོ་རྔ་པ་ཟེར་པ་རྦད་དེ་ནོར་རེད། ཨ་མདོ་རྔ་པ་ཟེར་པ་མ་རེད ཨ་མདོ་རྔ་བ་ཟེར་པ་རེད། གང་ཡིན་ན་རྔ་པ་དང་ཨའ་པ ( ngaba and Aba) ཟེར་བ་གཉིས་ནི་རྒྱ་ནག་གི་བཤད་སྟངས་ཞིག་ཡིན་པ་ལས་བོད་རང་གི་ལོ་རྒྱུས་དང་མདོ་སྨད་ལོ་རྒྱུས་གང་ལ་བལྟས་ནས་བཤད་པ་རྔ་པ་ཟེར་པ་ཞིག་གཏན་ནས་མེད། དཔལ་ལྡན་ལགས། སྐུ་ཉིད་ཡིད་མ་ཆས་ན་སྔོན་ལ་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་རྔ་བའི་སྐོར་ལ་ཞིག་བལྟས་ནས་རྔ་བའི་ཕྱོགས་ཀྱི་ལོ་རྒྱུས་ལ་གཟིགས་རོགས། སྤྱིར་འུ་ཚོའི་ལས་ཀ་ལས་སྟངས་དེ་འདྲ་ཞིོག་རེད་ ཧ་གོ་ལ་མ་གོ་བར་མིང་དང་ཐ་སྙད་ལ་དོ་སྣང་མེད་པས་གང་བྱུང་ལབ་ན་ཡག་པོ་མི་འདུག     གང་ཡིན་ཟེར་ན བདག་གི་འཛིན་གྲོགས་ཕྱི་གླིང་པ་ཞིག་གིས་བདག་ལ་འདྲི་རྒྱུ་ ཨ་མདོ་ལ་རྔ་བ་དང་རྔ་པ་གཉིས་ཡོད་ས་རེད། གང་ཡིན་ཟེར་ན་གསར་ལམ་ཁག་ཏུ་ རྔ་བ་དང་རྔ་པ་ཟེར་མཁན་གཉིས་ཡོང་གིན་འདུག་ཟེར། བདག་གི་འགྲེལ་བརྗོད་ཅིག་བྱས་ཡོད་མོད། གསར་འགོད་པ་ཁ་ཤས་ཀྱིས་ཧ་གོ་ལ་མ་གོ་པར་གང་བྱུང་ལབ་ན ད་དེ་རིང་གི་ཚད་འདི་ལ་ལྷུང་འདུག རྔ་བ་ལ་རྔ་པ་དང་ ཡུལ་ཤུལ་ལ་ཡུལ་སྲོས་སོགས་ཧ་ཅང་མང་པས་གཟབ་གནད་བྱེད་རོགས་ཞུ་ཞུ།

    Reply
  6. ཡུལ་གྱར་བའི་མི་ཚེ། says:
    ལོ་ 13 སྔོན།

    ཨ་རིའི་གཞུང་ཚབ་བོད་ཀྱི་ས་ཁུལ་དུ་འཚམས་གཟིགས་ལ་འཕེབ་ཏེ་བོད་ཀྱི་དངོས་ཡོད་གནས་སྟང་ལ་རྟོགས་ཞིབ་བྱས་པའི་རྗེས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བའི་རེ་བ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese