མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཆེན་བཅོ་བརྒྱད་སྔོན་ལ་བརྩད་དེ་རྗེས་ལ་འཐབ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དཔོན་རིགས་ ༧ འདེམས་སྒྲུག་བྱས་རྗེས། རྒྱལ་སྤྱིའི་སྒང་རྒྱ་གཞུང་གི་གླེང་གཞི་ཞི་འཇགས་སུ་གྱུར་ཡོད་ཀྱང་། ཕྱི་ཟླ་ ༡༢ ནང་རྒྱ་དཔོན་ནང་ཁུལ་གྱི་འཁྲུག་འཛིང་བསྐྱར་དུ་ལངས་འདུག

ཉེ་སྔོན་རྒྱ་དམར་ཚོགས་ཆེན་བཅོ་བརྒྱད་པའི་སྟེང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་བདུན་པོ་གཏན་ཁེལ་རྗེས།  རྒྱལ་སྤྱིའི་སྒང་རྒྱ་གཞུང་གི་ཆབ་སྲིད་གླེང་སློང་དེ་མར་འཇགས་མགོ་བརྩམས་ཡོད། འོན་ཀྱང་ཕྱི་ཟླ་ ༡༢ པའི་ནང་དེ་སྔའི་རྒྱ་ནག་དབུས་གཞུང་ལས་ཁང་གི་འགན་འཛིན་ལིན་ཅིས་ཧྭ་དང་། ཟི་ཁྲོན་ཞིང་ཆེན་དམར་ཤོག་དྲུང་ཆེ་གཞོན་པ་ལི་ཁྲོན་ཁྲིན། རྒྱ་གཞུང་དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོ་ལིག་ཆིས་པའོ་བཅས་ལ་གཅིག་མཇུག་གཉིས་མཐུད་ཀྱིས་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་བྱུང་བར་བརྟེན།  རྒྱ་གཞུང་དམར་ཤོག་ནང་ཁུལ་གྱི་ཁྱོ་ཤི་ང་གསོན་གྱི་དབང་ཤུགས་འཐབ་རྩོད་གླེང་གཞི་ཞིག་བསྐྱར་དུ་བསླེབས་མགོ་བརྩམས་ཡོད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན། དེ་སྔོན་ཧུའུ་ཅིན་ཐའོ་ཡིས་བློས་འཁེལ་དཔོན་རིགས་ལིན་ཅིས་ཧྭ་ཡི་བུ་ལ་རླངས་འཁོར་བརྡབ་སྐྱོན་བྱུང་བར་བརྟེན་ནས། ལིན་ཅིས་ཧྭ་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་འཐུས་མིའི་གྲས་སུ་བསླེབས་ཐུབ་མེད། དེ་ནི་ལིན་ཅིས་ཧྭ་ཡི་གནས་ཚུལ་ཁྲོད་ཀྱི་ཕྱོགས་གཅིག་ཡིན་ལ། ཉེ་ཆར་བསྐྱར་དུ་ལིན་ཅིས་ཧྭ་ཡི་བཟའ་ཟླ་དམར་ཤོག་ཚོགས་མི་དང་གཞུང་གི་ལས་གནས་གཉིས་ནས་ཕྱིར་ཕུད་པའི་གནས་ཚུལ་བྱུང་ཡོད་སྟབས། ལིན་ཅིས་ཧྭ་ནི་དམར་ཤོག་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ཀྱི་གསར་འགྱུར་བརྒྱུད་ལམ་གྱི་གླེང་གཞི་གཙོ་བོ་ཞིག་ཆགས་ཡོད་འདུག 

དེ་བཞིན། དམར་ཤོག་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་གསར་དུ་རྒྱ་དམར་དབུས་འཐུས་མི་ལྷན་ཚོགས་ཀྱི་རྗེས་སྣོན་འཐུས་མིའི་ཁྲོད་འདེམས་སྒྲུག་བྱས་མ་ཐག་པའི་ཟི་ཁྲོན་ཞིང་ཆེན་དམར་ཤོག་དྲུང་ཆེ་གཞོན་པ་ལི་ཁྲོན་ཁྲིན་གློ་བུར་དུ་དམར་ཤོག་ཚོགས་མི་དང་གཞུང་གི་ལས་གནས་གཉིས་ནས་ཕྱིར་ཕུད་བཏང་ཡོད་ལ། ལི་ཁྲོན་ཁྲིན་གྱི་རྒྱབ་ལྗོངས་ནི་ཧ་ཅང་རྙོག་འཛིང་ཆེ་བར་མ་ཟད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ལི་ཁྲོན་ཁྲིན་ནི་ཀྲིག་ཡུང་ཁཱང་གིས་ཐད་ཀར་བསྐོ་འཐེན་བྱས་པ་ཞིག་ཡིན་སྐོར་གྱི་གླེང་སློང་ཡང་འབྱུང་བཞིན་ཡོད།

ལི་ཁྲོན་ཁྲིན་ཏང་སྲིད་ལས་གནས་ནས་ཕྱིར་ཕུད་པ་དང་མཉམ་དུ། དེ་སྔའི་ཟི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ལིག་ཆིས་པའོ་ཡང་གློ་བུར་བདུན་ཕྲག་གཅིག་རིང་མཐོང་རྒྱུ་མེད་པར་གྱུར་པ་དང་། ལིག་ཆིས་པའོ་ནི་དམར་ཤོག་ཚོགས་ཆེན་ ༡༨ པའི་རྗེས་སུ་ཆབ་སྲིད་ལྷན་ཁང་གི་འཐུས་མི་ ༢༥ གྲས་སུ་འདེམས་སྒྲུག་བྱས་ཡོད་པ་མ་ཟད། རྒྱ་གཞུང་དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོར་བསྐོ་འཇོག་བྱས་ཡོད་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ལིག་ཆིས་པའོ་གཙོས་པའི་གཞུང་འབྲེལ་ཤོག་ཁག་ཅིག་བྱང་ཀོ་རི་ཡ་དང་ཁམ་བྷོ་ཌི་ཡ། ཝེ་ཐི་ནམ་རྒྱལ་ཁབ་བཅས་སུ་བསྐོར་སྐྱོད་ལ་འགྲོ་རྒྱུ་ཡིན་བསྒྲགས་ཡོད་ཀྱང་།  ལིག་ཆིས་པའོ་གློ་བུར་དུ་འགྲོ་བསྐྱོད་ཐུབ་མེད་པར་ཁོའི་ཚབ་ཏུ་ལིས་ཅན་ཀོ་ཕྱིན་ཡོད་འདུག  

སྔ་རྗེས་སུ་བྱུང་བའི་རྒྱ་གཞུང་མཐོ་རིམ་དཔོན་རིགས་ཀྱི་རྒྱུན་ལྡན་མ་ཡིན་པའི་ཚུལ་དེ་དག་གིས།  རྒྱ་གཞུང་གི་ཆབ་སྲིད་ལྷན་ཚོགས་ནི་སྔར་བཞིན་ཁྱོ་ཤི་ང་གསོན་གྱི་གནས་སྟངས་ཤིག་གི་འོག་ཡོད་པ་མངོན་ཡོད་ལ། རྒྱ་ནག་ཝེ་པའོ་གནས་འཕྲིན་དྲ་བའི་སྟེང་ “ཚོགས་ཆེན་བཅོ་བརྒྱད་པའི་སྔོན་ལ་རྩོད། ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་འཐབ”ཅེས་པའི་སྐད་ཆ་ཞིག་ཁྱབ་ཡོད་པ་ལྟར། རྒྱ་གཞུང་དམར་ཤོག་ནང་ཁུལ་ཤོག་ཁག་བར་གྱི་དབང་ཤུགས་ཁེ་ཕན་འཐབ་རྩོད་དེ་ནི།  ཤོག་ཁག་ཕན་ཚུན་གྱི་ཕྱོགས་གཏོགས་དཔོན་རིགས་གཅིག་འདྲུད་གཅིག་གནོན་གྱི་རྣམ་པ་ཞིག་ཆགས་ཡོད།

ལོ་རྗེས་མའི་དཔྱིད་མགོར་འཚོགས་འཆར་གྱི་རྒྱ་གཞུང་ཚོགས་ཆེན་གཉིས་མ་འཚོགས་བར་དུ།  རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་རྣམས་ཀྱི་ལས་ཀ་དང་གོ་གནས་ད་དུང་གཏན་འབེབས་བཟོ་ཐུབ་མེད་ལ། དེ་ནི་རྒྱ་གཞུང་དཔོན་རིགས་ནང་ཁུལ་དབང་ཤུགས་འཐབ་རྩོད་ཤུགས་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་ཞིག་ཆགས་ཡོད། རྒྱལ་སྤྱིའི་གསར་ལམ་ཁག་ནང་མ་འོངས་རྒྱ་གཞུང་མི་དམངས་འཐུས་མིའི་ཚོགས་གཙོའི་འགན་འཁུར་རྒྱུ་ཡིན་པའི་ཀྲང་ཏིག་ཅཱང་གིས།  དེ་སྔོན་སྤྱི་ཚོགས་ཐོག་རྒྱ་གཞུང་སྐབས་གསར་པའི་རྒྱུན་ལས་མི་བདུན་གྱི་གྲས་སུ་བསླེབ་རྒྱུར་རེ་བ་ཆེ་ཤོས་ཀྱི་གྲས་སུ་ཡོད་ཀྱང་། རྗེས་སུ་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་རྒྱུན་ལས་མི་བདུན་ཁྲོད་བསླེབས་མ་ཐུབ་པས་ཐཱུན་ཤོག་ཁག་གི་ལིས་ཡོན་ཁྲའོ་ཡི་ལག་ནས། ཧོང་ཀོང་དང་ཨོ་མཱན་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་གོ་དབང་འཕྲོག་རྩིས་ཡོད་པ་དང་། ལིས་ཡོན་ཁྲའོ་ལ་རྒྱལ་ཁབ་ཀྱི་སྲིད་འཛིན་གཞོན་པའི་མིང་ཐོག་ནས་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་མ་གཏོགས་རེག་རྒྱུ་མིན་པའི་ཚོད་དཔག་བྱེད་བཞིན་ཡོད།

གཞན་ཡང་། པའོ་ཞི་ལའེ་གྱི་གནད་དོན་གྱིས་བསླངས་པའི་རྒྱ་དམར་དཔོན་ཤོག་ནང་ཁུལ་དབང་ཤུགས་སྙོམས་སྒྲིག་མ་ཐུབ་པའི་འཁྲུག་རྩོད་དེ་ད་དུང་མུ་མཐུད་གནས་ཡོད་ལ། སྲིད་དོན་དབྱེ་ཞིབ་པ་དག་གིས་མ་འོངས་པར་རྒྱ་གཞུང་དམར་ཤོག་སྲིད་སྟེགས་སྟེང་དོན་རྐྱེན་གཅིག་ལ་གཏམ་རྒྱུད་གཉིས་བྱུང་སྲིད་པ་དང་། གཅིག རྒྱ་གཞུང་གིས་མི་མང་གི་མཐོང་ལམ་དུ་རུལ་སུངས་ལ་ཁ་གཡར་ཏེ་དམར་ཤོག་ནང་ཁུལ་དཔོན་ཤོག་འཐབ་རྩོད་ཁྲོད་ཕམ་ཉེས་བྱུང་པའི་དཔོན་རིགས་རྣམས་རིམ་པས་ཐག་གཅོད་བྱ་སྲིད་པ་དང་། གཉིས།  རྒྱ་གཞུང་གིས་མུ་མཐུད་དུ་པའོ་ཞི་ལའེ་ཡི་གྱོད་དོན་གྱིས་མཚོན་པའི་ཅཱང་ཧུའུ་གཉིས་ཀྱི་དབང་ཤུགས་འཐབ་རྩོད་ཀྱི་གཏམ་རྒྱུད་རྣམས་ཕྱི་ལོག་གི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་མུ་མཐུད་གླེང་གཞི་བཟོ་སྲིད་པ་དེ་རེད།  ཡིན་ནའང་། རྒྱ་གཞུང་དཔོན་ཤོག་སུས་ཀྱང་བརྗོད་མི་སྲིད་པ་དེ་ནི་རྒྱ་གཞུང་དམར་ཤོག་ནང་ཁུལ་དབང་ཤུགས་འཐབ་རྩོད་དང་གཅིག་ལ་གཅིག་བརྟེན་གྱི་གནས་ཚུལ་དངོས་དེ་ཡིན་པ་དང་།  རྒྱ་གཞུང་གིས་བརྗོད་པའི་རུལ་སུངས་བཀག་སྡོམ་དང་། དམར་ཤོག་ནང་ཁུལ་དབང་ཤུགས་འཐབ་རྩོད་ལ་བརྟེན་ནས་རྒྱ་ནག་རང་དབང་དམངས་གཙོ་འགྱུར་བར་རེ་བའི་རྨི་ལམ་དེ་ནི་ནམ་ཡང་འགྲུབ་ཐུབ་མེད་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༧༥ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese