མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིའི་གྲོས་ཚོཊ་འཐུས་མིར་མཇལ་འཕྲད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། སུད་སིའི་རྒྱལ་སར་ཡུལ་དེའི་གྲོས་ཚོཊ་འཐུས་མིར་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཏེ། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། སུད་སིའི་རྒྱལ་ས་བྷེན་ནང་ (berne) དུ་སུད་སིའི་ཆབ་སྲིད་ཚོགས་པ་ ༥ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། བྱེ་བྲག་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་ཚུལ་ཁག་གསལ་བཤད་དང་། དེ་སྔའི་གྲང་དམག་སྐབས་སྡུག་བསྔལ་མྱངས་པའི་ཤར་ཡུ་རོབ་མི་མང་གི་སྙིང་སྟོབས་དང་སྤོབས་པ་དེ། རྒྱལ་སྤྱིའི་དོ་སྣང་དང་གདུང་སེམས་མཉམ་སྐྱེད་བྱས་པ་ལས་བྱུང་བ་ཡིན་ཚུལ་ངོ་སྤྲོད་དང་འབྲེལ། ད་ལྟའི་བོད་ནང་གི་བོད་མི་ཚོར་སུད་སིའི་གྲོས་ཚོཊ་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་ནན་སྐུལ་ཞུས་ཡོད་འདུག

ཐེངས་འདིའི་མཇལ་འཕྲད་སྐབས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། ༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་གཞུང་གི་དམ་དྲག་སྲིད་བྱུས་ལ་ཞི་རྒོལ་བྱས་རྗེས། བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་དང་གསར་འགོད་པ།རྒྱལ་སྤྱིའི་མི་སྣ་ཁག་ཡོང་མ་བཅུག་པར་བཀག་སྡོམ་ནན་མོ་བྱས་ཏེ། བོད་མི་ཚོ་འཇིགས་སྣང་དང་དངངས་སྐྲག་ཆེན་པོའི་འོག་གནས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་གིས་བོད་ནང་རང་སྣང་གང་དྲན་བྱེད་བཞིན་པར་བཀག་འགོག་ཆེད། བོད་ཀྱི་ས་ཁུལ་ཁག་ཏུ་རང་དབང་ལྡན་པའི་གསར་འགོད་པ་དང་། རྒྱལ་སྤྱིའི་སྒྲིག་འཛུགས་རང་བཞིན་པའི་ལྡན་པའི་སྐུ་ཚབ་བཅས་ཆེད་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

དེ་བཞིན། ཉིན་དེར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མི་ཤལ་ཨི་ཀ་པུ་ནོ་དང་ཇོ་སེབ་ལི་བྷར་མན་རྣམ་གཉིས་ཀྱིས་ཀྱང་། མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་ངེས་པར་དུ་བོད་ཀྱི་དཀའ་རྙོག་སེལ་རྒྱུར་འགན་འཁུར་དགོས་རྒྱུ་དང་། རྒྱ་གཞུང་གིས་བོད་ནང་བོད་མིར་དྲག་གནོན་མཚམས་འཇོག་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༤ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 5

  1. མི་རྒོད། says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཁོ་རེ་རྒྱ་རིགས་བློ་གྲོས་དང་ཐུབ་བསྟན་ལུང་རིག་སྐོར་ངས་ངོས་ལེན་བྱེད་ཡིནའང་ཁྱོད་རེས་དུས་བབ་ནང་ཁ་ལྡང་བ་དང་ང་ཚོའི་འགོ་ཁྲིད་ལ་སྨད་པ་འདི་རང་བོད་མི་གཅིག་ཡིན་པའི་ཆ་ནས་ཡག་ལོད་འདུག་ལྟོ་ཟ་ཐེང་རེ་ཐེང་རེ་བསམ་བློ་གཏང་ན་ལེགས། ད་ལྟ་བོད་ཀྱི་དུས་བབ་ག་འདྲ་ཞིག་སྟེང་སླེབས་འདུག་སེང་གེ་རི་མ་གཏོགས་རྩ་ཐང་ཆེན་པོ་མ་མཐོང་ཚེ་ཀླད་ཆུང་དམའ་སྐད་འོ་འདུག་ཟེ་རྒྱག་ལེ་རེད་ཧ་གོ་སོང་སུ་ལ་གླེན་ཞེན་གྱི་གདོན་འཛུགས་འདུག་རང་ལ་རང་གིས་དཔྱད་དགོས།།

    Reply
  2. སེང་གེ says:
    ལོ་ 13 སྔོན།

    མི་རྒོད་ཕྱོགས་རིས་ཅན་ཁྱེད་སྙིང་རྗེ། སྐལ་བཟང་རྒྱལ་མཚན་ལས་བྱས་པ་ཅན་མང་པོ་རེད། རྒྱ་རི་བློ་གྲོས་དང་ཐུབ་བསྟན་ལུང་རིགས་སོགས་ཁོང་ལས་བྱས་རྗེས་ཆེན་པོ་རེད། ག་རེ་བྱས་ནས་བློ་སེང་གིས་རང་དང་བློ་མཐུན་པ་ཆོལ་ཁའི་ཕྱོགས་ལྷུང་རུ་ཁག་གི་འདོད་པ་དང་མཐུན་པ་ཞིག་བསྐོ་དགོས་པ་རེད་དམ།
    མ་གཞི་ནས་སྐལ་བཟང་རྒྱལ་མཚན་ཟེར་བའི་མི་འདིས་བོད་རྒྱ་འབྲེལ་མོལ་སྐབས་ཀྱང་འགན་གང་ཡང་འཁྱེར་མེད། ཁོང་ཁོའི་རྐུབ་སྟེགས་བརྟན་སོང་ན་དེས་འགྲིག་གི་ཡོད། ཁོང་གིས་ཁ་གཅིག་གྲགས་ཀྱི་མ་རེད། མགོ་གཡུག་ཡ་མ་གཏོགས་མ་ལྐུགས་པ་ལྐུགས་ནག་ཡིན་པའི་ཟོལ་འདྲ་ཞིག་ཡོད་པ་རེད། ན་ནིང་གློ་བུར་འགན་བློས་མི་བཟོད་ཅེས་དགོངས་པ་ཞུས་པ་རེད། སྐབས་དེར་ཡང་རྒྱ་རི་རིན་པོ་ཆེས་གང་གནང་ལ་ལེགས་སོ་ཞུས་པ་མ་གཏོགས་ཁོས་མགོ་འཚོས་པ་ཡོད་པ་རེད། ཡིན་ནའང། ད་ལྟ་བློ་སེང་དཔོན་པོ་ཡིན་ཙང་དེ་ལ་མཐུན་སོང་བ་རེད། དེ་ངོ་ཚ་བོ་མ་རེད་དམ། མི་འདི་ལ་བོད་ཀྱི་རྩ་དོན་ཐད་དངོས་གནས་བྱས་ན་རྩིས་རྒྱག་ཡ་ཡོད་པ་རེད་ལ། རྩིས་རྒྱབ་ན་ནག་པོ་ཆགས་ཡ་མ་གཏོགས་ག་རེ་ཡོད། འབྲེལ་མོལ་གྱི་བརྒྱུད་རིམ་ཧྲིལ་བོར་ཁ་མ་གྲགས་པ་དེ་གཅིག་པུས་ཀྱང་མི་ངོ་ཚ་མེད་མཁན་ཞིག་ཡིན་པ་ར་མི་འཕྲོད་དམ། ཁྱེད་དྲ་འབུ་གླེན་པ་ཞིག་གིས་འདི་འདྲའི་སྐོར་གང་ནས་ཤེས། དེ་བས་ཞེན་ཁོག་ལ་བདག་པོ་རྒྱབ་ནས་ཁ་བཙུམས་ནས་བཞུགས་ན་ལོས་དགའ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་་་་་ཟེར།

    Reply
  4. མི་རྒོད། says:
    ལོ་ 13 སྔོན།

    ང་ནམ་ཡང་རང་གི་འཇོན་མེད་ནུས་པ་དོར་ནས་བོད་མི་གྲགས་ཅན་འདི་ལྟ་བུ་ཁ་རྨ་ཆེ་བ་ནམ་ཡང་མིན་བྱེད་ལ་གོང་གི་བྱེད་སེང་གེ་ཅན་ལ་དགྲ་ལ་དགའ་བའི་རྣམ་འགྱུར་བསྟན་མ་ཡོང་ཞེས་རེ་འབོད་ཞུ་བཞིན་ཡོད། དེར་ཉན་འབྲས་མེད་ཚེ་ཁྱེད་བོད་པ་ཙམ་ལས་བོད་མིར་དགོས་པ་མེད་པ་མངོན་གསལ་རེད། སྐུ་ཞབས་སྐལ་བཟང་རྒྱལ་མཚན་ནི་མི་སྣ་བྱས་རྗེས་ཅན་ཞིག་བཙན་བྱོལ་སྤྱི་ཚོགས་ནང་རེད། ལྷག་པར་༧ གོང་ས་མཆོག་གིས་བཀའ་དགོངས་གཞི་ཟིན་གྱིས་གཞུང་མང་ཞབས་ཞུ་སྒྲུབ་མཁན་གཅིག་རེད། སྐུ་ཡི་སྐུ་ཚབ་ཞེས་པ་དེ་ཡིག་ཚང་ལས་བྱེད་གསར་འཕོས་བྱེད་བྱེད་ཞིག་གཏན་ནས་མ་རེད། འདི་གལ་པོ་ཆེ་ལ་ནན་གཏན་གྱི་མི་སྣ་གདམ་དགོས་པ་རེད། ཁོང་གིས་དབུ་ཁྲིད་པའི་ལས་འགུལ་བསྔགས་བརྗོད་ཞུ་རྒྱུ་ཡིན།།།།།

    Reply
  5. སེང་གེ says:
    ལོ་ 13 སྔོན།

    ཨ་ཡ་མཚན། སྐལ་བཟང་རྒྱལ་མཚན་སྐུ་ཚབ་ནས་དགོངས་པ་ཞུས་མ་ཐག བློ་སེང་གི་ཁུ་སིམ་སིམ་ཡོ་རོབ་དམིགས་བསལ་སྐུ་ཚབ་ལ་བསྐོ་བཞག་བྱས་འདུག ད་བྱས་དུས་ཤར་ཁུག་དང་ཡེ་རྡོར་གྱིས་བྲིས་པའི་བློ་སེང་དང་རྒྱ་རིའི་བར་གྱི་གནས་སྟངས་དེ་གཞི་རྩ་ཡོད་ས་རེད། ཨ་ཁ་ཁ། ཆོལ་ཁའི་ཕྱོགས་ལྷུང་རུ་ཁག་གིས་དཔུང་སྒྲིལ་ནས་བོད་མི་མང་ལ་མགོ་བསྐོར་བཏང་བ་ག་དུས་མཚམས་འཇོག་གི་ཡོད་ན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese