མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒེར་གྱི་འཁོན་རྩོད་སྤྱི་པའི་ཆིག་བསྒྲིལ་གྱི་འགལ་རྐྱེན་དུ་མ་སོང་བ་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་སྤེན་པའི་ཉིན་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་བཞུགས་སྒར་དུ་ཚོགས་ཡོད་ཅིང་། ཉིན་གཉིས་རིང་རང་ལུས་མེར་བསྲེཊ་ཀྱི་རྒྱུ་རྐྱེན་དང་རྒྱབ་ལྗོངས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྗེས། བསམ་ཚུལ་ཕྱོཊ་བསྡོམས་ཀྱིས་བོད་མིའི་སྒྲིག་འཛུཊ་དང་སྤྱི་འཐུས་ལྷན་ཚོཊ་བཅས་ལ་འབུལ་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༧  ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༠༠ སྟེང་བཞུཊ་སྒར་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ན་གཞོན་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ལགས་ཀྱིས་གོ་སྒྲིག་འོག  བཙན་བྱོལ་བོད་ཀྱི༼ན་གཞོན་ཤེས་ཡོན་པའི་ཚོཊ་ཆེན་ཐེངས་དང་པོ༽དབུ་འཛུགས་གནང་སོང་ལ། ཚོགས་འདུའི་ཐོག་བོད་དོན་འཐབ་རྩོད་པ་ཤེས་རབ་ཚེ་རྡོར་ལགས་གདན་ཞུའི་ཐོག བོད་མི་མང་སྤྱི་འཐུས་ལས་ཐོགས་དང་། བཞུགས་སྒར་ཉེ་འཁྲིས་དགོན་སྡེ་ཁག་གི་དགེ་རྒན། བོད་རིཊ་ན་གཞོན་རྩོམ་པ་པོ་དང་ཤེས་ཡོན་པ་བཅས་སྐྱ་སེར་ཕོ་མོ་ ༢༠ ཙམ་འདུ་འཛོམས་བྱུང་འདུག་ལ། ཉིན་གཉིས་རིང་གི་ཚོགས་འདུའི་སྐབས་ ༼རང་ལུས་མེར་བསྲེཊ་ཀྱི་རྒྱབ་མདུན་ལ་བལྟ་བ༽ ཞེས་པའི་བརྗོད་གཞིའི་ཐོག  རང་ལུས་མེར་བསྲེཊ་ཀྱི་རྒྱབ་ལྗོངས་དང་ངོ་བོ་ངོས་འཛིན་བྱེད་སྟངས། རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་ཡོང་གི་མེད་པའི་རྒྱུ་རྐྱེན། བོད་པ་རང་ངོས་ནས་ག་རེ་བྱ་དགོས་མིན། གཞུང་དང་སྒྲིག་འཛུགས་ཁག་གི་ལས་དོན་ལས་གཞན་ག་རེ་གནང་དགོས་མིན་བཅས་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག  

ཚོགས་འདུའི་ཐོག་མར་ཚོགས་ཞུགས་པ་ཡོངས་སྐུ་བཞེངས་ཐོག  བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེཊ་གནང་མཁན་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་བཅས་གནང་རྗེས། ཚོགས་འདུ་གོ་སྒྲིག་པ་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་གཏམ་བཤད་གནང་སོང་ལ། ཁོང་གིས་ངོ་སྤྲོད་གནང་དོན་ལྟར་ན་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་གཙོ་བོ། འདས་པའི་མི་ལོ་ ༥༠ ལྷག་གི་རིང་བཙན་བྱོལ་ནང་ཤེས་ཡོན་ཅན་ཚོས་གནད་འགག་གི་དུས་སྐབས་སུ་ཚོགས་འདུ་བསྐངས་ཏེ། གཞུང་དང་མི་མང་ལ་རླབས་ཆེན་གྱི་བསམ་ཚུལ་བཏོན་པའི་བྱུང་རིམ་མེད་སྟབས།  ཛ་དྲག་གནས་སྟངས་འོག་བོད་པའི་ཆབ་སྲིད་དང་ཤེས་ཡོན། སྐད་ཡིག་བཅས་ཀྱི་ཐོག  ཤེས་ཡོན་པ་ཚོས་གཞུང་དང་མི་མང་ལ་ཐུགས་ཕན་གསོ་ཐབས་དང་དཔུང་འདེགས་ཀྱི་ནུས་པ་འདོན་ཐུབ་ཆེད། རྒྱ་ནག་གི་སྟངས་འཛིན་འོག་འགྲོ་བཞིན་པར་ངོས་འཛིན་བྱེད་བཞིན་པའི་བོད་རིག་པའི་ཚོགས་འདུ་དེར།  བཙན་བྱོལ་ནང་གི་ཤེས་ཡོན་པས་འགན་འཁུར་ཐུབ་པ་བྱ་ཆེད་དང་། སུ་གང་ལའང་མ་བརྟེན་པར་རང་མགོ་རང་འཐོན་བྱ་དགོས་པ། བཙན་བྱོལ་ནང་ཁ་འཐོར་གྱི་རྣམ་པར་བསྡད་ཡོད་པའི་ཤེས་ཡོན་པ་མཉམ་རུབ་ཐོག  ཕན་ཚུན་ངོ་ཤེས་དང་རྒྱུས་ལོན་བྱས་ཏེ་ནུས་པ་མཉམ་སྤུངས་བྱ་རྒྱུ་བཅས་ལ་དམིགས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་སྐོར་དང་། མ་འོངས་པར་བོད་པའི་ཤེས་ཡོན་པ་ཚོས་བོད་ཀྱི་རིག་གནས་ཀྱི་བསྩལ་བའི་རྩ་དོན་སྒྲུབ་འདུན་གྱི་སྙིང་སྟོབས་གཞི་རྩ་བྱས་ཏེ། སྲིད་དོན་ཚན་རིག་ལ་ཐུགས་སྣང་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་གནས་ཚད་དང་སྐད་ཡིག སློབ་གསོའི་ལམ་ལུཊ། ཤེས་ཡོན་པ་སྐྱེད་སྲིང་། རྩོམ་ཡིག་དང་བརྩམས་ཆོས་ངོས་འཛིན་སོགས་ཀྱི་ཐད།  ཤེས་ཡོན་ཅན་རྣམས་ཀྱིས་ནུས་པ་ལྡན་པ་དང་སྒྲིག་འཛུགས་རང་བཞིན་གྱི་བསམ་འཆར་སྤེལ་ཏེ། གནད་དོན་དེ་རྣམས་ལ་གླེང་སློང་བྱ་རྒྱུ་དང་འགན་འཁུར་དགོས་པའི་འབོད་སྐུལ་སོགས་གནང་སོང་།  

ཐེངས་འདིའི་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐོག་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཡིག་ཐོག་གི་བཀའ་སློབ་གསུང་འཕྲིན་ཞིག་བསྩལ་ཡོད་ལ། བཀའ་ཟུར་མཆོག་གི་ཡིག་ཐོག་གསུང་འཕྲིན་ནང་། འདས་ལོ་བཅུ་ཕྲག་གསུམ་བཞིའི་ནང་བོད་ནང་རྒྱ་ནག་དབང་འཛིན་པས་བོད་མིའི་ངོ་བོ་དང་། དེའི་གཞི་རྟེན་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་དང་འཆར་གཞི་ལྡན་པའི་དྲག་གནོན་འོག  བོད་རིག་པའི་སྲུང་སྐྱོབ་ཧ་ཅང་དཀའ་བའི་གནས་སུ་གྱུར་པ་དང་། བྱེས་འཁོད་བོད་མི་རྣམས་རང་དབང་གུ་ཡངས་ཅན་གྱི་ཡུལ་ལུང་ཁག་གི་ནང་། དེང་རབས་སྤྱི་ཚོགས་དཔལ་ཡོན་ནས་བྱུངབའི་གོ་ལ་གཅིག་སྒྱུར་དང་ཁྲོམ་རྭའི་རིང་ལུགས་ཀྱི་གནོན་ཤུགས་འོག  བོད་དང་བོད་མིིའི་ངོ་བོ་སྲུང་སྐྱོབ་རྒྱུན་འཛིན་བྱེད་དགོས་ཀྱི་འདུ་ཤེས་རང་ཡུལ་དུ་འགྲོ་བཞིན་ཡོད་པ་འདི་གཞིས་ཀྱི་གནས་བབ་ལས་ཀྱང་ཉེན་ཚབས་ཆེ་བར་མངོན། ཟད་མཐའ་མེད་པའི་དཀའ་རྙོག་དང་གཅེས་པའི་ལུས་སྲོག་གི་ཉེན་ཁ་ཚུན་ལ་མ་འཛེམས་པར་གཞིས་བཞུགས་བོད་རིཊ་རྒན་གཞོན་དུ་མས་ཆོས་དང་རིག་གཞུང་། ལེཊ་བྱང་སྲུང་སྐྱོབ་ཀྱི་སླད།  བཤད་སྒྲུབ་འཆད་ཉན་དང་སྐད་ཡིག་བདག་གཅེས། འབྲི་རྩོམ། རྩ་མེད་དུ་འགྲོ་ལ་ཉེ་བའི་དཔེ་རྒྱུན་དཀོན་རིགས་མཁོ་སྒྲུབ། གནའ་རྫས་སྲུང་སྐྱོབ། བཀའ་བསྟན་དཔེ་བསྡུར་དག་ཞུས་དཔར་སྐྲུན་སོཊ་རླབས་ཆེན་གྱི་བྱ་བ་མང་པོ་བསྒྲུབས་དང་སྒྲུབ་བཞིན་པ་ནི། བོད་མིའི་སྙིང་སྟོབས་ཀྱི་གཟི་བརྗིད་དང་མཚོན་རྟགས་ཡི་རང་སྔགས་བརྗོད་ཀྱི་འོས་སུ་ཆེ་བ་ཞིག་ཡིན། འུ་ཅག་བྱེས་འཁོད་ཀྱི་བོད་མི་རང་དབང་ལྡན་ཞིང་ཉེན་ཁ་མེད་ལ། མཐུན་རྐྱེན་སྒྲུབ་སླ་བའི་གནས་བབ་ཡོད་པ་རྣམས་ཀྱིས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་བྱ་བ་གཞིས་བཞུགས་བོད་མི་རྣམས་ལས་ལྷག་པ་ཞིག་མ་བྱུང་ཡང་། མཚུངས་པ་ཞིག་གནང་དགོས་པ་ནི་སྐབས་བབ་བཟང་སྤྱོད་ཀྱི་ལས་འགན་ཡིན་པ་བསྙོན་དུ་མེད། དེས་ན་བྱེས་འཁོད་བོད་རིགས་སྤྱི་དང་། ཁྱད་པར་ན་གཞོན་ཤེས་ཡོན་པ་རྣམས་ཀྱིས་རང་འགན་རང་ངོས་ཟིན་པ་གནང་སྟེ།  སྙིང་ལ་རུས་པ་བཅུག་པའི་གནས་སྐབས་ཁྱད་པར་བ་ཞིག་ལ་བསླེབས་ཡོད་པ་དེ་མཁྱེན་དགོས། གཞན་བརྟེན་དང་། གཞན་འགྲན། གཞན་རེ། གཞན་དཔེར་ལྟ་བའི་བསམ་སྤྱོད་བཞི་པོ་འདིས་བྱེས་འབྱོར་བོད་རིགས་ཕུང་ལ་སྦྱར་བའི་ཉེན་ཚབས་གཅོང་ནད་ལྟ་བུ་ཞིག  ང་ཚོའི་ཁྲོད་མངོན་གསལ་མེད་པར་ཁུ་སིམ་གྱིས་ཞུགས་ཟིན་པ་འདི་ངོས་འཛིན་ཐུབ་པ་དགོས་རྒྱུ་ཤིན་ཏུ་གལ་ཆེར་མཐོིང་། ཞེས་སོགས་བཀོད་འདུག

ཡང་བཀའ་བློན་ཁྲི་ཟུར་མཆོག་གིས་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐོག་སློབ་སྟོན་དང་རེ་སྐུལ་དོན་ཚན་བརྒྱད་བསྩལ་ཡོད་པའི་ནང་། ༡༽ བོད་མིའི་ཆབ་སྲིད་ཀྱི་ཕུགས་དམིགས་ཇི་འདྲ་ཞིག་བཟུང་རུང་། དེའི་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀའི་ནང་བོད་མིའི་ངོ་བོ་དང་ཁྱད་ཆོས། ཐུན་མིན་རིག་གཞུང་དང་ལེགས་བྱང་བཅས་ངེས་པར་དུ་ཚུད་དགོས་པའི་འདུ་ཤེས་དང་། ཚོར་བ་མ་བརླགས་པ་དགོས་རྒྱུ། ༢ ༽  དེའི་སླད་རང་དང་རང་གཅེས། རང་སྐད་རང་སྤྱོད། རང་ཆས་རང་གྱོན་གྱི་ཀུན་སྤྱོད་རང་གིས་བཟུང་སྟེ་གཞན་ལའང་སྐུལ་འདེབས་ཐུབ་པ་གནང་རྒྱུ། ༣ ༽  བོད་ཀྱི་ཐུན་མོང་དང་ཐུན་མིན་རིག་གནས་ཁག་ལ་ཐུགས་སྣང་དང་། གསན་བསམ། འབྲི་རྩོམ། བགྲོ་གླེང་སོགས་ཤེས་ཡོན་གྱི་བྱ་བར་རྒྱུན་འགྲུས། ༤ ༽ བོད་མིའི་ཤེས་ཡོན་ལམ་སྲོལ་དང་སྤྱི་ཚོགས་ཀྱི་གནས་བབ། བཟང་སྤྱོད་དང་ཆབ་སྲིད་ཀྱི་འགྱུར་འགྲོས་བཅས་ལ་ཐུགས་སྣང་དང་། མཉམ་ཞུགས། དགོངས་ཚུལ་གསལ་སྟོན་གནང་རྒྱུ་བཅས་ཀྱི་གོམས་གཤིས་གོང་མཐོར་སྤེལ་ཐབས། ༥ ༽ བོད་མི་རིགས་སྤྱི་དང་། ནང་གསེས་སྡེ་ཚན་ཆེ་ཆུང་ཁག་གི་ནང་ཆིག་བསྒྲིལ་དང་གོང་བུའི་ནུས་པ་གོང་མཐོར་སྤེལ་བའི་ཐབས་ལམ་ལ་སྒོ་ཀུན་ནས་བརྩོན་དགོས་པས། གལ་གནད་བརྩི་ཕྱོགས་ཀྱི་གོ་རིམ་འཛོལ་མེད་དང་། ཕུགས་དམིགས་དང་ཐབས་ལམ་ལ་ལྟ་གྲུབ་འདྲ་མིན་སྣ་མང་ཡོད་པ་རྣམས་ཆིག་སྒྲིལ་གྱི་འགལ་རྐྱེན་དུ་མ་སོང་བར་མཐུན་རྐྱེན་དུ་འགྲོ་ཐབས་སུ། ༸གོང་ས་སྐྱབས་མགོན་ཆེན་པོས་རྟོན་བཞིའི་བླང་དོར་འཛོལ་མེད་དགོས་པའི་བཀའ་སློབ་སྙིོང་བཅངས་ཀྱིས་ཕྱག་ལེན་དུ་འཁེལ་ཐབས་དང་། ལྷག་པར་སྒེར་གྱི་འཁོན་རྩོད་སྤྱི་པའི་ཆིག་སྒྲིལ་གྱི་འགལ་རྐྱེན་དུ་མ་སོང་བ་གནང་དགོས། ཅེས་དང་།

ཡང་མུ་མཐུད་བཀོད་དོན།  ༦༽གོ་སྐབས་དང་ཉེན་ཁའི་དུས་ཚོད་ནམ་བྱུང་དུས་ཐོག་ངོས་འཛིན་ཐུབ་པ་གནང་སྟེ་བེད་སྤྱོད་དང་ཉེན་སྲུང་དུས་ལས་མ་ཡོལ་བ་གནང་ཐབས། ༧༽གཞིས་བཞུགས་བོད་མིའི་སྙིང་སྟོབས་དང་། ཆོད་སེམས། བློས་གཏོང་བཅས་ལ་གདུང་སེམས་མཉམ་སྐྱེད་དང་ཆིག་བསྒྲིལ། སྐབས་བསྟུན་དྲིལ་བསྒྲགས་དང་འོས་འཚམས་ཀྱི་འཚེ་མེད་བདེན་པའི་ལས་འགུལ་སྤེལ་ཐབས་ལ་རྣམ་དཔྱོད་རྩལ་སྤྲུགས།  ༨༽ལྷག་པར་ཚོགས་ཐེངས་འདིའི་བརྗོད་གཞི་༼རང་ལུས་མེར་སྲེག་གི་རྒྱབ་མདུན་བལྟ་བ༽ ཞེས་པ་འདིའི་ཐད། རྒྱལ་སྤྱིའི་བྱུང་རབས་ནང་སྔར་མ་གྲཊ་པའི་བོད་རིཊ་ན་གཞོན་སེར་སྐྱ་ཧ་ཅང་མང་པོས་གཞན་ལ་འཚེ་བ་མེད་པར་རང་གི་གཅེས་པའི་ལུས་སྲོག་མི་རིཊ་ཀྱི་རྩ་དོན་སླད་དྭང་བླངས་དགའ་སྤྲོའི་ངང་བློས་གཏོང་གནང་མཁན་དེ་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས། ཆོད་སེམས། བློས་བཏང་། ངལ་བ་དང་ལེན་བཅས་ཀྱི་གནས་ཚད་དང་། ང་ཚོའི་བསམ་སྤྱོད་གཉིས་ཀའི་ཡུལ་ལས་འདས་པ་ཞིག་ཡིན་པ་དེ་ངོས་འཛིན་དང་འབྲེལ། ཁོང་ཚོའི་བློས་གཏོང་ཆུད་ཟོས་སུ་མི་འགྲོ་བའི་ཐབས་ལམ་ཇི་ཡོད་དང་། དེ་འདྲའི་རླབས་ཆེན་གྱི་མཛད་སྤྱོད་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་ཁོང་ཚོའི་རེ་འདུན་སྒྲུབ་ཐབས་ཇི་ཡོད་ཟབ་ཡངས་དཀྱེལ་ཆེའི་རྣམ་དཔྱོད་ཀྱི་ལམ་ནས་ཞིབ་འཇུག་བགྲོ་གླེང་གཏིང་ཟབ་སྒོས། བྱེས་འབྱོར་བོད་རིཊ་ཡོངས་ལ་ལམ་སྟོན་ཐུབ་པ་ཞིག་བྱུང་ན་དགེ་མཚན་ཆེ་བར་མཐོང་ཞིང་། ད་རེས་གོ་སྐབས་འདིའི་ཐོག་བསྐྲུན་པའི་ན་གཞོན་ཤེས་ཡོན་ཅན་གྱི་གླེང་སྟེཊ་འདི་ཡར་རྒྱས་དང་རྒྱུན་གནས་ཀྱི་ལམ་ནས། བོད་དང་བོད་མིའི་གལ་ཆེའི་གནད་དོན་ཡོངས་རྫོཊ་ཀྱི་ཐོག  ན་གཞོན་ཤེས་ཡོན་ཅན་རྣམས་ཀྱིས་དཔེ་སྟོན་དང་མདུན་བསྐྱོད་གནང་བའི་རེ་འདུན་ཞུ་བ་ཡིན། ཞེས་བཀོད་འདུག

མཇུག་མཐར་བོད་དོན་འཐབ་རྩོད་པ་ཤེས་རབ་ཚེ་རྡོར་ལགས་ཀྱིས། ཁོང་གིས་ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་དུ་རང་ལུས་མེར་བསྲེཊ་གནང་སྐབས་ཀྱི་གནས་སྟངས་དང་། ཁོང་རང་ངོས་ནས་༼མིག་སྒྲིབ་རྒྱལ་དཀྲོགས་ལས་འགུལ༽ སྟེ་ཟླ་བ་ ༦ རིང་རྒྱ་གར་གྱི་ས་གནས་ཁག་ ༡༠༦ ནང་སྐོར་སྐྱོད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བའི་སྐོར་སོགས་ངོ་རྒོལ་གནང་རྗེས།  བགྲོ་གླེང་དངོས་སུ་དབུ་འཛུགས་གནང་སོང་ལ། ཐེངས་འདིའི་ཉིན་གཉིས་རིང་གི་ཚོགས་འདུ་གྲུབ་པ་དང་།  གོ་སྒྲིག་པས་ཚོགས་འདུའི་བསམ་ཚུལ་ཕྱོགས་བསྡོམས་ཀྱིས་བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས། དགའ་ལྡན་ཕོ་བྲང་བཅས་ལ་འབུལ་རྒྱུ་དང་། ས་གནས་ཁག་ལ་གནས་ཚུལ་བརྒྱུད་སྒྲོག་བཅས་གནང་རྒྱུ་ཡིན་པ་མ་ཟད། རང་ལུས་མེར་བསྲེཊ་ཐོག་ཤེས་ཡོན་པའི་བྲིས་པའི་རྩོམ་ཡིག་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་འགྲེམས་སྤེལ་བྱ་འཆར་ཡོད་འདུག   

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༠ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 4

  1. སྙིང་མིག says:
    ལོ་ 13 སྔོན།

    བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་”སྒེར་གྱི་འཁོན་རྩོད་སྤྱི་པའི་ཆིག་བསྒྲིལ་གྱི་འགལ་རྐྱེན་དུ་མ་སོང་བ་གནང་དགོས།”ཞེས་པའི་བཀའ་བློབ་དུམ་བུ་འདི་ཐེངས་འདིའི་ཚོགས་པ་འདི་ལ་གནང་དགོས་དོན་ཏན་ཏན་ཡོད་སྐད་ཐོས། རྡ་སའི་སྲང་བར་ནས་བཤད་ཚད་བདེན་མིན་མི་ཤེས་མོད། འོན་ཀྱང་ད་ཐེངས་ཚོགས་པ་འདི་བཀའ་ཤག་གསར་པ་ལ་ཁ་གཏད་ཚོགས་པ་རེད་ཟེར་བ་ཞིག་ཤོད་ཀྱིན་འདུག དེ་ནི་གཅིག་བྱས་ན་བདེན་སྲིད། ལས་འགུལ་སྣེ་ཁྲིད་པ་ལ་བལྟས་ན་ཤེས་ངེས་རེད། འོན་ཀྱང་བོད་ཀྱི་བསྟན་པ་ཆབ་སྲིད་ལ་བློ་སེམས་གཅིག་ཏུ་དཀར་ཞིང་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་གཏིང་ནས་ཡོད་མཁན་གྱི་མི་རེ་གཉིས་དེའི་ནང་ལ་སླེབས་འདུག་པས་མཐའ་གཅིག་ཏུ་འགྲེལ་བཤད་མི་ཤེས་པ་ཞིག་ཏུ་འཁུམས། མདོར་ན་ཚོགས་བསྐྱར་བ་ཚང་མས་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐད་ཆ་ལ་བརྩི་འཇོག་དགོས་རྒྱུ་ཤིན་ཏུ་གལ་ཆེའོ།

    Reply
  2. གངས་སེང། says:
    ལོ་ 13 སྔོན།

    ཚོགས་ཆེན་འདི་རྟག་ཏུ་མ་ཉམས་པ་ཡོང་རྒྱུ་གོ་སྒྲིག་པའི་དམིགས་ཡུལ་འདི་ངའི་ཡིད་ལ་འཐད་པས་ཡིན། མི་ཉུང་བ་དེ་ལས་གཞི་རླབས་ཆེན་ཞིག་མགོ་འཛུགས་སྐབས་འདི་འདྲ་རང་རེད། དང་པོ་ནས་ཆེ་ཆེ་རྫིག་རྫིག་ཡིན་ན་མི་བཟང་ལ། མི་མང་ན་དེ་བས་ཀྱང་ཕན་ཐོག་མེད། གོ་ཐོས་ལ་རྡ་རམ་ས་ལའི་ཤེས་ཡོན་པ་སྤྱི་མོས་ཅན་རྐྱང་རྐྱང་ཚོགས་ཞུགས་གནང་ཡོད་སྐད་འདུག དེ་མིན་ང་ཚོའི་བཙན་བྱོལ་ནང་གི་ཤེས་ཡོན་པར་རློམ་པར་རེ་ཤོས་ཡི་གེ་བྲིས་ན་བརྡ་འཕྲོད་པ་མ་གཏོགས་ཁ་ཟ་མ་ཟ་རྒྱུ་གཅིག་པུ་ལས་བེད་སྤྱོད་མེད་པ་ངོ་ཚ་ནས་ཕལ་ཆེར་སླེབས་ཡོད་ས་མ་རེད། དངོས་གནས་བྱས་ན་བཤད་ས་སླེབས་དུས་བཤད་དགོས་པ་རེད་དེ། བཤད་ས་མེད་དུས་ཅིག་བཤད་ཡ་ཡོད་མདོག་མདོག་སྟོན་པ་དེ་ཤེས་རློམ་པ་ཚོའི་ཆོས་ཉིད་རེད། བགྲོ་གླེང་འདི་འདྲས་ནང་སྙིང་ཚང་མ་གསལ་སྟོན་གནང་ཐུབ་པས་ལས་སླ་བོར་འཛུལ་ཞུགས་བྱ་རྒྱུའང་ཁེག་པོ་རེད་འདོད། དེས་ན་ལས་གཞི་འདི་ལམ་ལྷོང་ཡོང་བར་ངས་སྨོན་འདུན་ཞུ་བ་དང། ཚོགས་ཆེན་དང་པོའི་གྲུབ་འབྲས་ཀྱང་མི་འགྱངས་བར་གསལ་བསྒྲགས་བྱ་བའི་རེ་བ་ཡོད།

    Reply
  3. ཀུན་དགའ། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་ཀྱི༼ན་གཞོན་ཤེས་ཡོན་པའི་ཚོཊ་ཆེན་ཐེངས་དང་པོ༽ཞེས་པའི་ཁ་བྱང་གི་འབྲི་དོན་དང་། ཚོགས་ཞུགས་པའི་གྲངས་ཚད་དང་ཤེས་ཚད་སོགས་ཏག་ཏག་ཅིག་བསྡད་ཡོད་ན་་་་་་་་་་་
    བཙན་བྱོལ་བོད་ཀྱི་ན་གཞོན་ཤེས་ཡོན་པའི་ཚོཊ་ཆེན་ཡིན་ན་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ན་གཞོན་ཤེས་ཡོན་པའི་ཚོགས་སྡེ་ཞིག་གྲུབ་དགོས་རེད་མ་གཏོགས། རྡ་སའི་ཤེས་རློམ་པ་ཉི་ཤུ་ཡས་མས་ཤིག་གིས་གོ་བརྡུར་ལ་མིང་འདི་ཐོབ་བམ།
    ད་དུང་ཤེས་ཡོན་པའི་མཚན་ཉིད་ལམ་ཚད་གཞི་སོགས་ལ་ས་མཚམས་མེད་པར་རང་གིས་རང་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  4. གླག་ཕྲུག says:
    ལོ་ 13 སྔོན།

    ཚོགས་ཐོག་ན་ཤེས་ཡོན་པའི་མི་སྣ་ཉུང་དྲགས་འདུག་པའི་སྐྱོན་ཆ་མཐོང་ངོ་།། བཙན་བྱོལ་ན་རང་ཉིད་ཤེས་ཡོན་པར་རློམས་མཁན་མང་དག་ཅིག་ཡོད་མོད། ཐེངས་འདིའི་ཤེས་ཡོན་པའི་ཚོགས་ཐོག་ལ་གོ་སྐབས་མ་བླངས་པ་ནི་རྒྱུ་རྐྱེན་གཞན་མ་ཡིན་པར་གསར་འགྱུར་འདིའི་ཁ་བྱང་དང་འབྲེལ་བ་ཏན་ཏན་འདུག ད་དུང་བོད་པ་ཚོ་བསམ་བློ་མ་མཐུན་གདོང་ཐུག་པའི་དཔེ་མེད་དོ།། གང་ལྟར་ཁུག་རྟ་གང་ཟག་སྒེར་ངོས་ནས་ཚོགས་འདུ་གོ་སྒྲིག་དང་གཙོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ། གང་སྒྲུབ་གང་བྱས་བོད་སྤྱི་བོའི་དོན་དུ་འགྲོ་བའི་སྨོན་འདུན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese