མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཟླ་དང་པོའི་ནང་བཀའ་སྤྱི་ཐུན་མོང་གིས་ལྡི་ལིར་ལས་འགུལ་སྤེལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུཊ་སྒར་དུ་༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟཊ་ཐོབ་སྟེ་མི་ལོ་ ༢༣ འཁོར་བའི་དུས་དྲན་སྲུང་གཙིའི་ཐོག བཀའ་སྤྱི་གཉིས་ཀྱིས་འཆར་ལོའི་ལོ་མགོར་ལྡི་ལིར་གཙོས་རྒྱ་གར་གྲོང་ཁྱེར་ཆེ་ཁག་ཏུ་བོད་དོན་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཡིན་སྐོར་བསྒྲཊ་སོང་།

དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་གཞུང་དམངས་ཐུན་མོང་ཐོག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་བསྟུན། ༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་ཐོབ་སྟེ་མི་ལོ་ ༢༣ འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས་དབུས་པའི་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མི་མང་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། ངྷ་སའི་སེར་སྐྱ་མང་ཚོཊ་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་སྟོང་ཕྲག་ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོཊ་པས་རྔ་རོལ་དང་བཅས་བོད་མིའི་སྒྲིག་འཛུཊ་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུཊ་དང་། ཟློས་གར་ཚོཊ་པས་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཀྱི་བསྟོད་གླུ་ཁག་བླངས་རྗེས། ཚོཊ་ཞུཊ་པ་རྣམས་སྐུ་བཞེངས་ཐོག་བོད་ནང་རང་བསྲེཊ་གཏོང་མཁན་རྒྱལ་གཅེས་པ་ཚོར་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས། སྲིད་ཚབ་མཆོག་གིས་ཞབས་ལོ་ ༢༠ འཁོར་བའི་གཞུང་ཞབས་བགྲེས་བ་ ༤ དང་། སྤྱི་ཚོཊ་ནང་འཕྲོད་བསྟེན་ཐོག་ཞབས་ཞུ་བསྒྲུབས་ཏེ་ལོ་ངོ་ ༢༥ འཁོར་བ་ཁག་ཅིག་བཅས་ལ་གཟེངས་རྟཊ་གནང་བ་མ་ཟད། ཕྱི་དྲིལ་ལས་ཁུངས་ཀྱིས་པར་སྐྲུན་ཞུས་པའི་༼འབར་བཞིན་པའི་བོད་༽ཅེས་པའི་བོད་ཡིག་དཔེ་དེབ་ཅིག་དང་། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་འདོན་སྤེལ་བྱས་པའི་དབྱིན་ཡིག་གསར་ཤོག་ (The Tibet Post)། བོད་ཀྱི་ཟློས་གར་ཚོཊ་པས་བཟོ་སྐྲུན་བྱས་པའི་བོད་ཀྱི་སྲོལ་རྒྱུན་ཟློས་གར་སྐོར་གྱི་འོད་སྡེར་བཅས་དབུ་འབྱེད་གནང་སོང་།

དེའི་རྗེས་འཕཊ་བོད་མཛའ་འབྲེལ་ཚོཊ་པའི་གོ་སྒྲིག་འོག་ས་གནས་རྒྱ་གར་ཆོས་ཚོཊ་ཤིག་གིས། ཧིན་རྡུ་ཆོས་ལུཊ་ཀྱི་ལམ་ནས་བོད་ནང་རང་བསྲེཊ་གཏོང་བཞིན་པར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་བཅས་གནང་རྗེས། སྲིད་ཚབ་མཆོག་གིས་སྲིད་སྐྱོང་མཆོག་གི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་། བོད་ནང་རང་ལུས་མེར་བསྲེགས་ལས་གཞན་པའི་ལས་འགུལ་ཡང་འབྱུང་བཞིན་ཡོད་པ་དང་། རེབ་གོང་དང་ཆབ་ཆ་ཁུལ་དུ་སློབ་ཕྲུག་སྟོང་ཕྲག་མང་པོས་བོད་ཀྱི་སྐད་ཡིག་རིག་ཞུང་ཆེད་ངོ་རྒོལ་ཁྲོམ་སྐོར་གནང་བ། ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་ལྷ་ས་དང་བྲག་མགོ འཇོ་མདའ། རྫ་ཆུ་ཁ། ཁྲི་འདུ། གསེར་རྟ། ཟི་ལིང་། དཀར་མཛེས། ཁྲིན་ཏུའུ་བཅས་ཀྱི་ནང་། བོད་རིཊ་དགེ་རྒན་དང་ལས་བྱེད། རྩོམ་པ་པོ། གྲྭ་བཙུན། ཚོང་པ་བཅས་ནས་ཉིན་གསུམ་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་སྐོར་སོགས་བཀོད་འདུག  

གཏམ་བཤད་ནང་མུ་མཐུད་དུ། མེར་བསྲེཊ་དཀའ་ངལ་ཀྱི་བྱུང་རྐྱེན་དང་འགན་ཁུར་གཉིས་ཀ་རྒྱ་གཞུང་ལ་ཡོད་པ་ཞིག་དང་། གལ་སྲིད་རྒྱ་ནག་གཞུང་གིས་དྲག་གནོན་མཚམས་འཇོག་བྱས་ན་རང་ལུས་མེར་བསྲེཊ་ཉུང་དུ་འགྲོ་ངེས་ཡིན་པ། བོད་མིའི་སྒྲིག་འཛུཊ་ཀྱིས་ལམ་དབུ་མའི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། བོད་དོན་དཀའ་རྙོག་སེལ་ཐབས་སུ་པེ་ཅིན་དང་ངྷ་རམ་ས་ལའི་བར་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་ཚུལ། བོད་ནང་དྲག་གནོན་མཚམས་འཇོག་ཡོང་ཐབས་དང་ཞི་བའི་སྒོ་ནས་དཀའ་རྙོག་སེལ་རྒྱུར། རྒྱལ་སྤྱིའི་སྤྱི་ཚོཊ་ཀྱིས་ངེས་པར་མཉམ་ཞུགས་དང་ཐེ་བྱུས་གནང་དགོས་པའི་ནན་སྐུལ་ཞུས་འདུག  

དེ་བཞིན། བོད་ཀྱི་གནད་དོན་ཐད་ཕྱི་སྡོད་རྒྱ་རིཊ་མང་གཙོ་ཚོཊ་པ་ཁག་ཅིག་གིས་རྒྱབ་སྐྱོར་བྱས་པར་བསྔཊ་བརྗོད་ཡོད་ཀྱང་། རྒྱ་རིཊ་མང་ཚོཊ་མང་ཆེ་བ་དང་ལྷག་པར་དུ་རྒྱ་རིཊ་མཁས་པ་དང་རྟོག་དཔྱོད་མཁན་རྣམས་ཀྱིས། བོད་མིའི་དཀའ་སྡུག་ལ་སེམས་ཚོར་མེད་པ་ལྟ་བུས་འཇམ་ལྷིང་ངང་གནས་ཡོད་པར་བློ་ཕམ་ཡོད་ཅིང་། བོད་མིའི་འཐབ་རྩོད་རྒྱ་ནག་རྒྱལ་ཁབ་དང་མི་མང་ལ་ཁ་གཏད་ལངས་པ་ཞིག་མིན་པར། ང་ཚོའི་དགོས་འདུན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་གསལ་བའི་མིང་དོན་མཚུངས་བའི་རང་སྐྱོང་དང་རང་དབང་གི་གནད་དོན་ཞིག་པའི་གསལ་བཤད་བྱས་འདུག   

སྲིད་སྐྱོང་གི་གཏམ་བཤད་ནང་། “ད་ལོར་ང་ཚོས་ཞུ་གཏུཊ་ལས་འགུལ་སྤེལ་བ་རྣམས་གཞི་རྟེན་དུ་བཟུང་སྟེ། ༢༠༡༣ ལོ་དེ་བོད་ལ་གདུང་སེམས་མཉམ་སྐྱེད་ལོར་སྲུང་གཙི་ཞུ་རྒྱུ་ཡིན། བོད་རིཊ་སྤྱི་མཐུན་ཚོཊ་པ་དང་བོད་དོན་རྒྱབ་སྐྱོར་ཚོཊ་པ། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོཊ་པ། འགྲོ་བ་མིའི་ཐོབ་ཐང་ཚོཊ་པ་དང་ཁོར་ཡུག་སྲུང་སྐྱོབ་ཚོཊ་པ། ཆོས་ལུཊ་མི་སྣ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་བཅས་མཉམ་རུབ་ཐོག རྒྱལ་ཁབ་ཁག་གི་སྲིད་གཞུང་དང་གྲོས་ཚོཊ་ནང་བོད་དང་བོད་དོན་ཞུ་གཏུཊ་ལས་འགུལ་སྤེལ་དགོས་རྒྱུ་དང་། འཛམ་གླིང་རྒྱལ་ས་ཆེ་ཁག་ཏུ་མི་མང་འདུ་འཛོམས་ལས་འགུལ་སྤེལ་རྒྱུ། རྒྱ་གཞུང་ལ་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་འགྲོ་འཇུག་དགོས་པའི་སྐུལ་མ་གནང་དགོས་རྒྱུ་བཅས་ཡིན། ”ཞེས་འཁོད།  

མཇུག་ཏུ་གཏམ་བཤད་དེར། “༡༩༩༥ ལོའི་ཟླ་ ༥ ཚེས་ ༡༧ ཉིན་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་དགུང་ལོ་ ༦ ཙམ་ཡིན་པའི་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ང་ཚོས་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་དེ་བོད་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལོར་སྲུང་གཙི་ཞུ་རྒྱུའི་གསལ་བསྒྲཊ་ཞུ་རྒྱུ་ཡིན་ལ། ༢༠༡༣ ལོི་ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༢ ཉིན་བར་ཉིན་བཞིའི་རིང་རྒྱལ་ས་ལྡི་ལིར། བཀའ་སྤྱི་ཐུན་མོང་གི་སྣེ་ཁྲིད་འོག་མང་ཚོཊ་འདུ་འཛོམས་དང་གཏམ་བཤད་སོཊ་གདུང་སེམས་མཉམ་སྐྱེད་ལས་འགུལ་སྤེལ་རྒྱུ་ཡིན། དེ་བཞིན། གཞིས་ལུས་བོད་མི་ཚོར་ང་ཚོས་རྟག་ཏུ་ཁྱེད་ཚོའི་རྒྱབ་ཏུ་ཡོད། ང་ཚོས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ་ལམ་སྟོན་ལ་བརྟེན་ནས ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་དང་བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱའི་དམིཊ་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། ”ཅེས་འཁོད།

བོད་མི་མང་སྤྱི་འཐུས་ཚོཊ་གཙོ་མཆོག་གིས་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོཊ་སྦྱང་གནང་དོན། “ཏང་གི་མགོ་ཁྲིད་རྙིང་པ་ཚོས་དངོས་ཐོག་བདེན་འཚོལ་ཞེས་རྟག་ཏུ་བཤད་བཞིན་ཡོད་ཀྱང་། བོད་ནང་གི་དངོས་ཡོད་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་སྲིད་གཞུང་གིས་རང་གི་ཆབ་འབངས་ལ་ལྟ་ཚུལ་ལྟར་མེད་ཐོག བོད་མིར་སྤུན་ཟླ་མི་རིཊ་ཀྱི་འདུ་ཤེས་ཙམ་ཡང་མི་འཛིན་པར་ད་དུང་མེས་རྒྱལ་ཁ་བྲལ་ཟེར་བའི་ཞྭ་མོ་གཡོཊ་ཏེ། འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་བརྒལ་བའི་རྡུང་རྡེག་ཚ་ནན་ཞེས་པའི་དྲག་གནོན་བྱས་རྐྱེན། བོད་མིའི་ཞི་རྒོལ་མཚམས་ཆད་མྱོང་མེད་ལ། ད་བར་བོད་མི་སེར་སྐྱ་ཕོ་མོ་ ༩༥ དང་དེའི་ནང་ཕྱི་ཟླ་ ༡༡ ནང་བོད་མི་ ༢༨ ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཡོད་ལ། ལྷག་པར་དུ་བོད་ས་གང་སར་དྲག་པོའི་དམག་ཤུགས་ཀྱིས་ཉེས་མེད་བོད་མི་མང་པོ་འཛིན་བཟུང་བྱས་ཏེ་སྲོག་ཁྲིམས་དང་དུས་བཀག་བཙོན་འཇུག གར་ཁྲིད་ཆ་མེད་དུ་གྱུར་བ་སོཊ་བྱས་དང་བྱེད་བཞིན་པ་རྣམས། འགྲོ་བ་མིའི་བྱ་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། ”ཞེས་འཁོད།

མཐར་ཚོཊ་གཙོའི་གཏམ་བཤད་ནང་། “གཞིས་ལུས་བོད་མིས་བསྟུད་མར་རང་ལུས་མེར་བསྲེཊ་བཏང་སྟེ། མི་སྤྱོད་ལས་འདས་པའི་རྒྱ་གཞུང་གི་སྲིད་བྱུས་ལ་ཞི་རྒོལ་བྱེད་བཞིན་པར། དྲག་གནོན་གནས་སྟངས་ཇེ་སྡུག་ཏུ་འགྲོ་བའི་གཉན་འཕྲང་ཅན་འདིར་བློས་འགན་བཟོད་ཐབས་བྲལ་ཏེ། སྤྱི་འཐུས་ལྷན་ཚོཊ་ཀྱིས་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡ ཉིན་དུས་ཡུན་ཟླ་གཅིག་རིང་། རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས། བྱང་ཤར་བཅས་བརྒྱུད་མངའ་སྡེ་སོ་སོའི་ལྟེ་གནས་དཔོན་རིཊ་དང་། གསར་འགོད་པ། མི་མང་བཅས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། བོད་དོན་ལ་རྒྱབ་སྐྱོར་ཡོང་ཆེད་སྤྱི་འཐུས་ ༦ རེ་ཆ་བགོས་ཀྱིས་མི་མང་གི་སྣེ་ཁྲིད་དེ་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུ། ”ཞེས་འཁོད་འདུག 

དེ་བཞིན། དེ་རིང་འཛམ་གླིང་གང་སར་གནས་སྡོད་བཙན་བྱོལ་བོད་མི་ཚོས་༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟཊ་ཐོབ་སྟེ། མི་ལོ་ ༢༣ འཁོེར་བའི་དུས་དྲན་སྲུང་གཙི་བྱེད་ཀྱི་ཡོད་པ་ལྟར། རྒྱ་གར་ལྷོ་ཕྱོཊ་མོན་གྷོ་འདོད་རྒུ་གླིང་དུའང་༸གོང་ས་མཆོག་དབུ་བཞུཊ་ཐོག བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་བློ་བཟང་སེང་གེ་དང་མངའ་སྡེ་དཔོན་རིིཊ་གཙོས་བོད་མི་སྟོང་ཕྲག་མང་པོའི་དུས་དྲན་སྲུང་གཙི་གནང་འདུག་པ་མ་ཟད། རི་བོ་དགེ་ལྡན་པ་ཐུན་མོང་གིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་འདུག

སྤྱི་འཐུས་ལྷན་ཚོཊ་ཀྱི་གཞུང་འབྲེལ་ཐོ་གཞུང་ལྟར་ན། ད་བར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་གཏོང་མཁན་ ༡༠༠ ཙམ་བྱུང་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཕྱི་ཟླ་དང་པོའི་ནང་བཀའ་སྤྱི་ཐུན་མོང་གིས་ལྡི་ལིར་ལས་འགུལ་སྤེལ་རྒྱུ་ཡིན། ་་་ཟེར།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 14 སྔོན།

    བཀའ་སྤྱི་ཐུན་མོང་གི་མཉམ་རུབ་ཀྱིས་སྒོ་ནས། ལས་འགུལ་སྤེལ་འཆར་ལ་གུས་འདུད་ཞུ། གང་ལགས་ཞེ་ན། མཉམ་འབྲེལ་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན་པས་སོ།།

    བཀའ་སྤྱིའི་ཐུན་མོང་གི་ལས་འགུལ་གྱི་དམིགས་གཏད་ངོ་མ་དེ་གང་ཡིན་ནམ། འཛམ་གླིང་ལ་ཕྱོགས་རྒྱུ་རེད་དམ། རྒྱ་གཞུང་ལ་ཕྱོགས་ཀྱི་ཡོད་རེད། ཡང་མིན་ན། བོད་རིགས་ནང་ཁུལ་ལ་ཕྱོགས་རྒྱུ་ཡིན།

    ལས་འགུལ་གྱི་རྣམ་གྲངས་དང་ངོ་བོ། འབོད་ཚིག་དང་རེ་འདུན་སོགས་གཅིག་གྱུར་གྱི་ཐོག་ནས་སྤེལ་ཐུབ་ན། མི་མང་གི་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྤུངས་ཐུབ་པའི་ཕན་ཡོན་འདུག

    བཀའ་སྤྱི་ཐུན་མོང་གི་ཐོག་ནས། གཞིས་བཞུགས་བོད་མིའི་ངོས་ནས། སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་བྱེད་དགོས་པའི་རྒྱབ་ལྗོངས་དངོས་ཡོད་གང་ཡིན་རྣམས་བསྔོགས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གསལ་སྟོན་བྱེད་རོགས་ཞུ།

    ཁ་ཚ་དུས་གཏུགས་ཀྱི་སྐབས་འདིར། བོད་མིའི་ཁྲིམས་བཟོ་ལྷན་ཚོགས་དང་། འཛིན་སྐྱོང་བཀའ་ཤག ཁྲིམས་འཛིན་ཁྲིམས་ཞིབ་ཁང་སོ་སོའི་སྒམ་ཚུགས་མི་འཛིན་པར་གཞིས་བཞུགས་བོད་མིའི་ཞི་རྒོལ་གཏིང་ཟབ་བྱས་པའི་ཛ་དྲག་གི་གནས་ཚུལ་ཕྱོགས་བསྡོམས་བྱས་ནས། ལོ་རྒྱུས་དེབ་ཐེར་དུ་འགོད་རོགས།

    བློས་གཏོང་། ཆོད་སེམས། སྙིང་སྟོབས། རིགས་ཞེན་བཅས་ལ་རིན་ཐང་ལྡན་པའི་གདེང་འཇོག་དང་འབྲེལ་ནས། མ་འོངས་པའི་ཞི་རྒོལ་བྱེད་ཕྱོགས་ལ་དགོངས་ཚུལ་ཞིག་གསུང་རྒྱུ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese