མིག་
དྲང་མོར་བཤད་ན། ངས་དྲག་རྒོལ་བྱ་དགོས་ཟེར་བ་དེའི་ནང་དོན་ནི། མི་རེ་རེས་དགྲ་བོ་གཅིག་རེ་གསོད་རྒྱུ་དེ་མིན། དྲག་སྤྱོད་པ་ཚོས་ཚུར་ཇི་ལྟར་བརྡུང་རྡེག་བཏང་བ་དེ་བཞིན་དུ་ཕར་དྲག་རྒོལ་བྱ་དགོས་ཟེར་བ་དེ་ཡིན། དེའི་སྟབས་ཀྱིས་རང་རེའི་དཔའ་བོ་ཚོས་ཕར་ཕྱོགས་ཀྱི་ལྕགས་ལམ་གལ་ཆེན་དག་གཏོར་ཆོག་ལ། ཆུ་འགག་གློག་འདོན་ས་ཚིགས་གཏོར་ཆོག དེ་ལྟར་ཕར་ཕྱོགས་དགྲ་བོ་ལ་ཅི་ཞིག་གནོད་ངེས་པ་དེ་བྱེད་ཆོག ངས་དེ་ལྟར་བཤད་སྐབས། ཡང་མི་འགའ་རེས་ཐབས་ལམ་དང་གྲ་སྒྲིག་ཅི་ཡོད་སྟོན་ཤོག་ལྟ་བུའི་ཧ་ཅང་ཀུ་དོག་དང་ཉམ་ཞན་གྱི་དྲི་བ་བཏོན་འོང་གིན་འདུག་མོད། མདོར་བསྡུས་ནས་བཤད་ན། དེ་རིང་ལ་ཐུག་གི་བར་དུ་རང་རེའི་དཔའ་བོ་ཚོས་རང་གི་ལུས་ལ་སྣུམ་བྱུགས་ནས་མེ་ རུ་སྦར་འོང་བ་འདི་དག་གིས་ཕྱག་ཟུང་ཐལ་མོར་སྦྱར་ནས་འཚེ་མེད་ཀྱི་བདེན་པ་ཁོ་ནའི་དཔང་རྟགས་བཞེངས་པ་རེད། ད་ནི་དགྲ་བོ་དང་རྒྱལ་སྤྱིའི་སྟེང་གཡོ་འགུལ་སྤུ་ཉག་ཙམ་མི་ཐེབས་ན། མ་འོངས་པའི་དཔའ་བོ་ཚོས་དེ་ལས་ལྡོག་སྟེ་དྲག་སྤྱོད་བྱ་དགོས་པར་འདོད་པ་དེ་ཡིན། མ་གཞི་དྲག་སྤྱོད་ཀྱི་མཇུག་འབྲས་གང་འདྲ་ཡིན་མིན་མ་ཤེས་པ་མིན་ནའང་། ཕྱོགས་གཅིག་ནས་དྲག་སྤྱོད་མེད་པ་འདིས་རང་རེའི་དཔའ་བོ་ཚོའི་ལས་འགུལ་ནི་དགྲ་བོའི་རྣ་རྒྱབ་ཀྱི་ལྷགས་པ་ནང་བཞིན་འགྱུར་འགྲོ་ཡི་འདུག་ཞུ་རྒྱུ་དེ་ཡིན།
ཡང་ཁག་ཅིག་གིས། ངས་འདི་རུ་དྲག་སྤྱོད་བྱ་དགོས་ཞེས་པ་ནི་༸གོང་ས་མཆོག་ལ་ཁ་གཏད་བཅག་པ་ལྟ་བུར་དགོངས་ནས། དེའི་ཁ་གཏད་དུ་ལང་ཆོག་ཆོག་བྱེད་ཀྱི་ཡོད་པར་མཐོང་། དོན་དངོས་ཀྱིས་༸གོང་ས་མཆོག་ཁ་ལ་འཁྱེར་མཁན་གྱི་ཆོས་བརྫུ་འདིས་ད་བར་དུ་རང་རེའི་སྤྱི་ཚོགས་སྟེང་དཀྲུག་ཤིང་དང་འགོག་རྐྱེན་མཐའ་ཡས་པ་བཟོས་ཡོད་པའང་གཟུར་གནས་བློ་ལྡན་དག་གིས་མཁྱེན་ངེས་ཡིན། མི་ཨུ་ཐུག་ན་ཆོས་དྲན་ཟེར་བའི་དཔེ་བཞིན་དུ་ཅི་ཡང་མི་འཇོན་པའི་སྐབས་འདིར་རང་རེའི་ཤེས་ལྡན་པའི་གྲལ་དུ་འཚང་མཁན་ཁག་ཅིག་ཀྱང་བྱང་ཆུབ་སེམས་དཔར་གྱུར་ཅིང་ལས་དང་རྒྱུ་འབྲས་སྲུང་མཁན་ཉག་ཅིག་ཏུ་གྱུར་ཡོད་པ་མཐོང་བྱུང་། སྲོག་ལ་མི་འཛེམ་པའི་དཔའ་བོ་ཡོད་ཆོག་ན། དྲག་སྤྱོད་པའང་ཡོད་ཆོག་པའི་རྣམ་པ་ཞིག་ཕར་དགྲ་བོར་བསྟན་ཚེ། མ་མཐའ་ཡང་དེང་གི་བོད་ནང་གི་གནས་སྟངས་ཇི་བཞིན་མཚན་དཀྱིལ་ཤག་ལ་ལྡིང་ནས་གླག་གིས་ལུ་གུ་འཛིན་འཛིན་ལྟ་བུའི་དྲག་གནོན་མེད་ལ། ཁྲོམ་ནས་གང་བྱུང་འགོག་ཅིང་བརྡུང་བའི་གདུག་རྩུབ་དེ་མེད།
བདག་གིས་དྲན་གསལ་ལ། ༢༠༠༨ ལོའི་བོད་གཞུང་མང་ཛ་དྲག་ཚོགས་ཆེན་མ་འཚོགས་གོང་གི་ཉིན་ཤས་སྔོན་ལ། བོད་གཞུང་ཟློས་གར་ནས་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་དེ་ནི་ང་བཙན་བྱོལ་དུ་འབྱོར་རྗེས་ཀྱི་ཆེས་བྲོ་བ་ལྡན་པའི་བགྲོ་གླེང་ཆེན་པོ་ཞིག་ཡིན། བགྲོ་གླེང་དེའི་སྟེང་ལ་ད་ལྟའི་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག མཁས་དབང་འཇམ་དབྱངས་ནོར་བུ་མཆོག བོད་ཀྱི་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག བོད་རང་དབང་སློབ་ཕྲུག་ཚོགས་གཙོ་བསྟན་དར་ལགས་བཅས་གདན་དྲངས་འདུག དེ་དུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས“ད་རྒྱ་ནག་ལ་བྱེད་རྒྱུ་གཅིག་ལྷག་ཡོད་པ་ནི་བོད་མི་ས་ཡ་དྲུག་སྡེབས་གསོད་གཏོང་རྒྱུ་དེ་ཡིན་”ཞེས་གསུངས་མྱོང་། དེ་དུས་བདག་གི་སེམས་ལ་དངོས་གནས་བདེན་པ་རེད་སྙམ་བྱུང་། ཁོང་གིས་གསུངས་པ་ནང་བཞིན། ལས་ཀ་དེ་གཅིག་བུ་མ་གཏོགས་དགྲ་བོས་ང་ཚོ་ལ་བྱས་ཚར་ཡོད། དེ་ལྟ་ན། ད་ནི་ང་ཚོས་ཅི་ཞིག་ལ་སྒུག་ཡོད་དམ་ཞེས་དྲི་བ་ཞིག་རང་བཞིན་གྱིས་སེམས་ལ་འཁོར་ བྱུང་།
འུ་ཅག་གི་ཕྱོགས་ནས་ནམ་ནམ་ཞར་ཞར་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་བྱུང་ཟེར་གྱི་ཡོད། ད་དུང་བསད་སོང་དང་གཏུབ་སོང་། བཟུང་སོང་སོགས་ཀྱི་གསར་འགྱུར་དང་དྲིལ་བསྒྲགས་ཀྱིས་གནམ་ས་ཁེངས་ནས་ཡོད། དེ་ལྟའི་དཀའ་སྡུག་གི་དུས་རིམ་ནང་དུ་ད་དུང་དགྲ་བོ་ལ་གཉེན་གྱི་འདུ་ཤེས་འཛིན་དགོས་པའི་ཆོས་ཀྱི་སློབ་གསོ་དེ་རྟོགས་པ་མཐོ་བོར་སླེབས་པའི་གང་ཟག་ཅིག་གི་ངོས་ནས་ལས་སླ་ཡང་། རྒྱལ་ཁབ་དང་མི་རིགས་ཀྱི་ཞེན་པ་སྙིང་ལ་འཆང་མཁན་དག་གིས་ཇི་ལྟར་བཟོད་ནུས། ཡ་མཚན་པ་ཞིག་ལ། རང་རེའི་སྤྱི་ཚོགས་འདི་ད་དུང་མུན་ནག་གི་དུས་རིམ་ནང་ཕྱི་ནུར་རྒྱག་གི་འདུག་པ་དེ་ཡིན། མི་མང་ཁྲོད་ཆོས་དང་ཏོག་ཙམ་འགལ་བའི་འགུལ་སྐྱོད་ཅིག་ཡོད་ན་དེའི་བསམ་བློའི་རྒྱབ་ལྗོངས་ལ་རྟོགས་ཞིབ་བྱེད་རྒྱུ་བཞག་ནས་ཁ་ཐུག་གིས་འབུར་འཇོམས་བྱ་ཅི་ཐུབ་བྱེད་པ་དང་། རང་གི་འདོད་ཚུལ་དང་མི་མཐུན་པ་ཞིག་བྱུང་ཚེ་ཐད་ཀར་དམའ་འབེབས་དང་ནག་འདེད་བྱེད་པ་དེའོ།།
སྔོན་ཆད་ཅིག་ལ། (དུས་ཚོད་མི་དྲན) ངས་རྩོམ་ཡིག་ཅིག་གམ་བཅར་འདྲི་ཞིག་གི་ནང་དུ་བོད་དོན་ལས་འགུལ་ཟེར་བ་དེ་གཞིས་ལུས་སྤུན་ཟླ་ཚོས་སྤེལ་དགོས་ཀྱི་འདུག བོད་ནང་དུ་དེ་ལྟར་གུང་ཁྲན་ལ་བསྟོད་གླུ་དང་དགའ་བསུ་བྱས་ནས་བསྡད་ན། ཕྱི་ལོགས་ནས་སྐད་ཤུགས་ཆེན་པོས་ངོ་རྒོལ་ཅི་ཙམ་གནང་ཡང་དོན་མེད་དུ་འགྲོ་ཡི་འདུག་ཅེས་བརྗོད་པ་ཞིག་བཀླགས་མྱོང་། ངས་ཀྱང་བསམ་ཚུལ་དེ་ཧ་ཅང་བདེན་པ་རེད་བསམ་མྱོང་མོད། ཅང་མ་འགོར་བར་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་ཟུར་བ་མི་ནག་ཚང་ལུང་རིགས་རྒྱལ་གྱིས་(༢༠༠༧) རྩོམ་སྒྲིག་པའི་གཏམ་དུ་ནམ་ཉི་མ་ཞིག་ལ་བོད་ས་ཡོངས་ནས་སྡེབས་ལངས་དང་དམར་གསོད་ཀྱིས་ཁྲག་གི་རྦ་རླབས་ཤིག་འཕྱུར་ངེས་པ་དེར་ང་སྐྲག་གི་( ཚིག་ཟིན་ལྟར་ཡོང་མེད་ནའང་ནང་དོན་དེ་ཡིན) ཞེས་པའི་རྩོམ་ཡིག་ཅིག་སྤེལ་སོང་ཡང་། ང་ལ་བསམ་ཚུལ་གོང་མ་དེའི་ཤུགས་རྐྱེན་ཆེ་སྟབས། རྩོམ་དེར་བདེན་པའི་ཆ་ཅི་ཡང་མ་མཐོང་།
དེའི་རྗེས་ནས་ ༢༠༠༨ ལོར་དངོས་སུ་ས་བྱིའི་ཞི་རྒོལ་ཆེན་མོ་བྱུང་བ་དང་། དེ་ནས་དཔའ་བོ་བཀྲ་བྷེས་དབུ་ཁྲིད་དེ་དེ་རིང་ལ་ཐུག་གི་བར་གྱི་གཞིས་ལུས་དཔའ་བོ་ཚོའི་རང་སྲེག་ལས་འགུལ་འདི་བྱུང་བ་རེད། ལྟོས་དང་། བོད་ནང་ནས་འཛམ་གླིང་ནང་བྱུང་མྱོང་མེད་པའི་ལས་འགུལ་འདི་འདྲ་བྱ་ཐུབ་ཀྱང་། བོད་ཕྱི་ལོགས་ནས་ཅི་ཞིག་འཇོན་གྱི་ཡོད་དམ། ད་དུང་ཟམ་གདོང་བླ་མ་བཀའ་བློན་ལས་འཁྱུར་བྱེད་གྲབས་སྐབས་“ངས་ད་བར་དུ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་ཀ་སྣ་གཅིག་བྱས་མ་མྱོང་”(སཱ་ར་མཐོ་སློབ་ཀྱི་གཏམ་བཤད་ཅིག་ཏུ་གསལ།)ཞེས་ལབ་མྱོང་། རྒྱལ་ཁབ་ཅིག་གི་སྲིད་བློན་གྱིས་དེ་འདྲའི་སྐད་ཆ་ཞིག་བཤད་ན། འཛམ་གླིང་ན་ཧང་མི་སངས་པའི་མི་ག་ཚོད་ཡོད་དམ། ཁོས་བཤད་པ་བཞིན་ཐེག་པ་ཆེན་པོའི་བཤེས་གཉེན་བསྟེན་ཚུལ་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ངས་མི་ཤེས།
བདག་གི་འདོད་ཚུལ་མཐའ་དག་བདེན་པ་ཡིན་པར་མ་འཚལ་ཡང་། ཁོག་ལ་སྦས་ནས་རུལ་དུ་འཇུག་མི་འདོད་པ་ཡང་ངའི་ལྟ་བ་ཉག་ཅིག་ཡིན་པས་རྒན་པོ་འཆི་ཁར་མི་བརྗོད་ག་མེད་བྱུང་སོང་། བརྒྱ་བཤད་ཚིག་གི་རྩ་བ་བཤད་ན། ད་ནི་རང་རེའི་མི་མང་དང་གཞོན་སྐྱེས་ཚོར་མི་ཆོས་ཀྱི་སློབ་གསོ་དང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་སློབ་གསོ་དེ་མཁོ་བས། ལས་འབྲས་དང་བྱང་སེམས། ལྷག་པར་དུ་སློབ་དེབ་ཀྱི་ཁྲོད་དུ་བཞག་ཡོད་པའི་ཆོས་འབྱུང་དེའི་ཚབ་ཏུ་ཆབ་སྲིད་ཀྱི་སློབ་གསོ་དེ་འཇོག་ཐུབ་ན་ཧ་ཅང་ཕན་པར་ངེས། གཞོན་ནུ་ཆུང་ཆུང་ཚོར་ཉི་མ་གཏོང་བྱེད་ཀྱི་རིགས་འཕྲུལ་རྟགས་བསལ་གཏོང་དུ་འཇུག་པ་ལས་ཚན་རིགས་དང་འཛམ་གླིང་ལོ་རྒྱུས་ཏོག་ཙམ་བསླབ་ན་ཡག་གི་འདོད། ཁ་ཕྱོགས་མི་མངོན་པའི་ལྷ་དང་ཀླུ་བྱེད་པ་ལས་འཇིག་རྟེན་མི་ཆོས་བྱེད་པའི་དུས་ཡིན། ང་ཚོ་ཚུར་གསོད་མཁན་གྱི་ལག་དམར་ལ་དགྲ་ཡི་འདུ་ཤེས་འཛིན་དགོས་པའི་སློབ་གསོ་གཏོང་རན་པ་ལས་ད་དུང་བྱིས་པ་གཉིས་འགུག་གི་གླུ་དབྱངས་ལྟ་བུའི་བྱང་ཆུབ་སེམས་མཆོག་འདོན་པའི་དུས་མ་ཡིན། ད་ནི་དགྲ་བོའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ལས་འགུལ་ཅི་ཞིག་སྤེལ་ཐུབ་མིན་ལ་འབད་པ་ལས་སྔར་བཞིན་སྒྱིད་ལུག་གི་བསམ་བློ་ཞིག་འཁུར་ནས་འཐབ་རྩོད་བྱས་པས་མི་ཡོང་། དེའི་སྟབས་ཀྱིས་ང་ཚོའི་མི་མང་ལ་རྒྱལ་གཅེས་སློབ་གསོ་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དམ་པ་ལགས་སོ།།
༢༠༡༢ ། ༡༢ ། ༧ ། ལ་བྲིས།
ནང་ཁུལ་འཐབ་རྩོད་བྱ་རྒྱུ་དེ་ནི་ང་ཚོའི་ལས་འགན་ཞིག་མིན་ལ། ནང་ཁུལ་ལ་ཡི་མ་རངས་བ་དང་བཙན་གནོན་བྱ་རྒྱུ་ཡང་དེ་ཡང་ང་ཚོའི་ལའ་འགན་ཞིག་མིན།
ང་ཚོའི་ལས་འགན་ནི་ང་ཚོས་ང་ཚོའི་སྤུན་ཟླའི་མི་རིགས་སྐྱོབས་དགོས། ང་ཚོས་ང་ཚོ་གཅིག་ཏུ་བསྒྲིལ་ནས་སྟོབས་ཤུགས་བེད་སྤྱད་དགོས།
ང་ཚོས་ང་ཚོར་ཡིས་ཆེས་དང་རེ་བ་སྐྱབས་བཅོལ་དགོས་པ་ལས་ང་ཚོའི་ཕྱི་རྒྱལ་དང་ཕྱི་མིར་རེ་བ་དང་སྐྱབས་བཅོལ་མི་རུང་།
ང་ཚོས་ང་ཚོའི་སྟོབས་ཤུགས་བཟོ་དགོས། མདོར་བསྡུས་ན་མའོ་ཙེ་ཏུང་གིས་གསུང་མྱོང་བའི་་་་་་རང་སྟོབས་་་་་་རང་སྤཻལ་་་་་་་ཟེར་བ་དེ་ལས་གཞན་ཅི་ཡང་མེད།
བོང་རྒན་ཁྱོད་ཀྱིས་སྔོན་མ་ཞིག་ནས་ཁ་བརྡ་དྲ་ལམ་ནང་ནས་ང་ལ་ལན་འདེབས་ཀྱི་མིན་ཞེས་ཟེར་ནས་སྡུག་སྐད་ལུང་པ་ནང་མི་ཤོང་བ་ཞིག་འདོན་བཞིན་འགྲོ་སོང་ཡང་། དེ་རིང་ཡང་བསྐྱར་ང་ཡིས་སྒོ་ཁར་སྡུག་སྐད་ཅིའི་ཕྱིར་འདོན་གྱི་ཡོད། ངས་དངོས་མིན་འཇམ་གཅེས་རང་ཡིན་པ་ལས་གཞན་ཞིག་གང་ཡང་མེད། ཤེས་འདོད་ན་དུས་བབ་གསར་ཁང་དུ་འབྲེལ་བ་བྱོས། མི་ཚེ་འདིར་མིང་རྫུན་འོག་ཏུ་ཡིབ་འདོད་མེད། ཧ་ཧ་ཧ་་་ཁྱོད་ཀྱིས་ང་ལ་སྡིགས་ར་སྐུལ་ན་ང་ངོ་མ་ཞེད་ཀྱི་འདུག །དེ་མིན་ཉ་ཉོག་བཤད་པར་ལན་གྱི་ང་བ་མི་འདོད་་་་་་་ཡིག་གེ་གང་འདྲ་འབྲི་མིན་ཁྱོད་ལ་ཇུས་གཏོགས་ཏིལ་འབྲི་ཙམ་ཡང་མེད་ཁ་ཁར་འདུག་ཤིག ། ལོག་སྤྱོད་པ་་་་་་་ཁྱོད་་་་
ཧ་ཧ། ཏང་ཕྲུག་སྐྱག་ཟན་ཁྱོད་ལ་ཁ་བརྡ་བྱེད་པ་ནི་སྐྱེས་དམན་ཡུག་ཟ་མ་ཞིག་དང་ཁ་རྩོད་བྱེད་པ་གཅིག་མཚུངས་རེད། གནས་ལུགས་དང་རྒྱུ་མཚན་དྲངས་རྒྱུ་རྫོགས་ནས་ངན་སྨྲས་དང་སྨོད་ངན་གྱི་དུས་འདའ་བར་བྱེད་པ་ནི་རང་མདོག་ཕྱི་རོལ་དུ་མངོན་སོང་བ་མ་ཟད། ཟམ་གདོང་བླ་མའི་སྒོ་ཁྱི་ཞིག་ཡིན་མདོག་བསྟན་པའི་ཆ་ནས་ཟམ་གདོང་བླ་མས་གསན་གཟིགས་གནང་ཡོད་ན་ཁོང་ཅི་འདྲའི་ངོ་ཚ་པོ་དང་ཞལ་སྐྱེངས་པོ་བྱུང་ཚོད་རེད།
དོན་དངོས་བྱས་ན་ཟམ་གདོང་བླ་མ་མཁས་པ་ཡིན་ན་འདྲ་མིན་ན་འདྲ་འཇོན་ཡོད་ན་འདྲ་མེད་ན་འདྲ་ལམ་དབུ་མའི་སྲིད་ཁྲི་ལས་ཕེབས་ཟིན་པ་རེད་ལ། ད་ལྟ་ག་རེ་གནང་གིན་ཡོད་ན་འདྲ་ང་ལ་ཇུས་ཏོག་སྤུ་ཙམ་ཡང་མེད། འོན་ཀྱང་ཆབ་སྲིད་སྡིང་ཆའི་སྟེང་དུ་སོ་སོའི་འདོད་ཕྱོགས་ཀྱི་བླ་མ་དང་ཆོས་ལུགས་ཀྱི་མི་སྣ་དེ་ཚོ་བཙན་གྱིས་དྲུད་མ་ཡོང་རོགས། བླ་མ་ཡག་པོ་ཡོད་ན་ཡང་གཤམ་འོག་གི་ཞེན་ཁོག་སྐམ་པོ་དང་ཕྱོགས་ལྷུངས་ཀྱི་མིག་ཤེལ་སྟུག་པོ་གྱོན་པའི་གང་ཟག་ཁྱོད་འདྲ་བ་ཚོས་བླ་མ་ནག་པོ་བཟོ་ཡི་ཡོད་པ་རེད།
ད་དུང་ཁྱོད་ཀྱིས་དྲན་གསོས་པའི་རིག་གནས་གསར་རྗེ་སྐབས་ཀྱི་གྲལ་རིམ་འཐབ་རྩོད་ནང་བོད་པ་ནང་ཁུལ་འཐབ་འཛིང་གཏོང་བཅུགས་མཁན་གྱི་དམར་བསྲུང་དམག་གིས་བྱ་སྤྱོད་དང་ངོ་མ་དང་བཤད་སྟངས་དེ་ཁྱོད་དང་སྒོ་ཀུན་ནས་འདྲ་སེའེ་འདུག་ག།
ལོག་སྤྱོད་ཞེས་པའི་ཐ་སྙད་འདི་འདོགས་ཡུལ་དང་འདོགས་མཁན་དེ་ངས་གོང་དུ་བཏབས་པའི་མཆན་ནང་བཀོད་ཡོད་ལ། འདོགས་པ་པོ་དང་འབོད་པ་པོ་རང་ཉིད་ལོག་སྤྱོད་ཡིན་པ་ས་རིས་ཐང་གསལ་ལགས་ན་ངས་ལོག་སྤྱོད་པའི་ཆོ་ལོ་དེ་ཁྱོད་ལ་སྤྲད་ན་གང་འདྲ་འདུག། བྱས་ཙང་ཇགས་པ་ཧམ་ཆེན་གྱིས་གཞན་གྱི་རྒྱུ་ནོར་བཅོམས་པ་མ་ཟད། ད་དུང་གཞན་གྱི་རྒྱུ་ནོར་དེ། ངའི་ཡིན་ག་དུས་ཁྱོད་ཀྱིས་རྐུས་པ་ཡིན་ཞེས་བཤད་པ་ནང་ལྟར་རེད།
དེས་ན་དངོས་མིང་འོག་ཏུ་བཀུམས་པའི་ཏང་གི་དྲ་འབུ་ཁྱོད་ཀྱིས་དངོས་མིང་དང་ཁ་བྱང་བཏོན་ཤོག་དང་ངས་ཀྱང་ཁྱོད་ལ་ཁ་དཔར་ཨང་གྲངས་དང་བཅས་པ་བཤད་ཆོག། ངས་ཏང་ཕྲུག་སྐྱག་ཟན་ཁྱོད་གང་འདྲ་ཞིག་འདུག་བལྟ་འདོད་ཡོད།
རྗེས་མ་ལན་འདེབས་འདྲ་འབྲི་དགོས་ན་སྒྲ་དག་གསལ་གསུམ་འབྲི་རོགས། སྐབས་རེ་གོ་མི་བཏུབ་པ་ནི་ཨ་ཅང་ཅང་ཀློག་ཀྱང་མི་བདེ་བ་ཞིག་འདུག།
་་་་་་ མཚམས་འདིར་ངས་དྲ་གྲོགས་ཡོངས་ལ་སྒྲུང་ཞིག་བཤད། རིག་གསར་སྐབས་སུ་བོད་རིགས་ཞབས་འདྲེན་པ་ཞིག་གིས་ཡུལ་དེའི་བླ་ཆེན་ཞིག་ལ་འཐབ་རྩོད་བརྒྱག་པ་རེད། ཁོས་བཤད་རྒྱུར། སྔོན་མ་ང་ལ་ཟ་ཡ་མེད་པའི་དུས་དེར་ཁྱོད་ཀྱིས་མར་དང་རྩམ་པ་དཀྲུགས་ནས་ང་ལ་མང་པོ་ཞིག་སྤྲོད་སོང་བ་དེ་གང་ནས་འཁྱེར་ཡོང་བ་ཡིན་ཟེར་ནས་མི་མང་འདུར་འཛོམས་སར་བཤད་ནས་བླ་མ་དེར་སྡིགས་སྐུལ་བྱས་པ་རེད་དེ་རིང་ཁྱོད་ཀྱིས་བཤ་དསྟངས་འདིར་མཐོང་དུས་དྲན་སོས་སོང་། ་་་་ཟེར།
ཟམ་གདོང་བླ་མའི་མཁྱེན་རྩལ་དང་རྣམ་དཔྱོད་ཀྱིས་བློ་གྲོས་ཟུ་རེ་ཡང་མི་ངན་ཁྱོད་ཚོའི་དོ་ཟླ་མི་ཡོང་བཞིན་དུ་ཨུ་ཚུགས་ཀྱིས་འགྲན་འདོད་པ་ནི་དགོད་མོ་ཤོར་རྐྱེན་ཞིག་ལས་གང་ཡང་མི་འདུག །ཁོང་གིས་ཚིགས་མཐོན་པོ་བེད་བསྐྱེད་ནས་ང་ཚོའི་མགོ་བོ་རྨོངས་བཅུག་སོང་ཟེར། ཡང་རེས་འགའི་ཁོང་གིས་གྲོས་ཚོགས་ནང་རིག་ལམ་བེད་བསྐྱོད་ནས་འཐུས་མི་དག་མགོ་ཡོམ་འཁོར་དགོས་པ་བཟོས་ནས་སོ་སོའི་འདོད་མོས་བཞིན་ལས་དོན་གནང་བ་རེད་ཟེར། ཧ་ཧ་ཧ་་་ངོ་ཚ་བྲལ་སོང་བས་མི་ལ་འདི་འདྲ་ཡོད་པ་རེད། སོ་སོར་རྨོངས་ལྐུགས་ཡིན་པ་མ་ཤེས་པར་ཟམ་གདོང་ལ་བསྐྱོན་འཛུག །མཚམས་འདིར་ངས་དྲ་གྲོགས་ཡོངས་ལ་སྒྲུང་ཞིག་བཤད། རིག་གསར་སྐབས་སུ་བོད་རིགས་ཞབས་འདྲེན་པ་ཞིག་གིས་ཡུལ་དེའི་བླ་ཆེན་ཞིག་ལ་འཐབ་རྩོད་བརྒྱག་པ་རེད། ཁོས་བཤད་རྒྱུར། སྔོན་མ་ང་ལ་ཟ་ཡ་མེད་པའི་དུས་དེར་ཁྱོད་ཀྱིས་མར་དང་རྩམ་པ་དཀྲུགས་ནས་ང་ལ་མང་པོ་ཞིག་སྤྲོད་སོང་བ་དེ་གང་ནས་འཁྱེར་ཡོང་བ་ཡིན་ཟེར་ནས་མི་མང་འདུར་འཛོམས་སར་བཤད་ནས་བླ་མ་དེར་སྡིགས་སྐུལ་བྱས་པ་རེད་དེ་རིང་ཁྱོད་ཀྱིས་བཤ་དསྟངས་འདིར་མཐོང་དུས་དྲན་སོས་སོང་། ལོག་སྤྱོད་པ་ཞེས་མིང་འདི་འདོགས་འོས་ས་ཞིག་ལ་འདོགས་པ་ཡིན་་་མ་འདོད་ན་གང་དགའ་གྱིས་ཤིག །ལོག་སྤྱོད་པ་ཁྱོད་ཀྱིས་འདོད་རུང་འདྲ་མ་འདོད་རུང་འདྲ། གང་ལྟ་ན་དེང་གིས་དུས་འདིར་ཟམ་གདོང་བླ་མ་ནི་ན་ཕྱི་ནང་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། ༧གོང་ས་ཡིད་བཞིན་ནོར་བུའི་ཐུགས་སྲས་གཅིག་པུ་དེ་རེད་བཅས་མགྲིན་པ་གཟེངས་སུ་སྟེགས་ནས་བཤད་ཆོག་པ་རེད། བཀའ་ཁྲིའི་མཚད་ཁུར་ཆུད་མ་ཐག་ནས་དགའ་ཕོ་བྲང་གི་སློབ་བསྟོན་པར་བསྐོས་མཁན་དེ་སུ་ཡིན་ནམ ། ཁྱེད་ཀྱིས་བཤད་པའི་གནས་ཚད་དེར་བསྐྱལ་མཁན་སུ་ཡིན་མ་ཤེས་བོང་བུའི་བོང་རྟགས་དང་། དུད་འགྲོ་མི་གཟུགས་ཅན་གྱིས་གཤིས་ཁ་རེད། སྐྱག་ཟན་་་་བོང་རྒན་བླུན་རྒན་་་་་་དངོས་མིན་ཙམ་ཡང་བསྟོན་མི་ནུས་པར་་་དུས་རྟག་ཏུ་མིང་བྱང་རྪུན་མ་ཞིག་གིས་འོག་ནས་སྡུག་སྐད་འདོན་དགོས་པ་དེ་ཁྱོད་ཀྱིས་ལས་རེད་་་་་མི་འདོད་ན་ཡང་འཁུར་དགོས་ངེས་རེད།
ངས་བཤད་པ་དེ་འབེན་ལ་ཕོགས་འདུག། ཏག་ཏག་རེད། ཟམ་གདོང་བླ་མའི་སྒོ་ཁྱི་དེ་ཚོས་ཀུ་ཅོ་མང་མང་བསྒྲོགས་པ་དེ་སྒོ་ཁྱིའི་ལས་འགན་འཁུར་བར་ཧ་ལས་རྒྱུ་ཅང་མི་འདུག་མོད། ད་ཆ་ཁོ་ཚོས་ཟམ་གདོང་བླ་མ་རྐང་པ་ས་ལ་མི་རེག་པར་བར་སྣང་ལ་འགྲོ་བསྐྱོད་བྱེད་པ་དང་མཐའ་ན་སྐྱག་གཅིན་ཡང་མི་གཏོང་བའི་གང་ཟག་ཞིག་གི་ཚད་ལ་བསྐྱལ་འདུག། ཧ་ཧ་ཧ་ཧ། བྱས་ཙང་དབྱར་ཁབ་ཀུན་བཟང་ལགས་ཀྱིས་༼ཞེན་ཁོག་ཕྱོགས་ལྷུངས་ཅན་ལ་ཆོ་ལོ་༽ཞེས་པའི་དཔྱད་རྩོམ་ལ་ལྟ་ཀློག་བྱས་ན་ཕྱོགས་ལྷུངས་ཀྱི་ར་བཟི་དྭངས་བའི་རེ་བ་འདུག།
དེ་ནས་ལོག་སྤྱོད་ཞེས་པའི་མིང་ཚིག་འདི་བཅིངས་གྲོལ་དམག་བོད་དུ་སླེབས་པ་དང་གསར་དུ་བྱུང་བའི་མིང་ཚིག་ཞིག་རེད་ལ། རིམ་པས་དར་ཁྱབ་བྱུང་ནས་རིག་གནས་གསར་རྗེ་ཆེན་པོའི་སྐབས་དར་ཁྱབ་ཆེ་ཤོས་སྟེ། མངའ་བདག་ཆེན་པོ་གསུམ་དང་གྲལ་རིམ་རབ་འབྲིང་མཐའ་གསུམ་ནང་དབུས་པོ་དང་བྲན་གཡོག་གིས་རྣོ་ངར་ཅན་གྱི་འཐབ་འཛིང་གཏོང་སྐབས་བེད་སྤྱོད་ཆེ་ཤོས་བྱས་པ་རེད་ལ། རིམ་པས་མིང་ཚིག་འདི་འདོགས་ཡུལ་གཙོ་བོ་ཡུལ་བགྱར་སྲིད་གཞུང་དང་ཡུལ་བགྱར་བོད་མི་ཚོར་འབོད་བཞིན་པ་རེད། མིང་ཚིག་འདི་འདོགས་པ་པོ་དང་འབོད་པ་པོ་ནི་ཕ་གསད་དང་མ་གསད་ཀྱི་ལག་དམར་བ་དང་ཕུ་ནུ་མིང་སྲིང་བཅས་པ་གསོད་བཏུབས་བརྡུང་གསུམ་བྱེད་མཁན་གྱི་ཤན་པ་དང་། བོད་མི་རིགས་ཀྱི་ཁ་རྗེ་དབང་ཐང་རྒྱུ་ནོར་ལོངས་སྤྱོད་དང་བཅས་པ་གཏོར་བཅོམས་འཕྲོགས་གསུམ་བྱེད་མཁན་གྱི་འཕར་སྤྱང་གི་ཇགས་ཚོགས་ཆེན་པོ་རྒྱ་གུང་ཁྲན་ཟེར་བ་དེ་རེད།
དེས་ན་མིང་ཚིག་འདི་ད་ལྟ་བེད་སྤྱོད་བྱེད་པར་དགའ་བའི་འཇམ་གཅེས་ཏང་ཕྲུག་སྐྱག་ཟན་ཁྱོད་འཕར་སྤྱང་གི་ཇགས་ཚོགས་ཀྱི་མངགས་པའི་སྤྱང་ཕྲུག་ཞིག་ཡིན་པ་གསལ་པོ་ཤེས་ཡོད།
འཇམ་གཅེས་ལ་རྒྱབ་སྐྱོར་ཡོད་ལགས།
རེད་རེད་་་་་ངས་སོ་སོའི་ཁ་ཕོར་ཆེད་དུ་དང་། ནང་ཁུལ་དཀྲུག་ཤིང་ཆེད་དུ་བཤད་གྱི་ཡོད་པར་ཁྱོད་ཚོས་ངོས་འཛིན་མ་ནོར་བ་གྱིས་ཤིག །ཁྱོད་ཚོས་ཟམ་གདོང་ལ་བསྐྱོན་བརྗོད་བཟོ་སྟངས་ནི་ངོ་མ་རང་མགོར་བརྡོ་ལ་བཞུས་དང་གཅིག་མཚུངས་མ་ཡིན་ནམ། ཁྱོད་ཚོས་ཟམ་གདོང་བླ་མའི་བདེན་གཏམ་བཤད་ཀྱི་འདུག་ཟེར་ནས་བསྐྱོད་བརྗོད་བཟོ་སྟངས་འདིའི་སོ་སོའི་རང་མདོག་ངན་པ་ཞིག་ཕྱིར་མངོན་བཅུག་པ་མ་ཡིན་ནམ། ཟམ་གདོང་བླ་མའི་སེམས་ཤུགས་མེད་ན་ཡོད་མདོག་དང་། ལ་རྒྱལ་མེད་ན་ཡོད་མདོག་མ་གནང་བར་བདེན་གཏམ་བཤད་པར་ཡིད་རངས་ཞུ་དགོས་ངེས་རེད། དེ་ནི་ཁོང་གིས་དྲང་བདེན་དང་མི་གཤིས་མཚོན་གྱི་ཡོད་པ་རེད། གསེར་འབྲུག་ལོག་སྤྱོད་པ་གཙོས་བྱས་ནས་དྲ་འབུ་ཀུན་ལ་སྤྲིངས་པ། །
སྐུ་ཞབས་མིག་མི་འཛུམ་གྱིས་བཤད་པའི་སྐད་ཆ་ཁ་ཤོས་ཤིག་ལ་དངོས་གནས་རྒྱུ་མཚན་ཡོད་པར་མཐོང་གི་འདུག བོད་མི་ས་ཡ་དྲུག་ཚང་མ་རྟོགས་ལྡན་དང་སྒོམ་ཆེན་པ་རྐྱང་མིན་ཕྱིར་ཆོས་ཕྱོགས་ནས་བཤད་པའི་བདག་ལས་གཞན་གཅེས་ཀྱི་ཉམས་ལེན་དེ་ལག་ལེན་སྟར་རྒྱུ་ཧ་ཅང་དཀའ་ལ།ཡིན་གཅིག་མིན་གཉིས་དེ་ཕྱོགས་ལ་འབད་པ་བྱེད་དགོས་པའི་ངེས་པ་ཡང་མེད་པར་སེམས།ཡང་ཕྱོགས་གཅིག་ནས་བཤད་ན་རང་གི་ཁེ་ཕན་དང་རང་དབང་ཡང་སྲོང་སྐྱོབས་བྱེད་ཐུབ་ཀྱི་མེད་པའི་མི་ཞིག་གིས་གཞན་དོན་གྱི་སྐད་ཆ་ཅི་ཙམ་བཤད་ཀྱང་དངོས་ཡོད་གནས་ཚུལ་དང་རྒྱང་ཐག་ཧ་ཅང་རིང་བའི་ཚིག་སྐམ་ཞིག་ལས་ཅི་ཡང་མིན།དེ་ལས་ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱི་ཕན་ཐོག་ཡོད་པའི་མི་རིགས་དང་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།གལ་ཏེ་མིག་འཛུམ་གྱིས་དྲངས་“ངས་ད་བར་དུ་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་ཀ་སྣ་གཅིག་བྱས་མ་མྱོང་”བཞིན་ཟམ་གདོང་རིན་པོ་ཆེས་དངོས་སུ་དེ་འདྲ་གསུངས་ཡོད་ཚེ་དེ་ནི་ཧ་ཅང་གི་ཚབ་ཆེན་སྐད་ཆ་ཡིན་ལ།གལ་ཏེ་རྒྱལ་ཁབ་གཞན་གྱི་སྲིད་འཛིན་ཞིག་གིས་དེ་ལྟར་བཤད་ཚེ་རྒྱལ་ཁབ་དེའི་ཁྲིམས་ལ་འདོགས་པའི་གནས་ཚུལ་ཡང་འབྱུང་མི་སྲིད་པ་མིན།འོན་ཀྱང་ང་ཚོ་བོད་པ་ཚོས་དེ་ལས་ལྡོག་ཏེ་ཟམ་གདོང་རིན་པོ་ཆེའི་གཟི་བརྗིད་ཅིག་ལ་མི་བརྩི་བའི་ངེས་པ་ཡང་མེད་པ་ཡིན། ང་ཚོ་བོད་མི་ཚོའི་སྣང་བ་དག་དྲག་པའི་སྐྱོན་ཞིག་མིན་བསམ་གྱི་འདུག འདི་ནི་ང་ཚོ་བོད་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ཀྱི་གནས་ཚུལ་ངོ་མ་དེ་ཡིན།
མིག་མི་འཛུམ་ལགས།
ཆབ་སྲིད་རིག་པའི་གཞུང་ལུགས་དང་འབྲེལ་བའི་དཔྱད་རྩོམ་མུ་མཐུད་སྤེལ་བར་དགའ་ནས་ཡོད་ལ། མགོ་མཇུག་ཏག་ཏག་ལོག་པ་མ་ཟད་བྱེད་སྒྲ་དང་འབྲེལ་སྒྲ་ཡང་མི་ཤེས་པའི་རང་གིས་རང་ལ་སྨོད་མཁན་གྱི་རྗེས་འདེེད་པའི་ཁ་ལ་ཉན་འཇོག་མ་བྱེད་རྒྱུའི་རེ་བ་ཡོད་ལ་འབད་བརྩོན་ཆེན་པོ་མདུན་བསྐྱོད་དང་ཤུགས་རྒྱོབ།
འོན་ཀྱང་དྲག་རྒོལ་གྱི་ལས་འགུལ་སྤེལ་སྟངས་ཐད་(ལྕགས་ལམ་གལ་ཆེན་ཁག་གཏོར་བ་དང་ཆུ་འགག་གློག་འདོན་ས་ཚིགས་ཁག་གཏོར་ཆོག་)ཟེར་ན་ཕ་རོལ་པོར་གནོད་གཞིའི་གནད་འགག་རང་བཞིན་ཅན་ཞིག་མ་རེད་འདོད།
ཧ་ཧ་དེང་སང་གི་དྲ་འབུ་ཁ་ཤས་ལ་ཟེར་གྱི་ཡོད། མ་ཤེས་ན་ཡང་ཤེས་མདོག་མ་བཟོ་ཤིག །སྲིད་བཤད་ན་ཆོས་ཤེས་མདོག །ཆོས་བཤད་ན་སྲིད་ཤེས་མདོག་བཟོ་བ་འདི་ནི་དེང་སང་དྲ་འབུ་དག་གི་གཤིས་སུ་གྲུབ་འདུག་ལབ་ན་མི་ཆོག་པ་མེད་པར་མངོན། སེམས་གཙོ་དང་དངོས་གཙོའི་སྐད་ཆ་འབྲེལ་མེད་དོན་གཞན་ཞིག་ངའི་དུས་ནང་ཡང་བཤད་མི་འདོད། རང་དང་ལྟ་གྲུབ་མི་མཐུན་པའི་མི་བུ་དག་གི་སྤྱོད་ཚུལ་ལ་་སྡུག་སྐད་རྒྱུན་མི་ཆད་པ་ངའི་དུས་ནམ་ཡང་འདོན་མི་འདོད། རང་གི་ནག་ཉེས་ཐེར་འདོན
་བཟོ་མཁན་དག་ལ་དགྲ་བོའི་འདུས་ཤེས་ངའི་དུས་ནང་ཡང་འཛིན་མི་འདོད། རང་ལ་བྱས་པ་རྡུལ་ཙམ་མེད་པར་མི་ལ་སློབ་སྟོན་ངའི་དུས་ནམ་ཡང་བཟོ་་མི་འདོད། རང་ལ་ཤེས་ཡོན་རང་མགོ་ཐོན་ངེས་ཞིག་མེད་བཞིན་དུ་གཞན་གྱི་སྔོན་ནས་མཁས་དབང་ཡིན་མདོག་མདོག་གིས་བཅོས་མའི་རྣམ་འགྱུར་ངའི་དུས་ནམ་ཡང་སྟོན་མི་འདོད། རང་ལ་འཇོན་ཐང་ཏིལ་འབྲུལ་ཙམ་མེད་བཞིན་དུ་གཞན་གྱི་སྔོན་དུ་ཆེ་མདོག་དང་འཇོན་ཐང་ཅན་ཞིག་ཡིན་མདོག་གྱི་སྤོབས་པ་ངའི་དུས་ནམ་ཡང་ཁུར་མི་འདོད། རང་ལ་ནུས་པ་ཁབ་རྩེ་ཙམ་ཞིག་མེད་བཞིན་དུ་མིང་རྗུན་འོག་ནས་ཁ་ཕོར་འབྲུག་སྒྲ་ལྟ་བུར་ངའི་དུས་ནམ་ཡང་བསྒྲོགས་མི་འདོད། རང་ལ་སྤྱིར་སེམས་ནས་འབྲུ་ཙམ་ཞིག་མེད་ན་ཡང་གཞན་གྱི་སྔོན་ནས་ལ་རྒྱའི་གླུ་དབྱངས་གཞན་གྱི་ཨ་མཆོག་ཚ་ཚ་བར་དུ་ངའི་དུས་ནམ་ཡང་འཐེན་མི་འདོད། རང་ལ་བློ་ཁོག་ཐལ་རྡུལ་ཙམ་ཞིག་མེད་ན་ཡང་དཔའ་བོ་ཡིན་རབས་ཀྱི་སྟོང་གཏམ་ལུང་པའི་ནང་དུ་མི་ཤོང་བ་རེ་ངའི་དུས་ནམ་ཡང་བཤད་མི་འདོད། འདི་དག་ནི་ངའི་རང་གཤིས་སོ། །
ཁ་ནས་བཤད་དུས་ལ་རྒྱལ་ཟེར་བཞིན་ད་ལྟ་དགྲ་ལ་རྒོལ་མདོག་ཞིག །
སེམས་པའི་མངོན་འདོད་ཕུལ་ནུ་ནང་ཁུལ་དཀྲུག་འདོད་ལྟ་ངན་ཡལ་མ་མྱོང་། །
ཁ་བ་རི་བའི་བདེ་སྡུག་བསམས་ན་ཁ་དོན་ཚིག་ལ་གནས་དགོས་ལས། །
རང་དབང་ཟེར་བཞིན་ཁྲེལ་གཞུང་བྲལ་བས་ངང་ཚུལ་བསམ་ན་ཡིད་རེ་མུག །
བསམ་ཤེས་མེད་པའི་རྐང་གཉིས་དུད་འགྲོའི་མི་གཟུགས་ཅན་ཚོ་ཡ་རེ་ང་། །
གནས་ལུགས་དབེན་པའི་བྲག་རྫོང་ནང་དུ་བྱ་ཐན་འུག་པའི་བཙན་ས་བཟུང་། །
བདེན་དོན་ཉིན་བྱེད་འོད་ཟེའི་གཟིམས་མདང་སྨག་ཆེན་སྣང་བར་ཡིད་རེ་མུག །
རང་གིས་ངོ་གདོང་སྐྱག་པའི་ཁེངས་ནས་གཞན་ལ་སྨོད་ཁུལ་ཡ་རེ་ངལ། །
དྲག་རྒོལ་ལ་དད་ཤུགས་ཆེ་བའི་མི་བུ་ཚོ་རང་ས་ནས་ལམ་དེར་ཞུགས་ནས་རྒྱ་གཞུང་ལ་སུན་གཙེར་དང་འཇིགས་སྣང་སྐུལ་ལ་འགྲིག་མོད། དེ་ལས་ལྡོག་ཏེ་མདུང་ཁ་ནང་དུ་སྐོར་ནས་ནང་དམེ་དང་། ༧ གོང་ས་མཆོག་དང་རང་གཞུང་ལ་ངན་སྒྲོག་དང་སྡིག་དམོད་གཏོང་རྒྱུ་ཉུང་དུ་བཏང་ན་འོས་སོ། ཁྱོད་ཚོས་རང་་གཞུང་གི་ཆོས་སྲིད་གཉིས་ཀྱི་མགོ་ཁྲིད་རྣམ་པར་སྡིག་ར་དང་ངན་སྒྲོག་བྱས་སྟངས་ལ་ལྟོས་ན་རྒྱ་གཞུང་ལས་ལྷག་པའི་ཁོང་རྣམ་པར་སྙིང་ནད་དང་ཆེ་བ་ཞིག་འདུག་ང་ངོ་མ་ཡ་མཚན་ཀི
དྲག་རྒོལ་དང་དྲག་ལངས་ནི་རྒྱ་གཞུང་ལ་ངེས་པར་ཏུ་མཁོ་བའི་ལག་ཆ་ཡག་ཤོས་དེ་རེད། གཞིས་སྡོད་བོད་མི་ཚོའི་ཞི་རྒོལ་ཁོར་བརྟེན་ནས་རང་རིགས་བདག་དབང་རྩོད་ལེན་བྱེད་ཀྱིན་ཡོད་མོད། ཡིན་ཡང་། རྒྱ་གཞུང་གིས་དེ་ལས་ལྡོག་ཏེ་ང་ཚོ་ལ་དྲག་སྤྱོད་པ་དང་ཁ་བྲལ་པ་ཞེས་ཞ་ནག་དགུ་བརྩེགས་མ་ཞིག་གཡོག་ཅི་ཐུབ་བྱེད་ཀྱིན་ཡོད་པ་དྲག་རྒོལ་ལ་མོས་མཁན་ཚོས་ཀྱང་ཤེས་གསལ་རེད། འོན་ཀྱང་། དྲག་རྒོལ་ལ་མོས་དད་ཆེ་བ་དང་དམར་ཕྱོགས་ལ་དུང་བ་ཡོད་པ། དྲག་རྒོལ་ལ་ཞུགས་པའི་བློ་སྟོབས་དང་ཆོད་སེམས་ལ་འགྱུར་བ་མེད་ན་ཁྱོད་ཚོ་ལམ་ཁ་དེར་ཞུགས་རོགས་གནང་དང་བསྔགས་བརྗོད་ཡོད། ཡང་དེ་ལས་ལྡོག་ཏེ་རང་ཚོ་ཕྱིར་ནར་དང་སྦས་སྐུང་བྱས་ཏེ་གཞིས་སྡོད་བོད་མི་ཚོ་ལམ་ཁ་དེར་མ་འདེད་རོགས་ཞེས་ལག་ཟུག་ཐལ་མོ་སྦྱར་ནས་ཞུ་བ་འཐེན།
འདིར་འཛོམས་པའི་རྗེས་འདེད་པ་ཚོས་ག་རེ་བཤད་ན་མ་བཤད་ན། མིག་མི་བཙུམ་པའི་གནས་ལུགས་མིག་ལ་བསྟན་ནས་སྐད་ཆ་བཤད་ཀྱིན་འདུག དགའ་བསུ་ཡོད། དེ་བཞིན་རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།
ཧ་ཧ་འཇམ་གཅེས་ཞེས་པ་རང་ང་ཚོའི་དངོས་མིང་རྩལ་ནས་ལས་འགུལ་མ་སྤེལ་གོང་རྒྱ་དམར་ལ་ངོ་སྤྲོ་འདོད་པ་ཡིན་དོགས་འདུག། ཀས་ལྐུག་པ་ལས་དོན་ད་བར་སྐྱོན་ཆ་བྱུང་བ་གསང་བ་ཤོར་ནས་ལམ་ལྷོང་མ་བྱུང་བ་རེད་དེར་བརྟེན་ང་ཚོས་དངོས་མིང་གབ་པ་དེར་དགེ་མཚན་འདི་ཡོད་རེད། ཁྱེད་རང་བཞིན་ནི་རང་གི་སྤུན་ཟླར་དགྲ་བོས་གཉའ་གནོན་དྲག་རྩུབ་མི་བཟོད་ཚད་འདས་བྱེད་ཀྱང་དལ་དལ་པོ་གནས་མཁན་ཞིག་རེད་ཤབ ཡིནའང་ང་ཚོ་འདི་འདྲ་མ་རེད་ད།
བོད་དཔའ་མཛངས་བདེན་དོན་ཉིད་རྣམ་པར་རྒྱལ་གྱུར་ཅིག།།།།
མིག་མི་འཛུམ་ལགས་སུ་དགའ་བསུ་ཞུ།
ཤེས་རྟོག་དང་ཁེ་ཕན་རང་བཞིན་གྱི་བསམ་ཚུལ་ཞིག་ཡིན་མིན་ཇི་ལྟར་ཡང་། ཁྱོད་ཀྱིས་རང་ཚུགས་དང་ངར་ཤུགས་ཀྱི་གཤིས་ཀ་ཡོད་པའི་རྩོམ་ཡིག་རེ་འགའ་སྤེལ་སོང་བ་ལ་རྒྱབ་སྐྱོར་ཞུ།
དེང་གིས་དུས་འདིར་སོ་སོའི་དངོས་མིང་ཙམ་ཡང་སྟོན་མི་ཕོད་པ་མིང་བྱང་རྫུན་མ་རེ་རེའི་འོག་ཏུ་ཡིབ་ནས། དུད་འགྲོ་མིའི་གཟུགས་ཅན་འདི་ཚོའི་རང་ཉིད་ཀྱིས་ཀུན་སྤྱོད་དང་། ཤེས་ཡོན། དཔའ་མཛངས་དང་། རྣམ་དཔྱོད། དེ་བཞིན་བཟང་སྤྱོད་དང་། ཉམ་མྱོང་སོགས་ལ་དཔག་ནས་བློ་ཁ་ནང་དུ་མི་ཕྱོགས་པར། རང་ལྟ་མཆོག་འཛིན་གྱིས་དབང་གི་མངོན་པའི་ང་རྒྱལ་གྱི་ཁེངས་ཏེ་སེམས་ཁོངས་སུ་བདུད་སྲིན་དོལ་འདྲེ་སོགས་འཛུལ་བ་བཞིན། སྤྱིར་སེམས་དཀར་ཞིང་མཛད་རྗེས་ཆེ་བས་སྐྱེས་ཆེན་དག་ལ་མིག་ནང་དུ་ཚེར་མ་བཞིན་འཛིན་ནས་ངོ་ཚ་ཁྲེལ་གཞུང་བྲལ་བ་དང་། མ་མཐར་ཡང་འགྲོ་བ་མི་ཞིག་ལ་དགོས་པས་བཟང་སྤྱོད་ཀྱི་འགན་ཡང་འཁུར་མི་འདོད་པ་ལོང་བ་ཆུའི་ནང་མཆོང་བ་བཞིན། གནས་ལུགས་བྲལ་བས་འུར་ཤོད་དང་དེ་བཞིན་འགན་ཁུར་མེད་པའི་དཀྲོག་གཏམ་ཟད་མཐའ་མེད་པ་སྤེལ་མཁན་འདི་ཚོའི་གྲས་ལ་ལན་གྱི་ངལ་བ་དང་དུ་ལེན་དགོས་ཆེར་མི་འདུག་མོད། ཡིན་ཡང་རྣག་ཐོག་གཙག་འཁེལ་ཟེར་བ་བཞིན་དུས་དུས་སུ་འབུར་འཇོམས་རེ་མ་བྱས་ཚེ་ངན་པ་ལོང་ཤོར་དུ་འགྲོ་རྒྱུ་ཉག་གཅིག་བརྟེན། འཇམ་མཁས་དང་བཟང་པོའི་ཚིག་གིས་མཛེས་རྒྱན་སོགས་མི་དགོས་པར་གཙོར་གཉེར་ཐོག་ནས་ཁ་བརྡུ་རེ་བཏང་དགོས་བྱུང་བར་གཟུར་གནས་སྐྱེས་ཆེན་ཀུན་ལ་སྙིང་ནས་བཟོད་གསོལ་ཞུ་རྒྱུ་དང་། སླད་མ་ཡང་མི་ངན་འདི་ཚོའི་རྔ་ལ་དཔག་པའི་ངས་ཀྱང་དེ་བཞིན་གར་འཁྲབ་འདོད་ནི་དམ་བཅའ་འམ་ཆོད་སེམས་ཡིན་པས་དེ་བཞིན་དགོངས་མངའ་ཡོང་བ་ཞུ། །
སྐུ་ཚེ་རིང་། རྒྱ་རིགས་སྤུན་ཟླ་མ་གསོད་་་་་་་་རྒྱ་ལོ་ཁོང་ཁྲོང་ལང་འགྲོ
སྐུ་ཚེ་རིང་། རྒྱ་རིགས་སྤུན་ཟླ་མ་གསོད་་་་་་་་རྒྱལ་བཙོང་བླ་མ་ངར་ཡོང་།
སྐུ་ཚེ་རིང་། རྒྱ་རིགས་སྤུན་ཟླ་མ་གསོད་་་་་་་་རྒྱ་ཁྱིས་ངུ་སྐད་རྒྱབ་ཡོང་།
སྐུ་ཚེ་རིང་། རྒྱ་རིགས་སྤུན་ཟླ་མ་གསོད་་་་་་་་རྒྱ་སྒོར་དམར་པོ་མི་འཐོབ
ཐུགས་རྗེ་ཆེ། དོར་རྒྱའི་རྗེས་འབྲངས་གསོད་རོགས་བྱོས་། སངས་རྒྱས་བསྟན་པར་ཉེས་ཁ་འདུག
ཐུགས་རྗེ་ཆེ། ཆུ་སྒང་རྩ་མེད་བཟོ་རོགས་བྱོས། གུན་ཁྲན་ཏང་ལ་ཉེས་ཁ་འདུག
ཐུགས་རྗེ་ཆེ། འཇམ་དབྱངས་ནོར་བུ་གསོད་རོགས་བྱོས། རང་བཙན་འཐོབ་པའི་ཉེས་ཁ་འདུག
ཐུགས་རྗེ་ཆེ། གཞོན་ནུ་ལྷན་ཚོགས་གཏོར་རོགས་བྱོས། འཪཐབ་རྩོད་ནུས་ཤུགས་འདུག
ང་ནི་མཐའ་གཅིག་ཏུ་འཇིགས་བྲལ་བསྟན་འཛིན་ལགས་སུ་མོས་མཐན་ཞུ། བསམ་ཚུལ་ཧ་ཅང་ལེགས་པོ་འདུག་ད་ལས་ཇུས་འདི་འདྲ་ཞིག་མ་སྤེལ་ན་འགྲིག་ལེ་མིན་འདུག་ད་རིང་རང་ང་ཚོས་རྒྱལ་གཅེས་དཔའ་བོ་ཞིག་གིས་མེ་མཆོད་བཞེས་ཤག་ད་དེ་མུར་བསྡོད་ཐབས་བྲལ་བས་ང་ཚོ་གངས་དར་ནང་ནོར་བུ་མེ་འབར་ཡོད་པས་རྟགས་དང་རྟེན་འབྲེལ་འགྲིག་ཤག། ད་ཞི་བ་འབད་ནས་མ་བྱུང་དུས་དྲག་ལས་ཀྱི་ཐོག་ནས་ལས་འགུལ་འདི་ལྟར་སྤེལ་ཚེ་རྒྱ་དམར་གྱིས་བོད་ནང་ངོམས་བཞིན་པ་དང་། རང་འབྱུང་འཁོར་ཡུག་ལ་གནོད་སྐྱོན་གཏང་ནས་གཏེར་ཁ་རིན་ཐང་ཅན་འཁྱེར་འགྲོ་བ་ལ་ལམ་ཁ་ཉམས་གསོ་ཡང་བྱས་བསྐྱང་བྱས་བྱེད་དགོས་པ་ཆགས་ངེས་རེད། དེ་ནས་ཡིད་ཆད་གཏིང་ནས་སྐྱེས་པ་གཅིག་ཡོང་གི་རེད། ད་བོད་ཕྲུག་དར་མ་ཚོ་འབད་པས་བོད་སྐྱོབ་ནས་ལེན་ཤོག།།།
གོ་བར་བྱ་བའི་གཏམ།
ང་ནི་རང་རའི་ཕྱོགས་ཡོངས་ཀྱི་ད་ལྟའི་ཁོར་ཡུག་ནང་དྲག་སྤྱོད་ལ་མཐར་ཐུག་གི་རྒྱལ་ཁའི་རེ་བ་མེད་པར་ལྟ་མཁན་ཞིག་ཡིན། མི་མི་འཛུམ་པས་དང་ཐོག་རྒྱ་གར་དཔེར་བཞག་ནས་དྲག་སྤྱོད་པའི་གནས་བབ་གླེང་སོང་། དེ་སྐབས་རྒྱ་གར་ནང་དྲག་སྤྱོད་པ་ཅུང་ཙམ་བྱུང་ཡོད་ཀྱང་། ད་ལྟའི་བོད་ཀྱི་གནས་བབ་དང་བསྡུར་ས་ཡེ་ནས་མེད། ནུས་པ་ཆེ་ཤོས་དེ་མི་དམངས་སྡེབ་ལངས་ཀྱིས་གྱེན་ལོག་བྱེད་རྒྱུ་དེ་རེད། དེའི་ནང་ཁྲག་གི་རྦ་རླབས་འཕྱུར་སྲིད་ཀྱང་། དེའི་ནུས་པར་ནམ་ཡང་རྫོགས་ཐབས་མེད།
དེ་མིན་གྱི་དྲག་ཐབས་ལྕགས་ལམ་གཏོར་བ་སོགས་ནི། ད་ལྟའི་རྒྱ་གཞུང་གི་ཁོང་ཚོའི་རྒྱལ་ཁར་བརྩི་བ་ལས། བར་ཆད་ཅིག་ལ་ནམ་ཡང་བརྩི་མི་སྲིད། ཤར་ཏི་མུར་སོགས་ས་གནས་མང་པོར་གནས་བབ་རང་བཙན་རེག་ཡོད་ཀྱང་། དེ་ཚོ་ཡང་དགྲ་བོའི་མདུན་བག་མ་འཁུམས་པར་མི་མང་སྡེབ་ལངས་ཀྱིས་གྱེན་ལོག་བསྟུན་མར་བྱས་པ་ལས་བྱུང་བའི་འབྲས་བུ་རེད། དྲང་མོར་བཤད་ན། ད་ལྟའི་ང་ཚོའི་མེར་སྲེག་པའི་ལས་འགུལ་ཡང་། མཚམས་རེ་པི་ཅིང་གི་ཐང་སྟེང་སོགས་སུ་བྱེད་རྒྱུ་གལ་ཆེན་པོ་རེད།
གང་ལྟར་ཡང་ད་ལྟའི་དུས་སུ་ཡོ་རོབ་དང་ཨ་རི་གཙོས་པའི་དཔལ་འབྱོར་ཉམ་ཉེས་ཀྱི་གནས་བབ་འདིས། ང་ཚོའི་ལས་འགུལ་དེ་ཡང་ཐལ་མ་དྲག་པ་དང་ཐབས་ཇུས་མ་ནོར་བར་བསྐྱོད་རྒྱུ་དེ་གཙོ་བོ་རེད། རྒྱ་གར་དུ་བྱུང་བའི་དཔེ་མཚོན་ཆེས་ཆུང་ཆུང་ཞིག་སྟེ། ཆབ་སྲིད་བཙོན་པ་ཞིག་རྒྱབ་བབ་སྟེ་ཨོ་སི་ཏྲི་ལ་ཡར་འགྲོ་བཏན་འཁེལ་ཡང་། དེ་གའི་གཞུང་ཚབ་ཀྱི་ཐ་མའི་དྲི་ལན་སྐབས། ཁོ་པས། ངས་བོད་ནང་གི་རྒྱ་གཞུང་གི་ས་ཁུལ་ག་གེ་མོར་འབར་རྫས་བརྒྱབས་པར་བཤད་ཡོད། རྐྱེན་དེས་དེ་གའི་གཞུང་ཚབ་ཀྱིས། བྱས་ན་ཁྱེད་ང་ཚོའི་ལུང་པར་འགྲོ་མི་ཆོག་ཅེས་རྦད་དེ་བཀག་པ་ལྟ་བུ་རེད།
མདོ་དོན་ང་ཚོས་གཟབ་གཟབ་བྱས་ནས་བསམ་བློ་གཏོང་དགོས་ཀྱི་ཡོད།
རྒྱུ་མཚན་དེར་བརྟེན་དྲག་པོའི་ཐབས་ལམ་ལ་བརྟེན་པའི་འཐབ་རྩོད་ནི་ངེས་པར་དུ་དགོས་ངེས་པ་ཞིག་རེད། དེ་འདྲར་སོང་ང་ཚོས་རྒྱ་ནག་གི་མི་མཐུན་ཕྱོགས་ཁག་ལ་གསང་བའི་འབྲེལ་བ་འཛུགས་རྒྱུ་དང༌། དེ་ནས་མངོན་མེད་གསང་བའི་ལམ་ནས་ང་ཚོ་ལ་ཐོབ་པའི་གོ་མཚོན་བེད་སྤྱད་དེ་རྒྱ་ནག་གི་ཆུ་གློག་གི་བརྟེན་གཞི་ཁག་དང༌། གྲོང་ཁྱེར་ཆེ་ཁག གཞན་ཡང་དཔལ་འབྱོར་གྱི་གཙོ་གནད་དུ་གྱུར་བའི་ས་ཚུགས་ཁག་གཏོར་བཅོམ་བྱེད་དགོས། དེ་འདྲ་བྱས་ནས་རྒྱ་ནག་མང་ཚོགས་འུ་ཐུག་པའི་འབོད་སྒྲ་དེ་རྒྱ་དམར་སྲིད་གཞུང་གི་མདུན་དུ་ཡར་ལངས་བྱེད་ཐུབ་ངེས་ཤིག་བཟོ་དགོས། འདི་ནི་ཞི་བའི་སྒོ་ནས་རྒྱ་ནག་མང་ཚོགས་ཀྱི་རྒྱབ་སྐྱོར་འཚོལ་བ་ལས་ནུས་པ་ཆེ་བ་ཡིན། ཡིན་ནའང་གོ་སྐབས་དམ་འཛིན་དང་དུས་བསྟུན་འཐབ་བྱུས་མེད་པའི་དྲག་ལས་ནི་ཕན་ལས་གནོད་ཆེ་བ་ཞིག་རེད།
ད་ལྟ་བར་འཇིག་རྟེན་འདིའི་ཐོག་ལྟ་གྲུབ་སྨྲ་བ་མི་ཉུང་བ་ཞིག་གིས་དྲག་པོའི་འཐབ་རྩོད་ལ་སྐྱོན་བརྗོད་བྱས་ཡོད་ལ། ལྟ་གྲུབ་སྨྲ་བ་སྐོར་ཅིག་གིས་དྲག་ལས་ཀྱིས་ཕན་རྒྱུའི་ཚབ་ཏུ་གནོད་ཆེ་ཚུལ་མང་དུ་བཤད་ཡོད། ཡིན་ནའང་དོན་དངོས་སུ་དྲག་ལས་ལ་མ་ཞུགས་པར་དོན་གྱི་རྒྱལ་ཁ་ལོན་པ་གཅིག་ཀྱང་བྱུང་མེད། འདི་ལྟར་བཤད་དུས་མི་མང་པོ་ཞིག་གི་རྣར་འགྲོ་མི་སྲིད། ཡིན་ནའང་ཁྱེད་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ཡོད་པ་དེ་ཐུགས་ལ་འཇོག་དགོས། དེ་ནི་དྲག་པོའི་ལས་ཟེར་བ་མེ་མདའ་འཕེན་རེས་དང་གྲི་གཞུ་རེས་ཁོ་ན་མིན་པ་མ་ཟད། དྲག་ལས་ནི་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པའི་བསམ་བློའི་རིགས་པ་བཀོལ་སྤྱོད་ཀྱིས་རང་ཉིད་ཕ་རོལ་པོ་ལས་རྒྱལ་བར་བྱེད་པའི་ཐབས་ལམ་ཞིག་ལ་ཟེར་བ་རེད། དེར་བརྟེན་དྲག་ལས་ཀྱི་དོན་དེ་གསོད་གཏུབ་ཁོ་ན་ལ་གོ་བ་ནི་ཧ་ཅང་སྦུག་དོགས་པའི་བསམ་བློ་ཞིག་རེད། ང་ཚོ་ཞི་བའི་འཐབ་རྩོད་འདི་ཁོ་ནར་བརྟེན་ན་ང་ཚོའི་འཐབ་རྩོད་ཡུན་རིང་བདག་མེད་དུ་ལུས་ཀྱི་རེད་ལ། མ་ཟད་འཚེ་མེད་ཞི་བ་ཁོ་ནའི་འཐབ་རྩོད་ལ་གྲུབ་འབྲས་མ་ཐོན་གོང་བོད་འདི་རྒྱ་ནག་གི་གདུག་རྩུབ་ཀྱི་མདུན་དུ་འཆི་བར་འགྱུར་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བ་རེད་ལ། དྲག་ལས་ཀྱི་གདུག་རྩུབ་དངོས་ནི་ཡ་ང་སྙིང་རྗེ་མེད་པའི་སྒོ་ནས་ཡུལ་སྡེ་མི་རིགས་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་དུ་གཏོང་བའི་སྲིད་བྱུས་གཏིང་ཟབ་ལྡན་པ་ཞིག་བསླུ་བྲིད་ཀྱི་ཐབས་སྣ་ཚོགས་ལ་བརྟེན་ནས་བསྒྲུབ་པ་དེ་ཆགས་ཡོད། དེ་ནི་ཧ་ཅང་འཇིགས་སུ་རུང་བའི་གཡུལ་འཐབ་ཅིག་རེད། མི་ལོ་སྟོང་ཕྲག་མང་པོའི་རིང་སྐྱེ་བོ་འབུམ་ཐེར་མང་པོ་གདུག་རྩུབ་འདིའི་འོག་འཆི་དགོས་བྱུང་ཡོད། དེ་བས་ཉེན་ཁ་ཆེ་ཤོས་ནི་དམར་གསོད་སོགས་མིན་པར་དེ་ལས་ལྡོག་པའི་ཕྱི་ཚུལ་གྱི་བསླུ་བྲིད་དེ་རེད། རྒྱ་ནག་གིས་བོད་ལ་ལག་བསྟར་བྱེད་བཞིན་པའི་དྲག་ལས་དངོས་ནི་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཁུ་སིམ་མེར་རྩ་མེད་དུ་གཏོང་བཞིན་པ་དེ་རེད། འདི་ནི་ངས་དྲག་ལས་ཀྱི་ཐབས་ལམ་མཐར་ཐུག་པ་ཞིག་རེད་ཅེས་ངོས་འཛིན་གྱིས་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོས་དྲག་ལས་འདི་དག་ལ་མིག་དཔེ་ཞིག་བལྟ་དགོས་པར་འདོད། བསམ་བློ་ཐོངས་དང༌།
གཤམ་འཁོད་བསམ་ཚུལ་ཐུང་ཐུང་འདི་ནི་ཞི་བ་དང་དྲག་ལས་གང་གིས་བོད་དོན་ལ་ཕན་མིན་གྱི་བགྲོ་གླེང་ལ་ཞུགས་མཁན་གྱི་སློབ་མ་ཞིག་ལ་འབྲི་རོགས་བྱས་པ་ཞིག་ཡིན་ལ། བསམ་ཚུལ་འདི་དེ་རིང་དྲ་གྲོགས་ཚོར་བསམ་བློ་བརྗེ་རེས་ཀྱི་ཆེད་དུ་སྤེལ་ཡོད།
བོད་དོན་འཐབ་རྩོད་ཞི་བ་དང་དྲག་པོ་གང་གི་ལམ་དུ་བསྐྱོད་ཀྱི་ཡོད་ཀྱང་རྩ་དོན་ལ་ཕན་པ་རྒྱ་ཆེན་པོ་ཡོད་པ་དེ་ཤེས་དགོས་པ་གཙོ་གནད་ཅིག་ཆགས་ཡོད། གང་ཡིན་ཟེར་ན། ཞི་བ་ཁོ་ན་ནི་མིག་ཡ་གཅིག་ལྟ་བུ་ཞིག་ཆགས་ཀྱི་ཡོད་ལ། བོད་ཀྱི་ལས་འགུལ་ཞི་བ་ཁོ་ན་ཡིན་སྟབས་རྒྱ་ནག་ལ་གོ་སྐབས་ངེས་ཅན་ཞིག་འབད་མེད་དུ་འཐོབ་ཀྱི་ཡོད་པ་རེད། དེ་ཡང་བོད་དུ་གདུག་རྩུབ་ཆེ་བའི་སྲིད་བྱུས་མང་པོ་ཞིག་མུ་མཐུད་དེ་བདེ་ལྷོད་ངང་ལག་བསྟར་བྱེད་པར་གོ་སྐབས་ཐོབ་ཀྱི་ཡོད་པ་རེད། དཔེར་ན། རྒྱ་ནག་གིས་བོད་མི་དམར་གསོད་དང༌། བཙོན་འཇུག རིག་གནས་སྟོར་བཅོམ། ཤིང་ནགས་གཅོད་འབྲེག གཏེར་ཁ་བསྔོག་འདོན། མི་རྒྱུད་བཙན་འགོག ལྷོ་ཆུ་བྱང་འདྲེན། ཆོས་ཀྱི་བྱེད་སྒོ་མིང་ཡོད་དོན་སྟོང༌། སྐད་ཡིག་བེད་མེད་བཅས་སུ་བཅོས་པ་མ་ཟད། བོད་ཀྱི་གཞོན་སྐྱེས་མི་རབས་ཡོངས་རྫོགས་ཀྱི་ཀླད་པ་ངན་རུལ་ཅན་དུ་བསྒྱུར་དང་སྒྱུར་བཞིན་པ་དེ་རེད། ཐ་ན་ནག་ཉེས་ཡོད་མེད་ཞིབ་བཤེར་ཙམ་ཡང་མེད་པར་གང་འདོད་དུ་བོད་རིགས་ཚོའི་གཅེས་པའི་ཚེ་སྲོག་ཚུན་བཙན་འཕྲོག་གིས་མཚོན་སྡུག་སྦྱོང་མནར་གཅོད་གྲངས་མེད་གཏོང་གི་ཡོད་པ་རེད། གལ་ཏེ་བོད་ལ་དྲག་ལས་ཀྱི་འཐབ་རྩོད་ཡོད་ན་བྱ་ངན་དེ་དག་དེ་འདྲའི་ལས་སླ་པོའི་ངང་ནས་ལག་བསྟར་བྱེད་ཐུབ་ཐབས་མེད་པ་ཞིག་རེད། རྒྱ་ནག་ལ་དགོས་པ་བོད་ཀྱི་ས་གཞི་འདི་ཡིན་པ་ལས་བོད་མི་རིགས་མིན་སྟབས། རྒྱ་ནག་གིས་བོད་ཀྱི་ས་གཞི་འདིའི་ཆེད་དུ་ཡ་ང་དང་སྙིང་རྗེ་མེད་པའི་སྒོ་ནས་ཅི་ཡང་བྱ་ངེས་པ་རེད། དེར་བརྟེན་ཞི་བ་དང་ཞི་བ་ཞེས་བཤད་ནས་བསྡད་པའི་མི་ལོ་ཞེ་གྲངས་འདིའི་རིང་བོད་ཀྱི་ཆོས་དང༌། རིག་གཞུང༌། སྐད་ཡིག གོམས་གཤིས་དང་བཅས་པ་ཇི་ཙམ་ཞིག་ཉམས་ཆགས་སུ་འགྲོ་བཞིན་པ་དེ་ང་ཚོས་མཐོང་དགོས་ལ། མ་ཟད་ད་ལྟ་བར་རྒྱ་ནག་གིས་ང་ཚོ་མིག་ནང་མི་འཇོག་པའི་རྒྱུ་མཚན་ཡང་བོད་ཀྱིས་དྲག་ལས་མ་བྱས་པ་འདིས་ལན་ཡོད། རྒྱུ་མཚན་དེར་བརྟེན་དྲག་པོ་མེད་པའི་ཞི་བ་ཁོ་ནའི་འགོག་རྒོལ་དེ་རིན་ཐང་མེད་པའི་དཔུང་ཤུགས་ཤིག་ཏུ་འགྱུར་གྱི་ཡོད། དེ་ཡང་ཞི་བའི་འཐབ་རྩོད་ཀྱི་རིན་ཐང་དེ་དྲག་པོ་མེད་ན་མངོན་མི་ཐུབ་པའི་རྒྱུ་མཚན་གྱིས་ཡིན། དེའི་དབང་གིས་དྲག་པོ་མེད་པའི་ཞི་བ་ཁོ་ནའི་ལམ་ནས་ང་ཚོ་བོད་ལ་དོན་ཕན་ལྡན་པའི་མདུན་ལམ་ཞིག་འཐོབ་མི་སྲིད་པ་ང་ཚོ་ཚང་མས་ཤེས་དགོས།
མིག་མི་འཛུམ་ལགས་ཀྱི་སྔ་ཕྱིའི་བསམ་ཚུལ་ཚང་མར་བཀླགས་དང་ཀློག་གིན་པ་ཡིན། ལྷག་པར་དུ། ཁྱེད་རང་གིས་རྩ་དོན་ཞིག་བཟུང་ནས་བསམ་ཚུལ་སྤུངས་སྟངས་ཡག་པོ་འདུག མུ་མཐུད་ནས་ཤུགས་སྣོན་རྒྱག་རོགས་ཞུ་འདོད་བྱུང་། གང་ཡིན་ཟེར་ན། སྐྱབས་བཅོལ་ནང་གི་རྩོམ་འབྲི་བ་མང་ཤོས་ཀྱིས་ཁ་ཕྱོགས་ཤིག་མ་བཟུང་བར་མདུན་བསྐྱོད་བྱེད་ཕྱོགས་དེས། རིགས་ཚན་གཅིག་གི་གྲུབ་འབྲས་དང་འབབ་ཕྱོགས་ཤིག་རྙེད་ཀྱི་མེད་པ་འདྲ།
ཁྱེད་ཀྱི་བསམ་ཚུལ་སྔ་མ་རྣམས་ལ་ལྟོས་ཏེ་ཕྱི་མའི་བསམ་ཚུལ་ལ་ཐབས་བྱུས་སོགས་ཇེ་གསལ་རེད། འདིའང་རྩོམ་ཡིག་འབྲི་སྟངས་ཀྱི་གོ་རིམ་ཞིག་ཡིན་པ་འདྲ། ཡིན་རུང་། ཚིག་སྤྱོར་དམ་པོ་ཞིག་མེད་པའི་སྐྱོན་ཞིག་མཐོང་སོང་། འདི་ནི། ཀློག་པ་པོ་ཞིག་གི་མྱོང་ཚུལ་ཙམ་ཡིན།
སྤྱིར་ན། ཁྱེད་ཀྱི་བསམ་ཚུལ་གྱི་ལྡོག་ཕྱོགས་སུ་ལངས་ཐུབ་མཁན་ཡོད་ན། ཁྱེད་རང་ལ་བསམ་བློ་གཏོང་སའི་རྨང་གཞི་མང་པོ་བསྐྲུན་སྲིད་པ་རེད་དེ། ཁ་གཏད་དུ་དངོས་གནས་ལངས་མཁན་པོ་འདུག རེ་གཉིས་ཡོད་རུང་། ཨུ་ཚུགས་ཀྱིས་མཐའ་བསྐྱལ་བ་མ་གཏོགས་གནས་ལུགས་དང་བདེན་པའི་ཁུངས་སྐྱེལ་བྱེད་མཁན་དཀོན་སེ་འདུག
ཞོར་དུ་འདྲི་རྒྱུ་ཞིག་ལ། བོད་ལ་ཆབ་སྲིད་སློབ་གསོའི་གཞུང་ལུགས་ཤིག་ཡོད་དམ། ཡོད་ན་དཔེར་མཚོན་གང་ཡིན། གལ་སྲིད། ཆབ་སྲིད་སློབ་གསོ་ཏག་ཏག་ཅིག་མེད་ན། ག་འདྲ་བྱས་ནས་ཆབ་སྲིད་སློབ་གསོ་གསར་གཏོད་དང་གསར་འདྲེན་བྱེད་རྩིས་ཡོད་དམ།
་་་་་ ང་ཚོ་ཚུར་གསོད་མཁན་གྱི་ལག་དམར་ལ་དགྲ་ཡི་འདུ་ཤེས་འཛིན་དགོས་པའི་སློབ་གསོ་གཏོང་རན་པ་ལས་ད་དུང་བྱིས་པ་གཉིས་འགུག་གི་གླུ་དབྱངས་ལྟ་བུའི་བྱང་ཆུབ་སེམས་མཆོག་འདོན་པའི་དུས་མ་ཡིན། ད་ནི་དགྲ་བོའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ལས་འགུལ་ཅི་ཞིག་སྤེལ་ཐུབ་མིན་ལ་འབད་པ་ལས་སྔར་བཞིན་སྒྱིད་ལུག་གི་བསམ་བློ་ཞིག་འཁུར་ནས་འཐབ་རྩོད་བྱས་པས་མི་ཡོང་། ་་་་་ཟེར།
བསམ་ཚུལ་ཙམ་རེད་འདུག སྙིང་པོ་ཅན་དུ་མཐོང་མ་སོང་།
་་་་་ནམ་ནམ་ཞར་ཞར་ལ་་་་་་་་་་ཡ་མཚན་པ་ཞིག་ལ། རང་རེའི་སྤྱི་ཚོགས་འདི་ད་དུང་མུན་ནག་གི་དུས་རིམ་ནང་ཕྱི་ནུར་རྒྱག་གི་འདུག་པ་དེ་ཡིན། ་་་་་་་
བོད་སྤྱི་ཚོགས་དང་བོད་མིའི་སེམས་ཁམས་ད་དུང་མཐོང་གི་མེད་པ་འདྲ།
སྐུ་ཞབས་མིག་མི་འཛུམ་ལགས། གུ་ཡངས་ཀྱི་བསམ་བློ་ཧ་ཅང་གལ། རང་གི་བཤད་སྟངས་དེ་སྤྱི་ཚོགས་ཤིག་ལ་དགོས་ངེས་ཤིག་རེད་ལ། ལྷག་པར་ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་ནང་ནས་གོ་དགོས་པ་གནད་ཞིག་རེད་འདོད། དེའི་ཕྱིར། ངས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཡོད། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་གཞན་གཙོ་སྨྲ་བའི་སྤྱི་ཚོགས་ཤིག་ལ་ར་མི་ཕྲོད་ཡ། སྐུ་ཞབས།