མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་བཞིན་པའི་བོད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཞུ་ཀྲི་ཡོན་གྱིས་བརྩམས། ཝཱཎ། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

ཕྱི་ཟླ་ ༢ པའི་ཚེས་ ༡༩ ཉིན་དགུང་ཙམ་ལ་རང་ལོ་ ༡༨ སོན་པའི་སྣང་གྲོལ་ལགས་ཀྱིས་བོད་བྱང་ཤར་བར་མ་གྲོང་སྡེའི་ཟམ་ཐང་དགོན་གྱི་ཉེ་འཁྲིས་སུ་རང་ལུས་མེ་རུ་ཞུགས་འབུལ་གནང་ཡོད། ཁོང་གིས་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང། ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ།  ངའི་ཚེ་སྲོག་མེ་ལ་སྐུར་ནས།  ཞེས་བྲིས་ཡོད། ཧན་རྒྱ་རིགས་ནི་ “མི་ངན་” ཡིན་པ་བརྩིས་ཡོད། ཁོང་གིས་ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་རྒྱུར་དཀའ་ཞེས་ཀྱང་བརྗོད་ཡོད།

འདས་པའི་ལོ་གསུམ་གྱི་ནང་བོད་མི་སེར་སྐྱ་གྲངས་བརྒྱ་ལ་ཉེ་བས་རང་ལུས་བསྲེགས་གནང་ཡོད་པ་མ་ཟད།  ཟླ་ ༡༡ ཚེས་ ༤ ནས་ཟླ་ ༡༢ ཚེས་ ༣ བར་གྱི་ནང་མི་གྲངས་སུམ་ཅུ་ཡིས་ཚེ་སྲོག་མེ་ལ་བསྒྲོན། རྒྱ་གཞུང་གིས་དོན་རྐྱེན་རྒྱུད་སྐུལ་ཉེས་འཛུགས་འོག་བོད་མི་རྣམས་དོན་དམ་བཙོན་འཇུག་བརྒྱུད་རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་འགོག་ཐབས་བྱེད་ཀྱི་ཡོད། དེ་དང་མཉམ་དུ་རྨ་མེད་པའི་གཅར་རྡུང་མུ་མཐུད་ཀྱིན་ཡོད།

ལོ་ངོ་ ༢༡ གོང་ང་མཐོ་སློབ་གྲོགས་པོ་ཚོ་དང་མཉམ་དུ་རྒྱ་ནག་གི་ནུབ་ཕྱོགས་མཐར་བསྐྱོད་ཡིན། དེའི་སྐབས་ཞི་བདེ་ལྷིང་འཇགས་ལྟར་སྣང། འོན་ཀྱང། དེང་སྐབས་ཉིན་ལྟར་ཡིད་སྐྱོ་བའི་གནས་ཚུལ་རྐྱང་རྐྱང་ཐོས་ཀྱི་འདུག  ཟླ་ ༡༠ པའི་ནང་ང་ཕྱིར་ལོག་བྱེད་སྐབས་ལོ་གཞོན་གྲྭ་བ་ཞིག་གིས་ང་ཁོང་རང་གི་དགོན་པར་མགྲོན་འབོད་གནང་སོང། ཞིབ་བཤེར་བཀག་སྡོམ་བྱེད་ས་བརྒྱུད་ནས་འགྲོ་སར་དར་འཕྱང་དམར་པོ་ཞིག་གི་ཐོག “བརྟན་ལྷིང་རྒྱུན་སྐྱོང་ཆེད་ཛ་དྲག་གནས་སྟངས་ལ་འཕྲལ་དུ་གདོང་ལེན་བྱེད་དགོས།”  ཞེས་གསལ། ཁོང་གིས་དྲག་ཆས་སྤྲོས་པའི་དམག་མི་མཐོང་པར་ཁོང་ཁྲོ་ཟ་ཡི་འདུག་ཟེར། རྒྱུ་མཚན་ནི་འཛུགས་སྐྲུན་ཆེད་འགྲོ་ལམ་བཀག་བཞག་འདུག  རྒྱང་ཐག་མེ་ལི་ ༣༠ ཙམ་གྱི་སྣང་གྲོལ་གྱི་ཕ་ཡུལ་བར་མར་འགྲོ་བར་དགོང་དྲོ་བར་དུ་བསྒུག་དགོས་བྱུང། སྣུམ་འཁོར་ནང་ང་དང་གཞན་བོད་མི་ན་གཞོན་གཉིས་བཅས་འགྲུལ་པ་གསུམ་ཡོད། 

ངས་ “ཁྱེད་ཚོ་ནང་པ་ཡིན་ནམ།” ཞེས་དྲིས་ཡིན། གཅིག་གིས་༸གོང་ས་ཏཱ་ལའི་བླ་མའི་སྐུ་པར་ཞིག་བྲང་ཁོག་ནས་ཕྱིར་བཏོན་སྟེ་ང་ལ་བསྟན་བྱུང། “ཁོང་ནི་ང་ཚོའི་རྩ་ཆེ་ཤོས་རེད།” ཅེས་ཟེར།  ངས་ཁྱེད་ཚོས་ “རང་ལུས་མེར་བསྲེགས་སྐོར་གོ་ཐོས་བྱུང་ངམ།” ཞེས་ལྟ་ཚོད་ཀྱིས་དྲིས་པ་ཡིན། མཐར་བརྗོད་གཞི་དེའི་ཐོག་བབས་སོང། ཁོ་ཚོས་དོན་རྐྱེན་གྱི་སྐོར་ཤེས་ཀྱི་འདུག

“དགོངས་པ་མ་འཚོམ། ཁྱེད་ཚོ་ཧན་རྒྱ་རིགས་ཚོར་ཁོང་ཁྲོ་ཟ་ཡི་འདུག་གམ།” ཞེས་དྲིས་ཡིན། རྒྱུ་མཚན་ནི། སྣང་གྲོལ་གྱིས་ཞལ་ཆེམས་ནང་ “རྒྱ་ངན་”ཞེས་པའི་ཚིག་འདི་བཀོལ་སྤྱོད་གནང་ཡོད། ཁོ་ཚོས་སྣང་གྲོལ་གྱི་སྐོར་གོ་ཐོས་བྱུང་འདུག  ང་སྣང་གྲོལ་གྱི་ཕ་མར་གདུང་སེམས་མཉམ་སྐྱེད་བྱེད་པར་འགྲོ་རྒྱུ་ཡིན་ཞེས་བརྗོད་པས། ཁོ་ཚོས་སྐད་ཆ་མང་པོ་བཤད་བྱུང།

ཁོ་ཚོ་ཡང་བོད་མི་བརྒྱ་ཕྲག་དང་མཉམ་དུ་ཡོད་པ་དང། བོད་མི་ཚོས་སྣང་གྲོལ་གྲོངས་སར་གུར་དཀར་པོ་ཞིག་ཕུབ་ཡོད་པ་བཅས་ཀྱི་སྐོར་བརྗོད་བྱུང།  གཅིག་གིས་ “ཁོང་ནི་ང་ཚོའི་དཔའ་བོ་རེད”ཅེས་ཟེར།

ང་ཚོ་བར་མ་རུ་བསླེབས་དུས་ས་རུབ་འདུག   ལམ་ཟུར་གློག་སྒྲོན་ཞིག་གི་འགྲམ་དུ་ངའི་འགྲུལ་རོགས་ཤིག་གིས་མི་ཞིག་ལ་ལམ་ཕྱོགས་སྐད་ཆ་དྲིས་མོད། དེས་ཡ་ལན་སྤྲད་མ་སོང། ལམ་གྱི་བཞི་མདོ་ཞིག་ཏུ་ཁོས་སྦག་སྦག་ལ་བཞོན་པའི་མི་གཉིས་ལ་སྐད་ཆ་དྲིས་པ་དང་ཁ་རྩོད་ཤོར་སོང། གྲྭ་བ་ཞིག་སྒེའུ་འཁྲིས་ང་ལ་ལྟ་ཞིབ་བྱེད་པར་བསླེབས་བྱུང། 

ངའི་འགྲུལ་རོགས་ཀྱིས་ “དགོངས་པ་མ་འཚོམ།   ཁོ་ཚོས་ངས་ཁྱེད་རང་འདི་གར་ཁྲིད་པར་གཤེ་གཤེ་བཏང་བྱུང།” ཞེས་ཟེར། འགྲུལ་འཁོར་ཆུང་བ་ཞིག་བསླེབས་ཏེ། མི་གཉིས་མར་མཆོང་འཐོན་བྱས་པ་དང་འགྲུལ་རོགས་ལ་ཁོང་ཁྲོའི་དྲག་རྩུབ་ཀྱིས་གཤེ་གཤེ་བཏང་སོང། ཞེ་སྣང་དང་དྲག་རྩུབ་ཀྱིས་ས་གཞི་ཡོངས་རྫོགས་མུན་པར་ལྟར་བསྒྲིབས་འདུག

གློ་བུར་ཐོག་རྒྱག་འགྲུལ་རོགས་ཀྱིས་ “ང་ཚོ་བོད་པ་ཡིན།” ཞེས་བརྗོད་བྱུང།  ང་ཚོས་བར་མར་མ་ཕྱིན་པར་མཚན་གཅིག་ཉེ་འཁོར་གྱི་གྲོང་སྡེ་ཞིག་ཏུ་བསྡད་པ་ཡིན།  “ང་ཚོ་ནང་པ་ཡིན། འོན་ཀྱང། ཆོག་མཆན་མེད་པར་ང་ཚོ་ལྷ་སར་འགྲོ་མི་ཆོག” ཅེས་ཟེར། ལོ་མང་གོང་ལྷ་ས་ལ་གནས་སྐོར་འགྲོ་མཁན་གྱི་བོད་པ་མང་པོ་མཐོང་རྒྱུ་ཡོད་མོད། འོན་ཀྱང། ད་ཆ་གཅིག་ཀྱང་མི་འདུག

ཉིན་རྗེས་མར་ང་བར་མ་ལ་བསྐྱར་ལོག་བྱས་ཡིན། ངས་ཆུ་ལེན་མཁན་གྱི་ལོ་གཞོན་གྲྭ་བ་ཞིག་ལ་སྣང་གྲོལ་གྱི་སྐོར་སྐད་ཆ་དྲིས་པས། ཁོས་ང་ཚོགས་ཁང་ཆེན་པོ་ཞིག་གི་ནང་ཁྲིད་བྱུང། དེར་གྲྭ་བ་རྒས་སོང་ཞིག་རྐང་པ་སྐྱིལ་ཀྲུང་བྱས་ནས་བསྡད་འདུག ང་ལ་སྣང་གྲོལ་གྱི་འདྲ་པར་མེད་སྟབས། ཁོས་རོགས་པ་བྱེད་ཐབས་མི་འདུག་ཟེར།

ལོ་གཞོན་གྲྭ་བ་དེས་ཁོ་རང་དང་ན་མཉམ་ཚོར་དྲིས་ཀྱང། ལན་རགས་མ་བྱུང། ལམ་དུ་ཡར་མར་འགྲོ་མཁན་ཚོས་ཀྱང་མགོ་པོ་གཡུག་གི་འདུག འཛུགས་སྐྲུན་བྱེད་སའི་ས་ཁུལ་དེར་ཡང་སུས་ཀྱང་ཤེས་རྟོགས་བྱུང་མི་འདུག གྲོང་སྡེའི་དམའ་རིམ་སློབ་གྲྭའི་སྒོ་སྲུང་དམག་མི་ཞིག་ལ་སྐད་ཆ་དྲིས་པས། སྣང་གྲོལ་ནི་སློབ་ཕྲུག་ཅིག་ཡིན་པ་ཤེས་རྟོགས་བྱུང། དམག་མི་དེས་ལམ་སྟོན་ལྟར་ངས་ཉེ་འཁོར་གྱི་རྒྱའི་རྒྱལ་དར་ལྷབ་ལྷུབ་གཡོ་པའི་སྡོད་ཁང་དེར་ཕྱིན་མོད། འོན་ཀྱང། མི་མང་ཚོས་གྲོང་སྡེ་དེར་འབྲིང་རིམ་སློབ་གྲྭ་མེད་རེད་ཅེས་ཟེར།

བར་མ་ནས་ཕྱིར་ལོག་བྱེད་སའི་གཞུང་ལམ་ནི།  ཉིན་རྒྱབ་ཆུ་ཚོད་དང་པོ་ནས་སྒོ་ཕྱེ་ཡི་འདུག   ས་ཕྱོགས་དེ་ནས་ང་འཐོན་དགོས་ཆགས་བྱུང། གཙང་ཆུའི་ངོགས་སུ་ཤིང་སྡོང་དབྱར་བ་དག་ཉི་འོད་དང་བསྡེབས་ཤིང། གོས་དམར་གྱོན་པའི་ལོ་གཞོན་གྲྭ་བ་སྐོར་ཞིག་སློབ་གཉེར་ལ་གཞོལ་བཞིན་འདུག  ང་མི་འདོད་བཞིན་དུ་གླ་འཁོར་ཞིག་གི་ནང་བསྡད་ཡིན། ང་ལོ་མང་རིང་ནས་ས་ཆ་གང་སར་འགྲུལ་བསྐྱོད་བྱེད་མྱོངས་མོད། ཅི་ཞིག་སྟོར་བ་ལྟ་བུའི་ཚོར་བ་ནི་བྱུང་མྱོངས་མེད།

ལམ་གཞུང་མར་བསྐྱོད་ནས་མེ་ལི་གཅིག་ཙམ་རྗེས།  སྒང་ཤོང་ཅན་གྱི་གྲོང་གསེབ་ཅིག་གི་འགྲམ་དུ་ངས་གླ་འཁོར་ཁ་ལོ་བ་བཀག་ཡིན། ངས་རེ་ཞུ་སྐྱར་ཟློས་ཡང་ཟློས་བྱས་མཐར་ལམ་ཟུར་གྱི་ཚོང་བདག་ཅིག་གིས་གཞི་ནས་སྣང་གྲོལ་གྱི་ཁྱིམ་ཚང་གི་འགྲོ་ལམ་བསྟན་བྱུང། ཁྱོ་ཤུག་བགྲེས་སོང་གཉིས་ཀྱིས་སྒང་གཤོང་གི་སྟོད་ཕྱོགས་ཁང་པ་དེར་མཛུབ་མོ་བཙུག་སོང།

དེ་ནི་འདམ་བག་གི་བརྒྱབ་པའི་ཁང་པ་ཆུང་ཆུང་ཞིག་སོ་ཕག་གི་གྱང་གིས་མཐའ་བསྐོར་ཡོད་པ་དང།  ཕྱོགས་གཅིག་ཏུ་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག  ལྕགས་སྒོ་ལ་སྒོ་ལྕགས་ཤིག་བརྒྱབ་འདུག  ཉེ་འགྲམ་གྱི་སྐྱེ་དམན་བུ་ཕྲུག་ཁྲིད་པ་ཞིག་གིས་སྣང་གྲོལ་ངོ་ཤེས་ཀྱི་ཡོད་ཟེར།  ཁོང་གི་ཕ་མ་དག་ཐག་རིང་གི་འབྲོག་སར་བསྡད་ཡོད་རེད་ཅེས་བརྗོད་བྱུང། ཁོ་མོས་བརྗོད་དོན། ཁོང་གྲོངས་བའི་ཉིན་དེར། ཁོ་བས་གོས་གསར་པ་གྱོན་པ་དང། ལུས་པོ་བཀྲུས་ཤིང་མགོའི་སྐྲ་ཡང་གཙང་སེང་བཏུབ་འདུག ཁོས་མི་རྣམས་ལ་ཁོ་རང་རྫིག་པོ་ཡོད་མེད་སྐད་ཆ་དྲིས་ཀྱི་འདུག་ཟེར།

ངས་ཇི་ལྟར་བྱས་ནས་རང་ཉིད་ཀྱི་སྡུག་བསྔལ་བརྗོད་དགོས་མིན་མ་ཤེས་མོད། བུད་མེད་དེར་རྒྱ་སྒོར་ ༥༠༠ ཐམ་པ་སྣང་གྲོལ་གྱི་ཕ་མར་སྤྲོད་རོགས་ཞེས་མངགས་པ་དང། ཧན་རྒྱ་རིགས་ཤིག་གུས་བདུད་ཞུ་པར་བསླེབས་པའི་སྐོར་བརྗོད་རོགས་ཞུས་ཡིན།

སྣང་གྲོལ་དང་གཞན་བོད་མི་ཚོ་རང་དབང་ཆེད་འཆི་བཞིན་ཡོད་རུང། ང་ཚོ་ཧན་རྒྱ་རིགས་ཚོས་ཁ་ཁུ་སིམ་མེར་འདུག་པར་ང་ལ་བློ་ཕམ་ཡོད།  ང་ཚོའི་འཚོ་གནས་ནི་ཁེར་རྐྱང་དང་ནང་ཁུལ་འཁྲུག་འཛིང་། ཞེ་འཁོན་དང་གཏོར་བཤིག་ཁྲོད་སོ་སོའི་ཆག་སྒོ་སོ་སོས་མྱོང་བཞིན་ཡོད། གནས་འདི་ནི་ང་ཚོ་ཐུན་མོང་གིས་སྤྱོད་བཞིན་ཡོད། འདི་ནི་ཐུན་མོང་གི་ཁྱིམ་གཞི་དང་ཐུན་མོང་གི་འོས་འགན། ཐུན་མོང་གི་རྨི་ལམ་ཡིན་པ་མ་ཟད། ཐུན་མོང་གིས་སྲུང་སྐྱོབ་བྱེད་ཡུལ་ཞིག་ཀྱང་ཡིན།

ཞུ་ཀྲི་ཡོན་Xu Zhiyongནི་ཁྲིམས་རྩོད་པ་དང་འགྲོ་མིའི་ཐོབ་ཐང་ཞུ་གཏུགས་བྱེད་མཁན་ཞིག་ཡིན།

མ་རྩོམ་གྱི་དྲ་ཐག http://www.nytimes.com/2012/12/13/opinion/tibet-is-burning.html?_r=0

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༣ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. ཞི་བདེ། says:
    ལོ་ 13 སྔོན།

    ཞུ་ཀྲི་ཡོན་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། ཁྱོད་ནི་འགྲོ་བ་མི་རིགས་ཀྱི་གཞི་རྩའི་ཐོང་ཐང་དང་རང་དབང་ལ་གདེང་འཇོག་གནང་ཞིག་ཡིན་པ་དང་ལྷག་དོན་དོན་དངོས་ཀྱི་བོད་ཀྱི་དཀའ་སྡུག་ཁུར་ཉམས་ལེན་བྱེད་མཁན་ཡིན་པས་ཁྱོད་ལ་གཟི་བརྗིད་ལྡན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese