མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་མི་ ༩༠༠ འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གིས་འཛམ་གླིང་འཇིག་རྒྱུ་ཡིན་པའི་དཀྲོགས་གཏམ་སྤེལ་བའི་ཉེས་མིང་འོག་མི་ ༩༠༠ ལྷག་འཇུ་བཟུང་བྱས་འདུག

༢༠༡༢ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ནི་མཱ་ཡཱ་ལི་ཐོ་(Mayan Long Count calendar) མཇུག་རྫོགས་ཡོད་པའི་ཁར།  དེ་སྔོན་ཨ་རིའི་ཧོ་ལའེ་ཝོས་ ༼༢༠༡༢ ༽ཞེས་པའི་གློག་བརྙན་དེ་བཏོན་པ་བཅས་ལ་བརྟེན་ནས།  འཛམ་གླིང་མི་མང་ཁྲོད་ཉིན་དེར་ས་འགུལ་དང་མཚོ་ཡོམ་ཆེན་པོས་འཛམ་གླིང་འཇིག་ཉེན་འབྱུང་རྒྱུ་ཡིན་པའི་གླེང་སློང་ཞིག་བསླེབས་ཡོད་ལ།  ལྷག་པར་དུ་རྒྱ་ནག་ནང་སྐད་ཆ་དེ་ཤུགས་ཆེན་པོ་ཁྱབ་སྟེ།  མི་མང་ཁྲོད་དངངས་སྐྲག་བྱེད་མཁན་དང་སོ་སོར་ཐར་ལམ་གྱི་ཐབས་ཤེས་འཚོལ་མཁན་མང་པོ་བསླེབས་ཡོད་འདུག

ནེའུ་ཡུག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་ཆར་རྒྱ་གཞུང་གིས་འཛམ་གླིང་འཇིག་ཉེན་དྲིལ་བསྒྲགས་བྱས་པའི་ཉེས་མིང་འོག རྒྱ་ནག་གི་ཞིང་ཆེན་ཁག་ ༩ ནང་འཛམ་གླིང་འཇིག་ཉེན་ལ་ཡིད་ཆེས་བྱེད་མཁན་ཆོས་རྒྱུད་བྱེ་བྲག་པ་ཞིག་གི་དད་ལྡན་མི་སྣ་ ༩༠༠ ལྷག་འཇུ་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་དད་ལྡན་མི་སྣ་ ༤༠༠ ལྷག་མཚོ་སྔོན་ཞིང་ཆེན་གྱི་ཁོངས་ནས་ཡིན་འདུག 

རྒྱ་གཞུང་གིས་འཛམ་གླིང་འཇིག་ཉེན་དྲིལ་བསྒྲགས་བྱེད་མཁན་ཆོས་རྒྱུད་དེར་༼བླུན་ཆོས་༽ཞེས་བརྗོད་དེ་མཐའ་གཅིག་ཏུ་དྲག་གནོན་བཀག་སྡོམ་བྱེད་བཞིན་ཡོད་འདུག ཆོས་རྒྱུད་དེའི་དད་ལྡན་པ་རྣམས་ཀྱིས་མཚན་མོ་ཁང་ཁྱིམ་ཕྱི་ལོགས་ནས་སྐྱབས་འཇུག་སྨོན་ལམ་ཚོགས་པ་དང་།  འཛམ་གླིང་འཇིག་རྒྱུ་ཡིན་པའི་ཉེན་བརྡའི་ཡི་གེ་སོགས་བཀྲམས་ཏེ།  ཁོ་ཚོའི་ཆོས་རྒྱུད་ནང་འཛུལ་ཞུགས་བྱས་ན་ཐར་ལམ་ཐོབ་རྒྱུ་ཡིན་པ་དང་། ཆོས་དད་མེད་མཁན་གྱི་མི་རྣམས་ཐར་ལམ་མེད་པའི་དྲིལ་བསྒྲགས་བྱས་ཡོད་པར་བརྗོད།   

རྒྱ་གཞུང་ཤིན་ཧྭ་གསར་ཁང་གི་གནས་ཚུལ་སྤེལ་བའི་ནང་། ཆོས་རྒྱུད་ཚོགས་པ་དེས་སོ་སོའི་མིང་ལ་ ༼ཐམས་ཅད་ནུས་པའི་ལྷ ༽ ཞེས་འབོད་པ་དང་། ཆོས་རྒྱུད་དེ་ནི་ཡེ་ཤུ་ཆོས་ལུགས་བེད་སྤྱོད་དང་ལོག་འབྲེལ་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཚུལ་དང་།  ཆོས་རྒྱུད་དེ་ནི་༼བླུན་ཆོས་༽ཤིག་ཡིན་པ་མ་ཟད།  ཆོས་རྒྱུད་དེའི་སྲོལ་གཏོད་པ་ནི་རྒྱ་ནག་ཧེ་ལུང་ཅཱང་གི་ཡུལ་མི་ཀྲའོ་ཝེ་ཧྲན་ཡིན་པ་དང་། རྒྱ་གཞུང་ཆོས་དོན་ལྷན་ཁང་གིས་སྔ་མོ་ནས་ཆོས་རྒྱུད་དེའི་ངོ་བོ་རྩད་གཅོད་ཀྱིས་༼བླུན་ཆོས་༽ཀྱི་གྲས་སུ་ཐོ་འགོད་བྱས་ཡོད་ལ། ད་ལྟའི་ཆར་ཁྲིམས་ལྟར་ཆོས་རྒྱུད་དེར་དྲག་རྡུང་བྱ་རྒྱུ་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་པ་རེད།

པེ་ཅིན་གྱི་བཟོ་གྲྭ་ཞིག་གི་ལས་བཟོ་བ་ལཱིག་ཧྭ་ཟེར་བ་ཞིག་གིས་ནེའུ་ཡོག་དུས་བབ་ལ་བརྗོད་དོན། ཁོས་ལྷ་ས་གྲོང་ཁྱེར་ཉེ་འདབས་ཀྱི་རི་སྒང་དུ་ཉེན་སྐྱོབ་སྦུབས་ཁང་ཞིག་བསྐྲུན་ཡོད་པ་དེར། སྦུབས་ཁང་དེར་མི་རེའི་རྒྱ་སྒོར་ཁྲི་ ༥ རེ་སྤྲོད་དགོས་པ་དང་། ད་ལྟ་འདུག་སྡོད་བྱེད་མཁན་གྱི་མིས་ཁེངས་ཡོད་འདུག  ཡང་རྒྱ་ནག་ཀྲེ་ཅང་གི་ཚོང་བ་ཞིག་གིས་ལྕགས་དང་ཤེལ་གྱིས་གྲུབ་པའི་ཉེན་སྐྱོབ་ལྒང་བུ་མང་པོ་བཟོས་ཡོད་པ་དང་། ལྒང་བུ་རེའི་ནང་མི་ ༩ ཤོང་གི་ཡོད་པ་མ་ཟད།  སྲོག་རླུང་རྫ་མ་དང་ཉི་ནུས་གློག་འོད། བཟའ་ཆས་སོགས་ཟླ་འགར་འཚོ་སྡོད་ཐུབ་པའི་མཐུན་རྐྱེན་སྒྲིག་ཡོད་ལ། ད་ལྟ་ཉེན་སྐྱོབ་ལྒང་བུ་ ༢༦ བཙོང་ཟིན་པ་དང་། ཉེན་སྐྱོབ་ལྒང་བུ་ཡག་ཤོས་གཅིག་གི་རིན་གོང་རྒྱ་སྒོར་ཁྲི་ ༥༠༠ རེ་ཡིན་འདུག

འདས་པའི་ལོ་ ༢༠ ཡར་སྔོན་ནས་རྒྱ་ནག་ནང་དར་ཁྱབ་བྱུང་བའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ལ་རྒྱ་གཞུང་གིས་བཀག་སྡོམ་བྱས་པ་ལ་བརྟེན་ནས། ༡༩༩༩ ལོར་པེ་ཅིན་དུ་ཆོས་འཁོར་སྒོམ་སྒྲུབ་པ་ཁྲི་ ༡ ལྷག་གིས་གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་བྱུང་ཡོད་ལ། སྐབས་དེར་རྒྱ་གཞུང་གིས་དད་ལྡན་པ་ཕོན་ཆེན་པོ་དྲག་གནོན་དམར་གསོད་དང་བཙན་ཁྲིད་འཇུ་བཟུང་བྱས་ཡོད་པ་རེད།

རྒྱ་ནང་གི་༼ཐམས་ཅད་ནུས་པའི་ལྷ༽ཞེས་པའི་ཆོས་རྒྱུད་དེ་ནི།  འདས་པའི་ལོ་ ༢༠ སྔོན་ནས་བྱུང་ཡོད་པ་དང་། ད་ལྟའི་ཆར་དད་ལྡན་ཚོགས་མི་ཁྲི་ ༡༠༠ ལྷག་ཡོད་པར་བཤད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 1

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    ལྒིང་བུ་ ལྒིང་བུ་ ལྒིང་བུ་ ཅི་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese