མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུམ་བཅུའི་དུས་དྲན་གཞི་རྒྱ་ཆེ་བ་སྤེལ་འཆར།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་སྤེལ་ལྗམ་གྲོང་ཁྱེར་ཨན་ཁྲི་ཝར་ཕཱན་དུ། ཡུ་རོབ་ནང་འཆར་ལོ་གསུམ་བཅུའི་དུས་དྲན་གཞི་རྒྱ་ཆེ་བ་ཞིག་སྤེལ་འཆར་ཐད་ཚོགས་འདུ་ཚོགས་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ཨན་ཁྲིར་ཝར་ཕཱན་དུ། ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་བོད་དོན་ལས་འགུལ་ཚོགས་པ་ཁག་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ་རྣམས་ལྷན་འཛོམས་ཐོག འཆར་ལོའི་གསུམ་བཅུའི་དུས་དྲན་སྐབས་ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་ལས་འགུལ་ཚོགས་པ་ཁག་མཉམ་འབྲེལ་གྱི་སྒོ་ནས།  སྤེལ་ལྗམ་རྒྱལ་ས་སྦར་སིད་ནང་གཞི་རྒྱ་ཆེ་བའི་ལས་འགུལ་ཅིག་སྤེལ་རྒྱུའི་ཐད་གྲོས་བསྡུར་ཚོགས་འདུ་ཞིག་ཚོགས་ཡོད་འདུག 

སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་བྱུང་དོན་ལྟར་ན། གྲོས་བསྡུར་ཚོགས་འདུ་དེའི་སྟེང་ཡུ་རོབ་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག སྤེལ་ལྗམ་དང་དབྱིན་ལན། ཧོ་ལན་ཊི། ཧྥ་རན་སི། ཨི་ཊ་ལིས། སི་པན། སུད་སི། པོ་ལན་ཏྲི། འཇར་མན། ནོར་ཝེ་བཅས་ཡུ་རོབ་རྒྱལ་ཁབ་ཁག་བཅུའི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སྐུ་ཚབ། དེ་བཞིན། བོད་དོན་ལས་འགུལ་ཚོགས་པ་སྤེལ་ལྗམ་ས་གནས་གཞོན་ནུ་དང་ས་གནས་ཆུ་སྒང་། སིད་སུ་མི་རབས་གསར་བའི་མཐུན་ཚོགས། རྒྱ་བོད་མཛའ་འབྲེལ་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་སྐུ་ཚབ་བཅས་འཐུས་ཚབ་མི་སྣ་ ༣༠ ཙམ་འདུ་འཛོམས་བྱུང་ཡོད་འདུག

ཚོགས་འདུའི་ཐོག་འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་ཚགས་ཚུད་ཡོང་ཆེད། ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་མི་གཏན་འབེབས་དང་། དུས་དྲན་སྲུང་གཙི་དང་འབྲེལ་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཁང་ཁག་ནང་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ། རྒྱ་ནག་གི་དཔོན་རིགས་གསར་བར་དགོས་འདུན་ཞུ་ཡིག་གཏོང་རྒྱུ་བཅས་གྲོས་ཆོད་ཁག་བཅུ་ཙམ་བཞག་ཡོད་འདུག ཐེངས་འདིའི་ཚོགས་འདུར་དངོས་སུ་ཚོགས་བཅར་ཐུབ་མེད་པའི་ཨོ་སི་ཁྲི་རི་ཡ་དང་ཊན་མག སུད་ཝེ་ཏན། ཨེ་ཤར་ལན་ཊི་བཅས་ཀྱི་བོད་རིགས་ཚོགས་པ་ཁག་གིས་ཀྱང་ཚོགས་འདུའི་ཐག་གཅོད་ལ་རྒྱབ་སྐོར་ཀྱི་བརྡ་ལན་ཕུལ་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 6

  1. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    ངས་རྗེས་སུ་ཡིད་རང་ཡོད་།
    རང་གཞུང་ནས་གཡོ་འགུལ་མ་བྱས་ན་ང་ཚོ་མི་རེ་ངོ་རེ་ནས་ལས་འགུལ་སྤེལ་དགོས་པ་རེད་།
    དེ་ཡང་གོ་རིམས་དང་འཆར་གཞི་ཡོད་པ་ཞིག་གི་སྒོ་ནས་སྤེལ་དགོས་པ་རེད་།
    བོད་ནང་ལ་ལྟས་ཡོང་དུས་་ང་ཚོ་འདི་ལྟར་གནས་པའི་དུས་མ་རེད་།

    Reply
  2. གསོན་སྨྱུག says:
    ལོ་ 14 སྔོན།

    ཚིག་སྟོང་བཤད་ལ་གོམ་པའི་སྤྱིད་སྡོད་ཀླད་མེད་དེ་ཚོས་་་ད་ཅི་ཞིག་བཤད་ཀི་ཡོད་ནི། ཅི་ཞིག་ལ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཟེར་གི་ཡོད་ནི་རེད། །

    Reply
  3. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    ཅི་ཞིག་ལ་གཞི་རྒྱ་ཆེ་བའི་ལས་འགན་སྤེལ་བ་ཟེར། ད་བར་དུ་གཞི་རྒྱ་ཆེ་བའི་ལས་འགན་ཞིག་མ་སྤེལ་བ་རེད་དམ། ཁ་སྟོང་ཚིག་གི་རླུང་བུ་དགོང་ལ་གཏོར་ནས་ཚེ་སྲོག་གི་མཆོད་པའི་མེ་ལྕེ་ལ་དག་ལ་ཕུ་མ་རྒྱབ་ན་བཟང།

    Reply
  4. ཚངས་གསར་འཕྲིན་ལས། says:
    ལོ་ 14 སྔོན།

    འདི་ལྟར་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ། འཛམ་གླིང་གང་སར་གནས་པའི་རང་རིགས་སྤུན་ཟླ་ཚོས་རང་རང་ལ་དཔག་པའི་ལས་འགུལ་རེ་སྤེལ་ན་ནམ་ཞིག་ང་ཚོ་ལྷན་འཛམ་གྱི་བསྐལ་བཟང་མྱུར་དུ་འཆར་བའི་གསོས་སུ་འགྱུར་ངེས།

    Reply
  5. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    གཞི་རྒྱ་ཆེ་བའི་ལས་འགན་སྤེལ་ན་སྐབས་དང་དུས་ལ་བརྟེན་ནས་སྤེལ་དགོས་པ་ལས་གྲོས་ཆོད་ནི་ལས་འགན་ཞིག་གི་ངོ་བོ་ཙམ་ཡང་མི་མཚོན་བཙན་བྱོལ་བ་ཚོ་ཁ་ཤོམ་མ་ཆེ་ད་ལོ་མཐོང་སོང་། ད་དུང་ཡིན་ན་ཡང་གཉིད་ལ་སྡོད་བལྟ་མོ་ལྟོས་ནས་སྡོད་རྟ་རྒྱུགས་གཞུང་ནས་བྱེད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གྲ་སྒྲིག་སྔ་ས་ནས་གནང་བ་ལ་འདི་ལ་མིག་དཔེ་ཡར་ལྟ་བྱ་དགོས་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese