ཧྥ་རན་སིའི་ཡུལ་མི་སྐུ་ཞབས་ངག་དབང་འཕྲིན་ལས་ལཊ་ཀྱིས་ངྷ་སར་གསར་འཛུཊ་བྱས་པའི་ནང་བསྟན་སྲི་ཞུ་ཁང་དུ་ད་ཆར་ཁྱོན་དགེ་རྒན་ལས་བྱེད་ ༤༠ ཙམ་དང་། བོད་དང་རྒྱ་ནག་གཙོས་འཛམ་གླིང་རྒྱལ་ཁབ་ ༢༥ ཙམ་ནས་ཕྱི་རྒྱལ་དང་བོད་རིཊ་སློབ་གཉེར་བ་ ༡༥༠ ལྷག་ཡོད་འདུག
བཞུཊ་སྒར་ངྷ་རམ་ས་ལ་དང་བར་ཐག་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་པའི་སྦིར་དཔལ་སྤུངས་ཤེས་རབ་གླིང་གི་སྐར་རྩིས་དགེ་རྒན་དང་། སྐྱེས་ཁུངས་ཧྥ་རན་སིའི་མི་རིཊ་ཡིན་པའི་སྐུ་ཞབས་ངག་དབང་འཕྲིན་ལས་ལགས་ཀྱིས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་ཆེད། སྔར་ལོའི་ཟླ་ ༡༠ པའི་ནང་ངྷ་ས་མེག་གྷན་པདྨ་ཐང་གསོལ་མགྲོན་ཁང་གི་ཉེ་འདབས་སུ། ༼ནང་བསྟན་སྲི་ཞུ་ཁང་༽ཞེས་པའི་དྲ་ཐོག་སློབ་གྲྭ་ཞིག་གསར་འཛུགས་གནང་ཡོད་པ་ལྟར། འདས་པའི་མི་ལོ་གཅིག་ཙམ་རིང་སྲི་ཞུ་ཁང་དེའི་བོད་རིཊ་དགེ་རྒན་ ༨ ཙམ་གྱིས། ཉིན་ལྟར་དྲ་ཐོག་ཏུ་ཨ་རི་དང་ཡུ་རོབ། མཱ་ལེ་ཤི་ཡཱ་དང་སིང་གྷི་ཕོར། ཐའེ་ཝན་གཙོས་རྒྱལ་ཁབ་ ༡༥ ཙམ་གྱི་ཕྱི་རྒྱལ་དང་བོད་རིཊ་སློབ་མ་ ༣༩ ཙམ་ལ། བོད་སྐད་བོད་ཡིག་དང་བོད་ཀྱི་རིག་གཞུང་འཆད་ཁྲིད་ཀྱི་ཕྱག་ལས་གནང་ཡོད་འདུག་ལ། ནང་བསྟན་སྲི་ཞུ་ཁང་གི་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་འབད་བརྩོན་གྱི་གྲུབ་འབྲས་ཁོ་ནར་བརྟེན་ནས། ད་ཆར་སྲི་ཞུ་ཁང་དེར་དྲ་ཐོག་གི་དགེ་ལས་ ༤༠ ཙམ་དང་། བོད་དང་རྒྱ་ནག་གཙོས་འཛམ་གླིང་རྒྱལ་ཁབ་ ༢༥ ཙམ་ནས་ཁྱོན་མི་རིཊ་དང་ལས་གནས་འདྲ་མིན་གྱི་སློབ་མ་གྲངས་ ༡༥༠ ལྷག་འཕར་སྣོན་བྱུང་ཡོད་འདུག
ངག་དབང་འཕྲིན་ལས་ལཊ་ཀྱིས་བརྗོད་པ་ལྟར་ན། ནང་བསྟན་སྲི་ཞུ་ཁང་ལས་ཁུངས་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་ནང་ཡོད་པའི་ནང་པའི་རིག་གཞུང་རྣམས་ཡུན་གནས་དར་སྤེལ་གཏོང་ཆེད་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཀྱི་བླ་མ་དགེ་བཤེས་རྣམ་པའི་སྐད་སྒྱུར་ཚོས་ཁ་སྐད་མི་ཤེས་པའི་དཀའ་ངལ་སེལ་ཐབས། དེ་བཞིན་ཕྱི་རྒྱལ་གནས་སྡོད་བོད་རིགས་གཞོན་སྐྱེས་ཚོར་བོད་སྐད་བོད་ཡིག་སློབ་སྦྱོང་གི་མཐུན་རྐྱེན་སྤྲོད་ཆེད་དུ་ཡིན་འདུག
ནང་བསྟན་སྲི་ཞུ་ཁང་དེར་དྲ་ཐོག་སློབ་གྲྭ་དང་མྱུར་སྦྱོང་སློབ་གྲྭ་རིཊ་གཉིས་སུ་བགོས་ཡོད་ཅིང་། སྲི་ཞུ་ཁང་དེའི་གཏན་འབེབས་བྱས་པའི་དྲ་ཐོག་གི་ཁྲིད་གཞིའི་རྣམ་གྲངས་ཁག་ནི། ཁ་སྐད་དང་ཡི་གེ་སྦྱོར་ཀློག སུམ་བཅུ་པ། རྟགས་འཇུག སྙན་ངག་གི་རྨང་གཞིའི་ཤེས་བྱ། རྒྱུན་སྤྱོད་ཐ་སྙད། བོད་ཡིག་ཚགས་ཤོག་དང་བོད་ཡིག་དྲ་རྒྱ་ཁག་གི་ཚིག་འགྲོས། བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན། གློག་བརྙན་གཟིགས་འབུལ། ༸གོང་ས་མཆོག་གི་བཀའ་སློབ། ནང་ཆོས་ངོ་སྤྲོད། ཤེས་རིག་ལས་ཁུངས་ཀྱི་དམའ་རིམ་གཞི་རིམ་སློབ་དེབ། ཨམ་སྐད་དང་ཁམས་སྐད་ཀྱི་སྦྱོར་ཀློག བོད་ཡིག་གི་རི་མོ་སོཊ་སློབ་ཁྲིད་བྱ་དགོས་ཀྱི་ཡོད་འདུག
ནང་བསྟན་སྲི་ཞུ་ཁང་གི་མྱུར་སྦྱོང་སློབ་གྲྭའི་སྡེ་ཚན་ལ་མཚོན་ན། ཡུ་རོབ་དང་ཨ་རིའི་འགྲོ་ལུཊ་ལྟར་དུས་ཚོད་ཐུང་ངུའི་ནང་སྐད་ཡིག་མགྱོགས་པོ་སྦྱང་རྒྱུའི་ཐབས་ལམ་ཁག་བེད་སྤྱད་དེ། ཉིན་ལྟར་བོད་ཡིག་དགེ་རྒན་ ༤ ཆ་བགོས་ཀྱིས་ཆུ་ཚོད་ ༨ རིང་། དྲ་ཐོག་ནས་བོད་སྐད་བོད་ཡིག་མི་ཤེས་མཁན་གྱི་བོད་མི་དང་ཕྱི་རྒྱལ་མི་རིགས་བཅས་ལ་དབུས་སྐད་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། དུས་ཡུན་ཟླ་གསུམ་ནང་ཁ་སྐད་ཡག་པོ་ཆགས་རྗེས་གཞི་ནས་སློབ་ཁྲིད་རིམ་པ་གཉིས་པའི་ཐོག་སྤོས་ཏེ། གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་དམའ་རིམ་འཛིན་གྲྭ་གསུམ་པ་དང་ལྔ་པ་དང་། དྲུག་པ་ནས་བརྒྱད་པ། དགུ་བ་ནས་བཅུ་པའི་བར་སློབ་ཁྲིད་ཀྱི་བྱེད་ཀྱི་ཡོད་འདུག
སྲི་ཞུ་ཁང་དེས་དྲ་ཐོག་སློབ་མ་ཚོར་ཉིན་ལྟར་མི་རེར་ཆུ་ཚོད་ ༡ ལྷག་གི་རིང་སློབ་མའི་གནས་ཚད་དང་བསྟུན་ཏེ་བོད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང་། ཡུ་རོབ་ཏུ་གནས་སྡོད་སློབ་མ་ཚོས་ཆུ་ཚོད་རེར་སློབ་ཡོན་ཡུ་སྒོར་ ༢།༥ རེ་སྤྲོད་དགོས་ཤིང་། བྱང་ཨ་རི་དང་དེ་མིན་ས་གནས་གཞན་ནས་ཆུ་ཚོད་རེར་ཨ་སྒོར་ ༣ རེ་སྤྲོད་དགོས་པ་དང་། བོད་སྐད་བོད་ཡིག་ལ་དོ་སྣང་ཡོད་མཁན་གྱི་ཕྱི་རྒྱལ་བོད་མི་ཚོར་རིན་མེད་ཐོག་སོ་སོའི་དགོས་མཁོ་དང་བསྟུན་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་འདུག སྲི་ཞུ་ཁང་དེའི་ངོས་ནས་དགེ་ལས་ཀྱི་ཟླ་ཕོགས་དང་འཛིན་སྐྱོང་གི་འགྲོ་སོང་གི་དཀའ་ངལ་བཅས་ལ་བསམ་བློ་བཏང་སྟེ། མ་འོངས་པར་ཡུ་རོབ་གནས་སྡོད་དྲ་ཐོག་སློབ་མ་ཚོར་དུས་ཚོད་རེར་ཡུ་སྒོར་ ༣ རེ་དང་། ཨ་རི་དང་དེ་མིན་རྒྱལ་ཁབ་གཞན་ཁག་ཏུ་ཡོད་མཁན་སློབ་མ་ཚོར་དུས་ཚོད་རེར་ཨ་སྒོར་ ༤ རེ་ལེན་འཆར་ཡོད་འདུག
ནང་བསྟན་སྲི་ཞུ་ཁང་གི་ལས་ཁུངས་ཐོག་མར་ངྷ་ས་པདྨ་ཐང་ཉེ་འགྲམ་དུ་གསར་འཛུགས་བྱས་ཡོད་ཀྱང་། ལས་ཁུངས་ཆུང་དྲགས་པ་དང་དགེ་ལས་ཀྱི་གྲངས་འབོར་མང་དུ་ཕྱིན་སྟབས། ད་ཆར་ལས་ཁུངས་དེ་མེག་གྷན་ཀུན་དགའ་གསོལ་མགྲོན་ཁང་དུ་གཤམ་འོག་ཏུ་གནས་སྤོར་བྱས་ཡོད་ཅིང་། ནང་བསྟན་སྲི་ཞུ་ཁང་གིས་དྲ་ཐོག་གི་སློབ་མ་ཚོའི་སློབ་ཡོན་གང་འཚམ་རེ་བསྡུ་རུབ་གནང་སྟེ། ཚོད་ལྟའི་དགེ་ལས་ཚོར་ཚོར་ཟླ་རེར་ཟླ་ཕོཊ་ཧིན་སྒོར་ ༥༠༠༠ ནས་ ༧༥༠༠ བར་དང་། གཏན་འཇགས་དགེ་ལས་ཚོར་ཟླ་རེར་ཟླ་ཕོགས་ཧིན་སྒོར་ ༡༠༠༠༠ ལྷག་རེ་སྤྲོད་ཀྱི་ཡོད་པ་མ་ཟད། ལས་བྱེད་རྙིང་པ་ཚོར་འཛིན་སྐྱོང་གི་འགྲོ་སྟངས་བཞིན་སྐབས་བསྟུན་གྱི་ཟླ་ཕོགས་སྤར་གྱི་ཡོད་འདུག ལས་ཁུངས་དེའི་དགེ་རྒན་མང་ཆེ་བ་ཝར་ཎ་མཐོ་སློབ་དང་སཱ་ར་མཐོ་སློབ། དེ་བཞིན་སྔོན་ཆད་དགོན་སྡེ་ཁག་ཏུ་སློབ་སྦྱོང་གནང་མྱོང་བའི་གྲྭ་བཙུན་ཟུར་པ་དང་། བོད་དུ་སློབ་སྦྱོང་གང་འཚམ་བྱས་ཀྱང་ལག་འཁྱེར་མེད་པའི་དཀའ་ངལ་འོག་ལས་ཀ་མ་རག་མཁན་གྱི་གསར་འབྱོར་བ་ཁག་ཅིག་ཡིན་འདུག
གསར་འགོད་པས་ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལཊ་སུ། བཞུགས་སྒར་ངྷ་སར་ལས་ཁུངས་འདི་འདྲ་ཞིག་འཛུཊ་དགོས་དོན་ཅི་ཡིན་སྐོར་དྲིས་པར། “ལས་ཁུངས་འདི་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ནང་ཆོས་སྲུང་སྐྱོབ་ཆེད་གསར་འཛུགས་བྱས་པ་ཞིག་ཆཊ་ཡོད་ཀྱང་། ལས་གཞི་འདིའི་ཐད་མཚམས་རེར་བསམ་བློ་གཏོང་སྐབས། ང་རང་གིས་ཁྱད་མཚར་ཞིག་མཐོང་གི་འདུག གང་ཡིན་ཟེར་ན། ལས་གཞི་འདིར་ང་རང་སྒེར་ངོས་ནས་ཇུས་གཏོཊ་ཆཊ་ཡོད་པ་མ་རེད། གཅིག་ནས་བོད་སྐད་དེ་ང་རང་གི་སྐད་ཡིག་མ་རེད་ལ། བོད་ཀྱི་རིག་གཞུང་ཡང་ང་རང་གི་རིག་གཞུང་མ་རེད། བོད་པའི་མི་རིཊ་ཀྱང་ང་རང་གི་མི་རིགས་མ་རེད། མ་གཞི་ང་རང་བོད་ཀྱི་ནང་པ་ཞིག་ཡིན་རུང་ནང་ཆོས་ངའི་སྲོལ་རྒྱུན་གྱི་ཆོས་ལུཊ་མ་རེད། དེའི་ཕྱིར། བོད་པ་རང་གི་མི་རིགས་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན། རང་གི་སྐད་དང་རིག་གཞུང་ལ་བདག་པོ་ཡག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་རང་ལ་མཚོན་ན། མི་ཚེ་ཧྲིལ་པོར་ངྷ་སར་སྡོད་རྒྱུའི་འཆར་གཞི་གང་ཡང་མེད། ངའི་རེ་བར་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ལས་གཞི་འདི་གཞི་རྩ་བརྟན་པོ་ཆཊ་པ་ཡིན་ན། ལས་གཞི་འདིའི་འགན་ཆ་ཚང་བོད་པ་རང་ལ་སྤྲོད་ཐུབ་ན་བསམ་བསྡད་ཡོད། ལས་གཞི་འདིའི་ཐོག་བོད་པ་ཚོས་རང་དོན་རང་གཅེས་བྱས་ཏེ། རང་གི་རིག་གཞུང་སྲུང་སྐྱོབ་ཐོག་ཤུགས་རྒྱག་རྒྱ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ཆབ་སྲིད་ཐོག་སྐད་འབོད་ལ་འགྲོ་རྒྱུ་དང་མ་ཎི་གསོག་སྒྲུབ་བྱ་རྒྱུ་གལ་ཆེན་ཡིན་རུང་། མི་རིཊ་ངོ་བོ་འཛིན་རྒྱུ་དང་མི་རིགས་གསོན་གནས་ཐུབ་མིན་དེ། སྐད་ཡིག་དང་རིག་གཞུང་། ནང་ཆོས་གསུམ་ལ་རག་ལས་བསྡད་ཡོད་སྟབས། ལས་འགུལ་དེའི་རིགས་ཀྱིས་བོད་མི་རིཊ་ཀྱི་ངོ་བོ་གསོན་པོར་གནས་རྒྱུ་ཕན་རྒྱུ་མ་རེད། ”ཅེས་བརྗོད་སོང་།
ལས་ཁུངས་དེར་འཛུལ་ཞུགས་གནང་བར་ཆ་རྐྱེན་གང་དག་ཚང་དགོིས་མིན་སྐོར་དྲིས་པར། “དམིགས་བསལ་ཆ་རྐྱེན་དེ་འདྲ་གང་ཡང་དགོས་པ་མ་རེད། དགོན་པ་དང་སློབ་གྲྭ་ཁག་ཏུ་ནང་ཆོས་གཙོས་བོད་ཀྱི་རིག་གཞུང་ལ་སློབ་སྦྱོང་གང་འཚམ་ཡག་པོ་ཡོད་ན་ཆ་རྐྱེན་དུ་བརྩི་བཞིན་ཡོད། མ་གཞི་ང་རང་སྒེར་གྱི་ཚོར་བ་ཞིག་ཞུས་ན། ང་རང་ཕྱི་རྒྱལ་དུ་ཡོད་སྐབས། བོད་པའི་དགེ་བཤེས་དང་མཁན་པོ་ཁག་ཅིག་གིས་གྲྭ་ས་ནས་ལོ་མང་རིང་ནང་ཆོས་ལ་སློབ་གཉེར་གནང་སྟེ་འཛིན་གྲྭ་ཐོན་རྗེས་ཕྱི་རྒྱལ་དུ་ཕྱིན། གང་འཚམ་ཞིག་ནས་ཕྱི་རྒྱལ་དུ་གྲྭ་པ་ལོག་སྟེ་ཟ་ཁང་ནང་ཚལ་གཏུབ་རྒྱུ་དང་ཕོར་པ་བཀྲུ་རྒྱུའི་ལས་ཀ་དེ་འདྲ་བྱེད་བཞིན་པ་མཐོང་དུས། སེམས་ལ་ཕངས་སེམས་ཆེན་པོ་སྐྱེས་ཡོང་གི་འདུག་ལ་སྐབས་རེར་ཁོང་ཁྲོ་ཡང་ཟ་གི་འདུག མ་འོངས་པར་གནས་སྟངས་དེ་འདྲ་མ་ཡོང་བའི་ཐབས་ཤེས་ཤིག་འཐེན་དགོས་བསམ་སྟེ། ངྷ་རམ་ས་ལར་ཡོང་སྟེ་ལས་གཞི་འདི་འདྲ་ཞིག་མགོ་བཙུགས་པ་ཡིན། ལས་ཁུངས་འདིའི་ནང་དགོན་པ་ཁག་ཏུ་སྡོད་མ་ཐུབ་པའི་གྲྭ་ཟུར་དང་ཨ་ནེ་ཟུར་པ་ཚོར་དམིགས་བསལ་ལས་ཀ་སྤྲོད་ཀྱི་ཡོད་ལ། བོད་ཡིག་ཡག་པོ་ཡོད་ཀྱང་སྐད་ཡིག་གཞན་གྱི་དཀའ་ངལ་ཡོད་མཁན་དང་ལག་འཁྱེར་མེད་མཁན་གསར་འབྱོར་བ་ཚོར་དམིགས་བསལ་ལས་ཀ་གོ་སྒྲིག་བྱེད་ཀྱི་ཡོད། ལས་གཞིའི་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ལ་ཕན་ཐོགས་པ་ཙམ་དུ་མ་ཟད། ངྷ་སའི་ལས་མེད་གཞོན་སྐྱེས་སློབ་སྦྱོང་ཡོད་ཚོར་ཡང་འཚོ་བའི་ཐད་ནས་གང་འཚམ་ཕན་ཐོགས་ཡོང་གི་འདུག ད་སྔ་ལས་ཁུངས་འདིའི་ནང་ལས་བྱེད་གཅིག་མ་གཏོགས་གཞན་ཚང་མ་བོད་པ་རྐྱང་རྐྱང་ཡིན། ང་ཚོའི་ལས་གཞི་འདིར་ལུང་པ་འདྲ་མིན་ནང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་ལས་བྱེད་ཀྱི་གྲངས་འབོར་ཇེ་མང་དུ་གཏོང་འཆར་ཡོད། ”ཅེས་བརྗོད་སོང་།
གསར་འགོད་པ། དཔལ་ལྡན།
ཤིན་ཏུ་ལེགས་སོ།།
བཀྲིས་བདེ་ལེགས་སོ།།
ཤ་བག་ལེབ་དྲན་སོང་ངོ་།།
ཐུགས་རྗེ་ཆེའོ།།
ཐོག་མར་སྐུ་ཞབས་ངག་དབང་འཕྲིན་ལས་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
དེ་ནས་ཁྱེད་ཀྱིས་སློབ་སྦྱོང་གི་གོ་སྐབས་མ་རེག་པ་དག་ལ་འདི་ལྟ་བུའི་སློབ་སྦྱོང་གི་མཐུན་རྐྱེན་དང་ལས་མེད་ཀྱི་བོད་པ་དག་ལ་ལས་ཀའི་གོ་སྐབས་སྤྲད་པ་ཙམ་མ་ཡིན་པར་མ་འོངས་བོད་ཀྱི་རིག་གཞུང་དང་དེང་སྐབས་ཀྱི་བོད་མིའི་གནས་སྟངས་ལ་གཞིགས་ནས་འདི་ལྟ་བུའི་སྲི་ཞུ་ཁང་ཞིག་བཙུགས་པ་ལ་སྙིང་ཐེག་པ་ནས་ཐུགས་རྗེ་ཆེ་ཞུ། དེ་མིན་ཁྱེད་ཀྱི་མ་འོངས་བའི་བྱ་བཞག་མཐའ་དག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།
བཀུར་འོས་སྐུ་ཞབས་གང་གི་བཀའ་སློབ་ལས་སྤྱི་སྒེར་གྱི་གནད་དོན་མང་པོ་གླེང་འདུག
སྲི་ཞུ་ཁང་དེ་བཞིན་ཡར་རྒྱས་ཚགས་ཚུད་དང་། བོད་སྐད་དང་བོད་ཡིག་གི་རིན་ཐང་མཐོར་འདེགས་ཡོང་བར་ཉི་མ་མེ་གྲོགས་དང་། ཆར་པ་ཆུ་གྲོགས་སུ་འགྱུར་བར་སྨོན།