མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་ཁྲིམས་ཞིབ་གསར་འཛུཊ་དང་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ་ཕྱིར་བསྡུ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་གཉིས་གསར་འཛུཊ་དང་། རྒྱ་གར་ནང་གི་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ་ཁང་རྣམས་ཕྱིར་བསྡུ་གནང་ཡོད་འདུག

ཉེ་ལམ་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་གཉིས་གསར་འཛུཊ་དང་། རྒྱ་གར་ནང་གི་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ་ཁང་རྣམས་ཕྱིར་བསྡུ་གནང་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་འདི་གའི་གསར་འགོད་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བསྐྱོད་དེ། ཁྲིམས་དྲུང་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལཊ་སུ་གནས་སྟངས་དེའི་ཐོག་བཀའ་འདྲི་ཞུས་པར། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་༢༠༠༡ ལོར་སྡེ་ར་ལྡུན་ཁུལ་དུ་བྱང་ཕྱོཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གསར་འཛུཊ་དང་། ༢༠༠༣ ལོར་སྦེལ་ཀོབ་ཏུ་ལྷོ་ཕྱོཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གསར་འཛུཊ་གནང་ཡོད་འདུག་ལ། དེ་བཞིན་ད་ལོའིོ་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ལ་དྭཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དབུ་འབྱེད་དང་། ཕྱི་ཟླ་ ༡༡ ནང་ཤར་ཕྱོཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གསར་དུ་དབུ་འབྱེད་གནང་འཆར་ཡོད་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྒྱ་གར་ནང་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ་ཁང་རྣམས་ཕྱིར་བསྡུ་གནང་དོན་གཙོ་བོ་ནི། ཁྲིམས་འཛིན་ལྷན་ཚོཊ་ཐེངས་གཉིས་པའི་ཐོག་༸གོང་ས་མཆོག་གིས་གཞིས་ཆཊ་ཁག་ཏུ་གཞིས་མི་ཚོས་གཞིས་མགོར་ཁ་མཆུ་རྒྱག་དགོས་བྱུང་ན། གཞིས་མགོས་ཁྲིམས་ཀྱི་ལས་ཀ་གཅིག་ལྕོཊ་བྱ་རྒྱུར་དཀའ་ངལ་ཡོད་ཚུལ་ནན་བརྗོད་གནང་བ་དང་། ས་གནས་མགོ་འཛིན་ཚོར་ཡང་སོ་སོའི་ཉིན་རེའི་འཛིན་སྐྱོང་ལས་འགན་ཐོག་བྲེལ་བ་ཡོད་སྟབས། ས་གནས་ཁྲིམས་ཞིབ་པའི་ལས་དོན་བསྒྲུབ་པའི་དུས་ཚོད་མེད་པ་དང་། ཕྱོཊ་གཞན་ཞིག་ནས་ས་གནས་མགོ་འཛིན་རྣམ་པ་ཡང་ཡང་གནས་སྤོ་བྱས་ཏེ། གཞིས་མགོར་གཏན་འཇགས་ཀྱི་ཁྲིམས་ལུཊ་སྦྱོང་བརྡར་ཐོབ་མཁན་རག་གི་མེད་སྟབས། མང་ཚོཊ་ཀྱིས་ཁ་མཆུ་ཞུ་གཏུག་སྐབས་དཀའ་ངལ་རིམ་པར་འཕྲད་པ་བཅས་ལ་བརྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ཡིག་རྩ་འཛིན་གཞིར་བཟུང་ཕྱིར་བསྡུ་གནང་བ་ཞིག་ཡིན་འདུག

ཉེ་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསར་དུ་གཏན་འབེབས་གནང་བའི་ནང་། རྒྱ་གར་བྱང་ཕྱོཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌གི་ཁྱབ་ཁོངས་སུ། སྡེ་ར་ལྡུན་དང་ར་ཇ་པུར་བུད་མེད་མཉམ་ལས། ཧར་པ་པུར་འདོད་རྒུ་གཡུལ་རྒྱལ་གླིང་། སྤོན་ཊ་ཆོལ་གསུམ། སྤུར་ཝ་ལ་ས་སྐྱ། ས་ཊོན་ཀ་ཐོག ཀུམ་རའོ། སྦིར་བོད་ཚོཊ། སྦིར་སྡེ་དགེ ཅོན་ཏ་ར་ནང་ཆེན། བཀྲ་ཤིས་ལྗོངས། མན་ཌི། ཀུ་ལུ་དཔལ་རབ་གླིང་། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་། ཌོ་ལན་ཇི་བོན་གཞིས། ཌལ་ཧོར་ཕུན་ཚོགས་གླིང་། ངྷ་རམ་ས་ལ། ལྡི་ལི་བསམ་ཡས་གླིང་སོཊ་གཞིས་སྒར་ཁག་གི་ས་གནས་མགོ་འཛིན་ཁྱབ་ཁོངས་བོད་མི་དང་བྱང་ཕྱོཊ་བོད་མི་བཅས་ཡིན་འདུག རྒྱ་གར་ལྷོ་ཕྱོཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌གི་ཁྱབ་ཁོངས་སུ་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་། སྦེལ་ཀོབ་བདེ་སྐྱིད་སླར་གསོ། ཧོན་སུར་རབ་རྒྱས་གླིང༌། ཀོ་ལི་གྷལ་དོན་ལྡན་གླིང༌། མོན་གྷོ་འདོད་རྒུ་གླིང༌། སྦེང་ལོར་ལྷོ་སྤྱི། སྦན་ད་ར་ནོར་རྒྱས་གླིང་སོཊ་གཞིས་སྒར་ཁག་གི་ས་གནས་མགོ་འཛིན་ཁྱབ་ཁོངས་བོད་མི་དང་ལྷོ་ཕྱོཊ་ཁ་འཐོར་བོད་མི་བཅས་ཟླ་སྒྲིལ་བཏང་ཡོད་འདུག

རྒྱ་གར་ཤར་ཕྱོཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌གི་ཁོངས་སུ། མན་སྤར་ཕན་བདེ་གླིང༌ཨོ་རི་ས་ཕུན་ཚོགས་གླིང༌། རྡོར་གླིང་། ཀ་སྦུག སྒང་ཏོག ར་ཝང་ལ་ཀུན་ཕན་གླིང༌། བསུ་ན་མདའ་བཀྲ་ཤིས་གླིང་། འབུམ་སྡེ་ལ། བསྟན་འཛིན་སྒང་། ཏེ་ཛུ་དར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང༌། ཤི་ལོང་སོཊ་གཞིས་སྒར་ཁག་གི་ས་གནས་མགོ་འཛིན་ཁྱབ་ཁོངས་བོད་མི་དང་། ཤར་ཕྱོཊ་ཁུལ་གྱི་ཁ་འཐོར་བོད་མི་བཅས་ཡིན་འདུག ལ་དྭཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌གི་ཁོངས་སུ། རྒྱ་གར་ལ་དྭགས་ས་གནས་མགོ་འཛིན་ཁྱབ་ཁོངས་ཀྱི་བོིད་མི་དང་འཇའ་མུ་ཀ་ཤི་སྨིར་མངའ་ཁུལ་དུ་ས་གནས་བོད་མི་བཅས་ཚུད་ཡོད་འདུག

དེ་བཞིན། བལ་ཡུལ་འཇོ་ཁེལ་བསམ་འགྲུབ་གླིང་བོད་མིའི་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ་ཁང༌གི་ཁོངས་སུ། འཇོ་ཁེལ་བསམ་འགྲུབ་གླིང༌དང་བལ་ཡུལ་རྒྱལ་ས་དང་འཕཊ་ཤིང་། མཆོད་རྟེན་དང་འཇོར་སྤ་ཊི། ར་སོ་བ་དགེ་རྒྱས་གླིང་། ཤར་ཁུམ་བདེ་ལེཊ་གླིང་། ཝ་ལུང་བསམ་འཕེལ་གླིང་། གློ་ཚེ་རོཊ་རྣམ་རྒྱལ་གླིང་སོཊ་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་ཁྱབ་ཁོངས་དང་ཁ་འཐོར་བོད་མི་རྣམས་ཡིན་འདུག སྤོག་ར་གློ་སྒྲིག་བོད་མིའི་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ༌ཁོངས་སུ་གློ་སྒྲིག་བྱམས་དཔལ་བཀྲ་སྒང་གསུམ་གྱི་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི། སྤོག་ར་བཀྲ་ཤིས་དཔལ་འཁྱིལ་བོད་མིའི་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ་ཁོངས་སུ། སྤོག་ར་བཀྲ་ཤིས་དཔལ་འཁྱིལ་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི། སྤོག་ར་བཀྲ་ཤིས་གླིང་བོད་མིའི་གཅིག་ལྕོཊ་ས་གནས་ཁྲིམས་ཞིབ་ཁོངས་སུ། སྤོག་ར་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མི། སུད་སི་གཅིག་ལྕོཊ་བོད་མིའི་ས་གནས་ཁྲིམས་ཞིབ་ཁོངས་སུ་སུད་སི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་བོད་མི་བཅས་ཚུད་ཡོད་འདུག

གསར་འགོད་པས་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལཊ་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་འགན་གཙོ་བོ་ག་རེ་ཡིན་མིན་དང་། གནས་བབ་ཀྱི་ཆ་ནས་ལས་འགན་བསྒྲུབ་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་འཕྲད་ཀྱི་ཡོད་མེད་སྐོར་དྲིས་པར། “ཁྲིམས་ཞིབ་ཁང་གི་ལས་འགན་གཙོ་བོ་སྤྱི་ཚོཊ་དྲང་བདེན་དང་འདྲ་མཉམ་སྲུང་སྐྱོབ། བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བཅས་རེད། བཙན་བྱོལ་གནས་བབ་འོག་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མི་འགལ་བའི་ཐབས་ལམ་གཙོར་བཟུང་བྱ་དགོས་ཀྱི་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཁྲིམས་ཞིབ་ཁང་འོག་མ་ཁག་ལ་ད་བར་ལས་འགན་སྒྲུབ་མ་ཐུབ་པའི་དཀའ་ངལ་དེ་འདྲ་བྱུང་ཡོད་པ་མ་རེད། ཁྲིམས་ཡིག་གཞིར་བཟུང་སྟེ་ལས་འགན་སྒྲུབ་སྐབས་བོད་མི་རེ་ཟུང་གིས་གནས་དུས་ཚོད་རྩིས་བྱས་ཏེ། ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཉམས་དང་ལེན་མ་བྱེད་པ་དང་། ཐ་ན་ཁྲིམས་ཞིབ་ཁང་དང་ཁྲིམས་ཞིབ་པ་ཡུལ་ཁྲིམས་ལ་གཏུག་མཁན་དེ་འདྲ་རེ་ཟུང་བྱུང་ཡོད། ”ཅེས་བརྗོད་དེ།  སྤྱིའི་ཆ་ནས་བཤད་ན། མང་ཚོཊ་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་རྒྱལ་ཁབ་ཀྱི་མངའ་དབང་བསྒྱུར་རྒྱུ་དེ། ཁྲིམས་ལུཊ་ཀྱི་བྱེད་ནུས་མངོན་གསལ་དོད་ཤོས་གཉིས་ཡིན་ལ། བཙན་བྱོིལ་གནས་བབ་ལ་ཆ་བཞག་ན། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཁོངས་ཁྱབ་ཚད་འོག་སྟབས་བསྟུན་བྱ་དགོས་སྟབས། རང་བཙན་ཡོད་པའི་རྒྱལ་ཁབ་བཞིན་ཁྲིམས་ལུཊ་ཀྱི་ནུས་སྟོབས་ཆ་ཚང་ཞིག་ལག་བསྟར་ཐུབ་ཐབས་མེད་ཀྱང་། བོད་མིའི་སྒྲིག་འཛུཊ་ཀྱི་མངའ་ཁོངས་སུ་གཏོཊ་པའི་བོད་མི་ཚང་མས་བཙན་བྱོལ་བོད་མིའི་ཁྲིམས་ཡིག་ལ་བརྩི་སྲུང་དང་ཉམས་ལེན་ཅི་ཙམ་ཞུ་ཐུབ་པ་དེ་ཙམ་གྱིས། བཙན་བྱོལ་བོད་མིའི་ཁྲིམས་ཀྱིས་ཀྱང་མང་ཚོཊ་ལ་ཞབས་ཞུ་དང་ཕན་ཐོཊ་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་སོང་།

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི། ༡༩༩༢ ལོའི་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་གསར་འཛུཊ་གནང་བ་ཞིག་ཡིན་འདུག་ལ། ད་ཆར་ཁྲིམས་ཞིབ་ཁང་དེར་ཟུར་འཛུཊ་ས་གནས་ཁྲིམས་ཞིབ་ཁང་ ༤ དང་། གཅིག་ལྕོཊ་ས་གནས་ཁྲིམས་ཁང་ ༥། ད་བར་ཁྲིམས་ཞིབ་ཁང་ལ་ཁྲིམས་རྩོིད་པའི་དེབ་སྐྱེལ་བྱེད་མཁན་ ༡༠༦ ཙམ་བྱུང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༧༡ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༦ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 1

  1. ཤག་སྒང་པ། says:
    ལོ་ 14 སྔོན།

    རེད། ཁ་སང་ང་ཚོ་བྷེལ་ཀོབ་ས་གནས་ཁྲིམས་ཞིབ་ཁང་དུ་སློབ་ཕྲུག་འཁྲིད་ནས་ངོ་སྤྲོད་མདོར་བསྡུ་ཞིག་གནང་རོགས་ཞུས་པ་ཡིན། སྐབས་དེར་ཁྲིམས་དཔོན་ལགས་ཀྱིས་འགྲེལ་བཤད་ལ་གཞིགས་ན་ད་ལྟ་བར་ས་གནས་ཁྲིམས་ཞིབ་ཁང་དུ་ཁ་མཆུ་གསུམ་ལས་བྱུང་མི་འདུག

    བྷེལ་ཀོབ་མི་ཚོས་ཁ་མཚར་གྱིས་སྟོང་པ་གསུམ་བརྩི་སྲོལ་ཡོད་པ་ལས་གཅིག་རེད།

    ད་ལྟ་ས་གནས་འགོ་འཛིན་གཅིག་ལྕོགས་ཕྱིར་བསྡུས་གནང་བ་དེས་གཅིག་ན་གཙང་མ་དང་། ས་འགོའི་རྙོག་ཁྲའི་སྒམ་ཆེན་སྒོ་བརྒྱབ་པས་ལེགས་པོ་ཆགས་པ་རེད།

    གཉིས་ནས་ས་གནས་བཞི་དང་ཉེ་འཁོར་མ་གཏོགས་ས་ཐག་རིང་པོ་དེ་འདྲ་ནས་ནང་ཁུལ་ཁ་མཆུ་བརྒྱབ་ཏུ་འགྲོ་མཁན་ཧ་ཅང་དཀོན་པོར་ངེས་པས་རྨོ་རྨོའི་བག་ལེབ་འཚོང་སའི་སྒྲུང་བཞིན་དུ་མི་འགྱུར་གྱི་ངེས་པ་མེད་སྙམ།

    ང་ཚོར་འགྱུར་བ་དགོས་ཤིང་གྱུར་བ་ནས་ཡར་རྒྱས་དགོས་པར་འདོད་དོ།།

    ལེགས་པོ་རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese