མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱིས་བོད་དོན་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་མི་སྣ་ཕའེ་ལའེ་ལགས་ཀྱིས། བོད་དོན་ཐད་རྒྱ་གཞུང་ལ་འབོད་སྐུལ་གནང་ཡོད་འདུག 

དེ་རིང་ཕྱི་ཚེས་ ༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་ཆེས་མཐོའི་མི་སྣ་ཕའེ་ལའེ་ (Pillay) ལགས་ཀྱིས་བསྒྲགས་གཏམ་སྤེལ་ཏེ།  རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་སྤྱད་དེ་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེས། ནམ་ཡང་བོད་མིའི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་བཟོ་ཐབས་བྲལ་བ་གསལ་བཤད་དང་སྦྲགས།   ཁོ་མོས་ “ བོད་མི་ཚོས་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཏེ།  འདི་ལྟ་བུའི་བཟོད་དཀའི་བྱེད་ཐབས་སྤྱོད་བཞིན་པ་ངས་ཤེས་ཚོར་ཐུབ་ཀྱི་འདུག” ཅེས་བརྗོད་དེ།  རྒྱ་གཞུང་གིས་བོད་མིའི་ཞི་རྒོལ་གནས་སྟངས་ཐད་ལྟ་སྟངས་རྣལ་མ་ཞིག་འཛིན་དགོས་སྐོར་ནན་སྐུལ་བྱས་འདུག 

བསྒྲགས་གཏམ་སྤེལ་སྐབས།  ལྕམ་ཕའེ་ལའེ་ལགས་ཀྱིས་རང་ལོ་ ༡༧ ཅན་གྱི་བོད་པའི་བུ་མོ་ཞིག་གིས་བོད་རང་དབང་སྐོར་གྱི་སྦྱར་ཡིག་བཀྲམས་པ་ལ་བརྟེན་ནས། ཁོ་མོར་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བྱས་པ་མ་ཟད། ལོ་ ༣ གྱི་དུས་བཀག་བཙོན་འཇུག་བྱས་ཡོད་པ་དམིགས་བསལ་གྱིས་གླེང་སློང་བྱས་པའི་ཐོག་ནས།  ཞི་བའི་ཐོག་ངོ་རྒོལ་བྱེད་མཁན་བོད་མི་རྣམས་བཀག་ཉར་དང་། གར་སོང་ཆ་མེད་དུ་གྱུར་བ། ཚད་ལས་བརྒལ་བའི་དྲག་གནོན་བྱས་པ།  བོད་མི་རིགས་ཀྱི་རིག་གཞུང་བདག་དབང་ལ་ཚད་བཀག་བྱེད་བཞིན་པ་བཅས་ཐེར་འདོན་བྱས་ཏེ། རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་བློ་འཚབ་ཡོད་སྐོར་བསྒྲགས་འདུག   

དེ་བཞིན།  ལྕམ་ཕའེ་ལའེ་ལགས་ཀྱིས་ “རྒྱ་ནག་གཞུང་གིས་ཞི་བའི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་བརྩི་འཇོག་བྱས་པའི་ཐོག་ནས།  ཉེས་མེད་འཇུ་བཟུང་འོག་བཙོན་དུ་ཚུད་ཡོད་པའི་བོད་མི་རྣམས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།”  ཅེས་བརྗོད་འདུག   

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

ཆུ་ཚོད་ ༢ སྔོན་ལ།
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༣ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།

མཆན། 5

  1. ཁམས་སྨྱུག་གསར་པ། says:
    ལོ་ 13 སྔོན།

    ཧ་ཧ། ཤུགས་ང་ཚོ་རང་རང་གིས་རྒྱག་དགོས་ཡ། གྲོགས་པོ་རྣམས་པ།

    Reply
  2. ལོག་འཇོམས་རལ་གྲི། says:
    ལོ་ 13 སྔོན།

    འདི་ནི་བདེན་པའི་རྒྱལ་སྐྱོར་བདེན་དོན་གྱིས་མཛད་དེ་རྫུན་པའི་སྐྱོན་འཚང་ཕྱི་རུ་བྲུས་པའི་དཔེ་མཚོན་ཞིག་ཡིན་ལ། དེའི་ཐོག་ནས་ལྕམ་ཕའེ་ལའེ་ལགས་ནི་བདེན་དོན་སྐྱོང་མཁན་ཞིག་ཡིན་པའི་ར་འཕྲོད་བྱུང་བ་རེད།

    བདེན་དོན་གྱི་བློ་མིག་ཡོད་མཁན་གྱི་སྐྱེས་བུ་ཚོས་འདི་ལྟར་བྱེད་འོས་པ་ཡིན། དགེ་ཆོས་ཀྱིས་ཀྱང་། སྐབས་རེ་བདེན་པའི་རྒྱུ་མཚན་དཔང་བཅོལ་ནས།། གཟུ་བོས་དྲང་གཏམ་ཙམ་རེ་སྨྲ་བར་མཛོད།། གསུང་པ་བཞིན་ལགས།

    འོན་ཀྱང་བོད་པ་གཞན་དག་སྟོབས་ཆེན་སུ་ཞིག་གིས་སྐྱབས་པར་རེ་བ་ལས་རང་གི་འགུལ་སྐྱོད་བྱེད་མི་ནུས་ཤིང་། གཞན་གྱི་བྱས་རྗེས་ལ་ཁ་འབའ་ཞིག་གདང་སྟེ་སྡོད་མཁན་དག་ལ་ནམ་ཡང་རྒྱལ་ཁ་དབང་དཀའ་བར་འདོད།།

    Reply
  3. རྩྭ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    ལྕམ་ཕེའི་ལའེ་ལེགས་གྱི་དྲང་བདེན་ཀྱི་གསུང་བཤད་འདི་རྒྱལ་ལོ་

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཨ་ཞེ་ཁྱེད་ཁ་དྲོ། ད་དུང་མུ་མཐུད་ཤུག་རྒྱོབས།

    Reply
  5. ཤག་སྒང་པ། says:
    ལོ་ 13 སྔོན།

    དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་གཙོས་དེ་རིང་བར་གྱི་དཔའ་བོ་རེ་གཉིས་ཐམས་ཅད་ལ་བཀའ་དྲིན་ཆེ་ཞུས།

    བདེན་པ་རྒྱལ་གྱུར་ཅིག

    བོད་ཁམས་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese