མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅཱང་དང་ཧུའུ་མཉམ་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་རྒྱ་དམར་སྐབས་ ༡༨ པའི་ཚོགས་འདུ་མགོ་བཙུགས་བྱས་ཡོད་ཀྱང་། ཧུའུ་ཡི་གཏམ་བཤད་ཁྲོད་སྐད་ཆ་གསར་པ་གང་ཡང་ཐོན་མི་འདུག

དེ་རིང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོ་ཟེར་པའི་ནང་དུ།  རྒྱ་དམར་སྐབས་ ༡༨ པའི་རྒྱལ་ཡོངས་དམར་ཤོག་ཚོགས་ཆེན་ཚོགས་ཡོད་ལ། ཁ་སང་ཚོགས་འདུ་སྟ་གོན་ནས་དེ་རིང་མགོ་འཛུགས་ཀྱི་ཉིན་གཉིས་རིང་།  བོད་ནང་དུ་བོད་མི་ ༦ གིས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ།  ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་སྤྲོད་དགོས་པའི་སྐད་འབོད་བྱས་ཡོད་པ་རེད། 

རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྤོར་དང་འབྲེལ་བའི་དམར་ཤོག་སྐབས་ ༡༨ པའི་རྒྱལ་ཡོངས་ཚོགས་འདུའི་སྟེང་།  ཅཱང་ཙེ་མཱེན་ནི་མགོ་ཁྲིད་གཙོ་བོ་ཨང་གཉིས་པའི་མིང་ཐོག་ནས་ཧུའུ་ཅིན་ཐའོ་དང་མཉམ་དུ་མགོ་ཁྲིད་སྟེགས་བུའི་སྟེང་བསྡད་ཡོད་པ་དང་། ཚོགས་འདུའི་དྲུང་ཡིག་ཆེན་མོར་ཞི་ཅིན་ཕེན་དང་། དྲུང་ཡིག་གཞོན་པར་ལཱུག་ཡོན་ཧྲན་དང་ལིས་ཡོན་ཁྲའོ། ལི་ཀྲན་ཧྲུའུ་གསུམ་བསྐོ་བཞག་བྱས་འདུག  དེ་བཞིན། ཐེངས་འདིར་དམར་ཤོག་མགོ་ཁྲིད་སྟེགས་བུ་སྟེང་།  དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་རྣམས་དང་། དབུས་དྲུང་ཆེ་ལྷན་ཚོགས་ཀྱི་འཐུས་མི། དམར་ཤོག་མགོ་ཁྲིད་ཟུར་པ་ཚོ་ལས་གཞན་ད་དུང་།  ཉེ་ཆར་གསར་དུ་བསྐོ་འཇོག་བྱས་པའི་རྒྱ་དམག་གི་མགོ་གཙོ་གཞོན་པ་ཧྥན་ཀྲང་ལུང་དང་ཞུས་ཆིས་ལཱིང་། ད་ལྟའི་དབུས་དམར་ཤོག་དྲུང་ཆེ་ལྷན་ཚོགས་ཀྱི་དྲུང་ཆེ་ཧའི་ཡུང་དང་ལཱེན་ཅིས་ཧྭ། ཝང་ཧུའུ་ཉཱིན་བཅས་ཀྱང་མགོ་ཁྲིད་ཀྱི་སྟེགས་བུའི་སྟེང་བསླེབས་ཡོད་འདུག

ཧུའུ་ཅིན་ཐའོ་ཡིས་ཚོགས་འདུ་མགོ་འཛུགས་ཀྱི་སྙན་ཐོ་ཀློག་འདོན་སྐབས།  བློ་བརྟན་འགྱུར་མེད་ཀྱིས་རྒྱ་གཞུང་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སུ་བསྐྱོད་དེ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་ཤུགས་བརྒྱག་རྒྱུ་དང་། ཚན་རིག་འཕེལ་རྒྱས་ལྟ་བ་དེ་དམར་ཤོག་པའི་ཡུན་རིང་རྒྱུན་འཛིན་བྱེད་དགོས་པའི་བསམ་བློའི་མཛུབ་སྟོན་ཡིན་པ་དང་། ཚན་རིག་འཕེལ་རྒྱས་ལྟ་བ་ནི་མཱ་ཁེ་སི་ལའེ་ཉཱན་རིང་ལུགས་དང་། མའོ་ཡི་བསམ་བློ། ཏུན་གྱི་རིག་པའི་གཞུང་ལུགས། ཅཱང་གི་མཚོན་བྱེད་གསུམ་བཅས་དང་ལམ་ཕྱོགས་གཅིག་གྱུར་ཡིན་སྐོར་བཤད་འདུག 

དེ་བཞིན།  ཧུའུ་ཅིན་ཐའོ་ཡིས་ཚོགས་ཐོག་ཏུ་རུལ་སུངས་ཀྱི་གནད་དོན་ནི། རྒྱ་གཞུང་དམར་ཤོག་གི་ཤི་གསོན་དང་འབྲེལ་བ་ཆགས་ཡོད་པ་དམིགས་འདོན་ཙམ་བྱས་ཡོད་ནའང་།  ཁོས་རྒྱ་གཞུང་གི་མ་འོངས་པའི་ལམ་ཕྱོགས་ཀྱི་ཐད་ནས་སྐད་ཆ་བཤད་སྐབས། མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་དམར་ཤོག་པའི་དབུ་ཁྲིད་རྒྱུན་འཛིན་ཐོག  རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་ལས།  གནའ་བོའི་སྒོ་འབྱེད་མ་ཡིན་པའི་ལམ་རྙིང་པ་དང་།  ལངས་ཕྱོགས་སྒྱུར་བཅོས་ཀྱི་ལམ་གསར་བ་གང་ལའང་བསྐྱོད་རྒྱུ་མིན་སྐོར་བཤད་ཡོད་པ་རེད། 

རྒྱ་གཞུང་གི་གསར་ལམ་ཁག་ཏུ་སྐབས་ ༡༨ པའི་ཚོགས་འདུའི་གླེང་གཞི་གཙོ་བོར།  སྐབས་ ༡༨ པའི་ལས་དོན་སྙན་ཐོ་དང་། རུལ་སུངས་བཀག་སྡོམ། དམར་ཤོག་སྒྲིག་ཡིག་བསྐྱར་བཅོས་སོགས་དྲིལ་སྒྲོག་བྱེད་བཞིན་ཡོད་པ་རེད། དམར་ཤོག་པའི་སྒྲིག་ཡིག་བསྐྱར་བཅོས་ཐེངས་སྔོན་མ་དེ་ཕྱི་ལོ་ ༡༩༨༢ ཟླ་ ༩ ནང་བྱས་ཡོད་འདུག  ཡིན་ནའང་། ཚོགས་འདུའི་མགོ་སློང་བའི་ཧུའུ་ཅིན་ཐའོ་ཡི་གཏམ་བཤད་དང་།  ཅཱང་ཙེ་མཱེན་ཐེངས་འདི་ཚོགས་ཐོག་ཏུ་དཔོན་རིགས་གཙོ་བོ་ཨང་གཉིས་པ་ཆགས་ཡོད་པ་བཅས་ལས།  རྒྱ་གཞུང་གི་ཆབ་སྲིད་ལ་དམིགས་བསལ་འགྱུར་བ་གང་ཡང་འགྲོ་ཐུབ་རྒྱུ་མིན་པ་མངོན་ཡོད་པ་རེད། དེ་བཞིན། སྲིད་དོན་དཔྱད་བརྗོད་པ་དག་གིས་ཀྱང་། ཆབ་སྲིད་བཅོས་སྒྱུར་གྱི་ཐད་ནས་འགྱུར་བ་ཆེན་པོ་ཞིག་འབྱུང་ཐུབ་རྒྱུ་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་གཞུང་སྐབས་ ༡༨ པའི་ཚོགས་འདུ་དེ་ཕྱི་ཚེས་ ༨ ནས་ ༡༤ ཚོགས་ཀྱི་ཡོད་ལ།  ཚོགས་འདུའི་གསར་འགོད་མགྲིན་ཚབ་པ་ཚེ་མཱེན་ཀྲའོ་ཡིས་བརྗོད་པ་ལྟར་ན། ཕྱི་ཚེས་ ༩ ནས་ ༡༢ བར་ཉིན་རེར་ཕྱི་ནང་གི་གསར་འགོད་པ་ཚོར་གསར་འགོད་ལྷན་ཚོགས་རེ་འཚོག་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།  

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 4

  1. འཇམ་གཅེས ། says:
    ལོ་ 14 སྔོན།

    ཨ་ཡོ་་་་ད་དུང་ང་ཚོར་ལ་རེ་བ་ཆེན་པོ་ཞིག་མེད་པ་འདྲ་བོ་བཤད་འདུག །བསྡུད་རྒན་དེས་་་་་ད་ཡིན་ལྟས་ངན་བརྒྱད་བཅུ་རྩ་བཞི། གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱིས་པའི་གདོན་ཆེན་བཅོ་བརྒྱད། བགེབས་རིགས་སྟོང་ཕྲག་བརྒྱད་བཅུ་སོགས་ཁྱོད་ཚོས་མགོ་སྟེང་དུ་བབས་པར་ཤོག །བྷྱོ་བྷྱོ་ཟློག་ཟློག་ཕཊ་ཕཊ་་་་་་མ་ར་ཡ་ཕཊ་་་་་་་་་་་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཅྰང་གི་གཅིན་པ་ཧྰུ་ཡིས། ཧུབ་འཐུང་བྱས་པ་ལྟར། ཧྰུ་ཡི་ཁུ་བ་ཞྰི་ཡིས་འཐུང་ཐུབ་བམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་་་ ཧུའུ་ཅིན་ཐའོ་ཡིས་ཚོགས་ཐོག་ཏུ་རུལ་སུངས་ཀྱི་གནད་དོན་ནི། རྒྱ་གཞུང་དམར་ཤོག་གི་ཤི་གསོན་དང་འབྲེལ་བ་ཆགས་ཡོད་པ་དམིགས་འདོན་ཙམ་བྱས་ཡོད་ནའང་། ་་་ཟེར།

    Reply
  4. ཤག་སྒང་པ། says:
    ལོ་ 14 སྔོན།

    ཡག་པོ་བྲིས་འདུག་གསར་འགོད་པ་ལགས། ཐུགས་རྗེ་ཆེ་གནང་།

    མགྱོགས་ཙམ་ཕེབས་རོགས་ང་ཚོ་བསྒུགས་ནས་ཡོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese