མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་བསམ་བློ་གཡུཊ་ཏེ་ཏང་སྒྲིག་བསྐྱར་བཅོས་གླེང་།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དམར་ཤོག་སྐབས་ ༡༧ ཚོགས་འདུ་ཐ་མ་མཇུག་སྒྲིལ་ཡོད་ལ། ཚོགས་འདུའི་སྤྱི་བསྒྲགས་ནང་མའོ་ཡི་བསམ་བློ་གླེང་མེད་པ་དང་། ཞིས་ཡིས་དམར་ཤོག་སྒྲིག་ཡིག་བསྐྱར་བཅོས་ཐད་གསལ་བཤད་བྱས་ཡོད་འདུག

རྒྱ་གཞུང་དམར་ཤོག་སྐབས་ ༡༧ པའི་ཚོགས་འདུ་ཐེངས་ ༧ པ་དང་། རྒྱ་གཞུང་དབུས་རྩ་འཛུགས་ཞིབ་བཤེར་ལྷན་ཚོགས་སྐབས་ ༡༧ པའི་ཚོགས་འདུ་ཐེངས་ ༨ པ་གཉིས་ནི།  པེ་ཅིན་སྲང་དུ་ཕུག་རོན་གཏོང་མི་ཆོག་ལ་རླངས་འཁོར་གྱི་དྲ་སྒོའང་འབྱེད་མི་ཆོག་པའི་ཧ་ཅང་དམ་དྲགས་ཀྱི་གནས་བབ་ཅིག་གི་འོག་ཡོང་བསྒྲགས་མ་ཡིན་པའི་ཐོག་ཚོགས་ཏེ།   ཟླ་འདིའི་ཕྱི་ཚེས་  ༤ ཉིན་མཇུག་སྒྲིལ་ཡོད་པ་མ་ཟད། གཟའ་ཉི་མའི་དགོང་མོར་ཞིན་ཧྭ་གསར་ཁང་གིས་ཚོགས་འདུ་མཇུག་སྒྲིལ་ཟིན་པའི་གནས་ཚུལ་ཞིག་སྤེལ་བ་ཙམ་མ་གཏོགས།  ཚོགས་འདུ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་དང་།  གསར་འགོད་པར་བཅར་འདྲིའི་གོ་སྐབས་སོགས་གང་ཡང་སྤྲད་མེད་པ་རེད། 

ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།  ཚོགས་འདུའི་ཐོག་སྐབས་ ༡༨ པའི་དམར་ཤོག་ཚོགས་འདུའི་ཐོག་གི་སྙན་ཐོ་དང་། རྒྱ་གཞུང་དམར་ཤོག་ཚོགས་པའི་སྒྲིག་ཡིག་བསྐྱར་བཅོས་ཡིག་ཆ་གཉིས།  དམར་ཤོག་སྐབས་ ༡༨ པའི་ཚོགས་འདུའི་ཐོག་གྲོས་སྡུར་གཏན་འབེབས་བྱ་རྒྱུ་ཐག་གཅོད་བྱུང་ཡོད་ཚུལ་དང་། ཞི་ཅིན་ཕེན་གྱིས་དམར་ཤོག་པའི་སྒྲིག་ཡིག་བསྐྱར་བཅོས་ཐད་གསལ་བཤད་བྱས་ཡོད་སྐོར་བཀོད་འདུག  ཐེངས་འདིའི་དམར་ཤོག་ཚོགས་འདུའི་སྤྱི་བསྒྲགས་ནང་ཏུན་གྱི་རིག་པའི་གཞུང་ལུགས་དང་ཅཱང་གི་མཚོན་བྱེད་གསུམ། ཧུའུ་ཡི་ཚན་རིག་འཕེལ་རྒྱས་ལྟ་བ་གསུམ་མ་གཏོགས།  མའོ་ཙེ་ཏུང་གི་བསམ་བློའི་སྐོར་གླེང་སློང་བྱས་མེད་སྟབས། ཕྱི་རྒྱལ་གསར་ལམ་ཁག་གིས་རྒྱ་གཞུང་དམར་ཤོག་སྐབས་ ༡༨ པའི་ཚོགས་འདུའི་སྟེང་།  ཉེ་སྔོན་གྱི་མའོ་ཡི་བསམ་བློ་དམར་ཤོག་པའི་སྒྲིག་ཡིག་ཁྲོད་ཕྱིར་ཕུད་ཀྱི་གླེང་སློང་དེ་དངོས་འབེབས་ཡོང་སྲིད་པའི་ཚོད་བགམ་བྱེད་བཞིན་ཡོད། ཕྱོགས་གཞན་ཞིག་ནས་གནས་སྟངས་འདིས་དམར་ཤོག་པའི་སྒྲིག་ཡིག་དང་རྩ་འཛུགས་ཀྱིས་ཁུངས་འཁྱོལ་གྱིན་མེད་མངོན་ཡོད། 

དེ་བཞིན། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཧི་ནན་ཀྲིན་ཀྲིག་གྲོང་ཁྱེར་གྱི་ཙི་ཅིན་རི་བོའི་ཐང་ཆེན་གྱི་མའོ་ཙེ་ཏུང་གི་འཇིམ་བརྙན་གྱི་རྒྱབ་ཕྱོགས་ནས།  ཚའོ་ཞོ་ཏུང་སོགས་རྒྱ་རིགས་ན་གཞོན་ ༤ ཡིས་མའོ་ཡི་པར་རིས་གཙབས་རལ་དུ་བཏང་ཡོད་པ་མ་ཟད།  ལས་འགུལ་དེ་དང་འབྲེལ་བའི་ཁོ་ཚོའི་འདྲ་པར་ཁག་གནས་འཕྲིན་དྲ་རྒྱའི་སྟེང་བཀྲམས་ཡོད་པ་དང་།  ཁོ་ཚོའི་ལས་འགུལ་དེར་དྲ་རྒྱའི་སྟེང་གླེང་སློང་ཤུགས་ཆེན་པོ་བསླེབ་བཞིན་ཡོད་སྟབས།  ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་ས་གནས་ཉེན་རྟོག་པས་ཚའོ་ཞོ་ཏུང་འཇུ་བཟུང་ཡོད་འདུག  དེ་མིན། ཉེ་སྔོན་རྒྱ་ནག་དམར་ཤོག་སྐབས་ ༡༨ པའོ་ཚོགས་འདུའི་གསར་འགོད་སྟི་གནས་སུ་སྒྲིག་བཤོམས་བྱས་ཡོད་པའི་ཀྲའོ་ཙི་ཡང་གི་པར་རིས་དེའང་ཕྱི་ཚེས་ ༢ ནས་ཕྱིར་བསྡུ་བྱེད་བཅུག་ཡོད་འདུག

ཐེངས་འདིའི་ཚོགས་འདུ་ནི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གིས་གོ་སྒྲིག་འོག་ཚོགས་ཡོད་ལ།  ཚོགས་འདུའི་ཐོག  རྒྱ་གཞུང་དབུས་དམར་ཤོག་འཐུས་མི་ ༢༠༠ དང་། རྗེས་སྣོན་འཐུས་མི་ ༡༦༥ ། རྒྱ་གཞུང་དབུས་རྩ་འཛུགས་ཞིབ་བཤེར་ལྷན་ཚོགས་ཀྱི་འཐུས་མི་དང་འབྲེལ་ཡོད་མི་སྣ་བཅས་ཚོགས་ཞུགས་བྱས་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱ་གཞུང་དབུས་རྩ་འཛུགས་ཞིབ་བཤེར་ལྷན་ཚོགས་ཀྱི་ཞིབ་བཤེར་སྙན་ཐོ་ལྟར།  པའོ་ཞི་ལའེ་དང་ལིག་ཀྲི་ཅོན་གཉིས་རྒྱ་ནག་དམར་ཤོག་ཚོགས་མིའི་ཁྲོད་ནས་ཕྱིར་ཕུད་གཏོང་རྒྱུ་ཐག་གཅོད་མོས་མཐུན་བྱས་ཡོད་འདུག 

སྐབས་དོན་དཔྱད་བརྗོད་པ་དག་གིས།  དམར་ཤོག་ཚོགས་མི་ནས་ཕྱིར་ཕུད་དང་། གཞུང་གི་ལས་གནས་ནས་ཕྱིར་ཕུད་གཉིས་ནི་རྒྱ་གཞུང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ངོས་ཐད་ནས།  དམར་ཤོག་དང་སྲིད་གཞུང་གཉིས་ཀྱིས་ངོ་བོ་གཅིག་ཏུ་གྱུར་ཡོད་པ་གསལ་བོ་མཚོན་ཡོད་ལ།  པའོ་ཞི་ལའེ་ཡི་གནད་དོན་ཅི་ལྟར་ཐག་གཅོད་མིན་དེ་ནི།  སྐབས་ ༡༨ པའི་ཚོགས་འདུའི་སྟེང་རྒྱ་གཞུང་གི་ཆེས་མཐོའི་དབང་འཛིན་མཁན་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་ ༧ ཡོང་བསྒྲགས་མིང་འདོན་བྱས་པའི་རྗེས།   ཞི་ཅིན་ཕེན་དང་ལི་ཁི་ཆང་གཉིས་ཀྱིས་སྣེ་ཁྲིད་པའི་དཔོན་རིགས་གསར་བ་ཚོའི་ལས་དོན་གལ་ཆེ་ཤོས་དེ་ཆགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག 

གཞན་ཡང་། ཚོགས་ཐོག་ཏུ་ཧྥན་ཀྲང་ལཱུང་དང་ཞིས་ཆི་ལཱེང་གཉིས་རྒྱ་གཞུང་དབུས་དམག་དོན་ལྷན་ཚོགས་ཀྱི་སྲིད་འཛིན་གཞོན་པར་སྐོ་བཞག་དང་།  རྒྱ་གཞུང་དབུས་དམར་ཤོག་འཐུས་མིའི་རྗེས་སྣོན་འཐུས་མི་ཝང་ཞའོ་ཅོན་དང་། ཝང་ཅན་ཕེན་གཉིས་འཐུས་མིའི་ཁྲོད་འདེམས་སྒྲུག་བྱས་ཡོད་སྐོར་བསྒྲགས་ཡོད་པ་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 3

  1. བསེ་རུ། says:
    ལོ་ 13 སྔོན།

    བཀུར་འོས་གསར་འགོད་པ་མཆོག་ལ།
    དུས་ཐོག་གི་ཆར་ལྟར་གསར་འགྱུར་འདི་རིགས་མཁོ་སྤྲོད་གནང་བ་བཀའ་དྲིན་ཆེ།

    “མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག” ཅེས་གནམ་སའི་བར་དུ་གྲགས་ཀྱང་།
    དེ་རིང་གི་གནས་སྟངས་འདི་མཐོང་དུས་”མའོ་ཡི་འདྲ་པར་ཙམ་ཡང་རྒྱ་ནག་ནང་ཡུན་གནས་ཐུབ་ཐབས་མེད་པ་འདྲ། ”
    རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཅན་དུ་གྱུར་ནའང་། བོད་་་་་་་་་་་?

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    ཞི་ཇེན་ཕེན་གྱི་སྲིད་འཛིན་བྱེད་སྐབས་ངའི་སེམས་ལ་རེ་བ་ཅུང་ཟད་ཡོང་གི་འདུག རྒྱུ་མཚན་ནི་གཞན་མིན་ད་སྐབས་ཞི་དང་ལྷན་དུ་དམར་ཤོག་ཀྱི་མགོ་ཁྲིད་བརྒྱ་ཆ་དྲུག་ཅུ་ལྷག་རྗེ་ལེན་བྱེད་ཀྱིན་ཡོད་ཚུལ་ཐོས་པས་དེ་ལྟར་ན་མི་རབས་གསར་བའི་དཔུང་ཁག་ཅིག་འགྲུབ་རྒྱུ་ཡིན་ཞིང་། དེས་ན་སྔོན་མ་ཅང་དང་ཧུ་སོགས་ཀྱི་སྐབས་སུ་ང་ཚོས་རེ་བ་བྱས་པ་དང་མི་འདྲ་བར་བསམ་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒྱ་ལ།
    རྒྱ་ལ་དམར་གསོད་ལག་དམར་ལོ་རྒྱུས་ཁེངས་ཡོད། ། །
    རྒྱ་ལ་ངན་དགུ་སྡུག་ཤི་མང་པོ་ཐེབས་ཡོད། །
    རྒྱ་ལ་མ་འོའི་རོ་འཁོགས་གཅིག་ཉིད་ལྷག་ཡོད།
    རྒྱ་ལ་ལྐོག་ཟ་རུལ་སུངས་གང་ནས་བསྡད་ཡོད། །

    གངས་ཕྲུག་གིས།
    གངས་ཕྲུག་ཨེ་གླིང་ཤར་ནུབ་གཡུ་རལ་ངོམས་ཡོད། །
    གངས་ཕྲུག་བསྟན་སྲིད་དོན་ལ་ལུས་སྲོག་བཏང་ཡོད། །
    གངས་ཕྲུག་མང་གྱར་ནང་བསྟན་རྩ་བ་བཟུང་ཡོད། །
    གངས་ཕྲུག་མང་པོས་ཞི་རྒོལ་མེག་སྲེག་བྱས་ཡོད། །

    བོད་ལ།
    བོད་ལ་གཞིས་བྱེས་མཉམ་འཛོམས་འོང་བའི་དུས་ཡོད། །
    བོད་ལ་རང་དབང་བདེ་སྐྱིད་ཤར་བའི་དུས་ཡོད། །
    བོད་ལ་ཆོས་རིག་དཔལ་འབྱོར་འཕེལ་བའི་དུས་ཡོད། །
    བོད་ལ་འཛམ་གླིང་ཞི་བདེ་སྤེལ་བའི་དུས་ཡོད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese