ཁ་སང་སུད་སིར་བོད་ནང་གི་བོད་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད། ཡུལ་དེའི་སའོ་ལོ་ཐོན་ནས་འཛུ་རིག་གྲོང་ཁྱེར་བར་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་མགོ་འཛུཊ་གནང་འདུག
ཁ་སང་ཕྱི་ཚེས་ ༣༠ ཉིན་སུད་སི་སའོ་ལོ་ཐོན་བོད་རིཊ་མཐུན་ཚོགས་ཀྱི་གོ་སྒྲིག་འོག དེར་ཡོད་བོད་མི་ ༡༤ ལྷག་གིས་སུད་སི་སའོ་ལོ་ཐོན་ས་གནས་ནས་འཛུ་རིག་གྲོང་ཁྱེར་བར་ཞི་བའི་གོམ་བགྲོད་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་འདུག དེའི་ཐད་ལས་འགུལ་གོ་སྒྲིག་པ་བསོད་ནམས་དར་རྒྱས་ལཊ་ཀྱིས་བརྗོད་དོན་ལྟར་ན། ཐེངས་འདིའི་ལས་འགུལ་དེ་ནི། བོད་ནང་ད་ལྟའི་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༦༢ ཡིས་རང་ལུས་མེར་བསྲེཊ་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་དང་། བོད་མི་དེ་དག་གིས་༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་དང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་བཞིན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུ་ཆེད་བཅས་ཡིན་འདུག
ལས་འགུལ་གོ་སྒྲིག་པས་བརྗོད་པ་ལྟར་ན། སུད་སི་སའོ་ལོ་ཐོན་ས་གནས་ནས་འཛུ་རིག་གྲོང་ཁྱེར་བར་ལེ་དབར་ ༦༤ ཙམ་ཡོད་འདུག་ལ། ཉེ་ལམ་ལས་འགུལ་དེར་ཁྱོན་མི་ ༤༠ ལྷག་མཉམ་ཞུགས་བྱས་ཡོད་ཀྱང་། ལམ་བར་གྱི་སྡོད་གནས་གོ་སྒྲིག་གི་དཀའ་ངལ་སོགས་ལ་གཞིགས་ཏེ། ད་ཆར་བོད་མི་ ༡༤ དངོས་སུ་གོམ་བགྲོད་ནང་མཉམ་ཞུཊ་བྱེད་ཀྱི་ཡོད་འདུག ད་ཆར་ས་གནས་དེར་ཁ་བ་བབས་པའི་རྐྱེན་གྱིས་གནམ་གཤིས་གྲང་མོ་ཆགས་ཡོད་ཀྱང་། གོམ་བགྲོད་པ་ཚོས་གདོང་ལེན་བྱས་ཏེ་མ་འོངས་པའི་ཉིན་གྲངས་ ༣ ནང་འཛུ་རིག་ཏུ་འབྱོར་ཐུབ་པར་བྱ་རྒྱུ་ཡིན་འདུག
དེ་བཞིན་ཕྱི་ཟླ་ ༡༡ པའི་ཚེས་ ༡ ཉིན་ཡུ་རོབ་ཁུལ་གྱི་བདེན་པའི་མེ་ལྕེ་དེ་སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་འབྱོར་རྒྱུ་ཡིན་སྟབས། གོམ་བགྲོད་པ་ཚོས་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་ལ་རྒྱབ་སྐྱོར་ཆེད། སའོ་ལོ་ཐོན་ནས་འཛུ་རིག་བར་དུ་ཡུལ་མི་ཚོར། བོད་ཀྱི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་ས་ཡིག་བསྡུ་རུབ་བཅས་ཀྱི་ལས་འགུལ་སོཊ་སྤེལ་འཆར་ཡོད་འདུག
གནས་ཚུལ་མཁོ་གཏོང་བ། སུད་སི་གནས་སྡོད་པ་ཀླུ་རྒྱལ་དོན་འགྲུབ།
བོད་ནང་ད་ལྟའི་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༦༢ ཡིས་རང་ལུས་མེར་བསྲེཊ་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་དང་། བོད་མི་དེ་དག་གིས་༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་དང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་བཞིན་པ་་་་་་་་་་་་་་་་་་་
ཡག་པོ་འདུག ང་ཚོ་འདི་ལྟར་འགུལ་དགོས་པ་ལས་བསྡད་ཚོད་མེད་པ་རེད།
བདེན་པའི་མེ་ལྕེར་དམིགས་བསལ་དོ་སྣང་ལས་འགུལ་གནང་བ་ནི་དེ་བས་ཀྱང་བསྔགས་འོས་སོ།།
སྐུ་གཟུགས་ལ་ཐུགས་ལྕག་གནང་དགོས་སོ།།
ལམ་བདེ་འོ།།