མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མའི་ཚོགས་ཆེན་འཚོཊ།

བོད་ཀྱི་དུས་བབ།
༢༠༡༢/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་དེ་ཁ་སང་ཕྱི་ཚེས་ ༢༦ ཉིན་ལྡི་ལིའི་བསམ་ཡས་གླིང་བོད་སྒར་ཉིན་མོའི་སློབ་གྲྭ་རུ་ཚོགས་མགོ་བརྩམས་ཡོད་འདུག

ལྡི་ལི་མཐོ་སློབ་ཀྱི་སློབ་མ་གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༦ ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་ཉིན་མོའི་སློབ་གྲྭའི་མདུན་ཐང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་དེ་ཚོགས་ཡོད་པ་དང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་ཅིང་། གཞན། ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ས་གནས་མགོ་འཛིན་དང་། བརྒྱ་དཔོན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་འདུག

ཚོགས་ཆེན་གཙོ་སྐྱོང་བ་བསོད་ནམས་དར་རྒྱས་ལགས་སུ། ཚོགས་ཆེན་འདིའི་དམིགས་ཡུལ་དང་མཐོ་རིམ་སློབ་མ་ཇི་ཙམ་ཚོགས་ཞུགས་གནང་ཡོད་མེད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་“ད་ལན་ཚོགས་ཆེན་འདིའི་ཐོག་ས་གནས་ཁག་ ༡༢ ཀྱི་མཐོ་སློབ་ ༣༡ ནས་སློབ་མ་ ༨༡ ཙམ་འཛུལ་ཞུགས་གནང་ཡོད་ཅིང་། ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་རྒྱ་གར་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་མཐོ་རིམ་སློབ་མ་རྣམས་ལོ་གཅིག་ལ་ཐེངས་རེ་ཙམ་ཕན་ཚུན་མཉམ་འཛོམས་བྱས་ཏེ། བོད་མི་རིགས་ཀྱི་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་སོགས་བརྗོད་གཞི་འདྲ་མིན་ཐོག་གྲོས་བསྡུར་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་ཡིན་”ཞེས་བརྗོད་སོང་།

ཡང་ཁོང་གིས་“ཚོགས་ཆེན་འདིའི་བརྒྱུད་མཐོ་རིམ་སློབ་མ་རྣམས་འཇིག་རྟེན་འདིའི་ནང་ཆེས་ཡི་གར་འོང་བའི་ཡར་རྒྱས་ཀྱི་རྩ་བ་ལྟ་བུ་མན་ངག་གསུམ་སྟེ། རང་མགོ་རང་ཐོན་དང་རང་ངོ་རང་ཤེས་རང་འགན་རང་འཁུར་གྱི་ལྟ་གྲུབ་གསུམ་རྒྱུན་འཁྱོངས་བྱེད་ཐུབ་ཐབས་དང་མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ལ་བོད་པའི་སྤྱི་ཚོགས་ཁྲོད་ཆེད་ལས་མཁས་པ་དང་། རིགས་གཅིག་རྐང་འཛིན་པའི་མི་སྣ་གསོ་སྐྱོང་བྱེད་ཐུབ་པར་རང་ཉིད་ནས་མགོ་བརྩམས་དགོས་པ། བོད་མིའི་སྤྱི་ཚོགས་ནང་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་གྲུབ་ཐུབ་པར་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པ་ཧ་གོ་བའི་ཆེད་དུ་ཡིན་”ཞེས་བརྗོད་སོང་།

ཐེངས་འདིའི་མཛད་སྒོའི་ཐོག་མཐོ་རིམ་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ་རང་ལུས་མཆོད་མེར་ཕུལ་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་བློས་གཏོང་གི་རླབས་ཆེན་སྙིང་སྟོབས་ལ་གུས་བརྩི་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་མཛད་ཡོད་པ་དང་། གཞན་བོད་དབྱིན་གཉིས་ཀྱི་རྩོམ་ཡིག་འགྲན་བསྡུར་ནང་ཨང་རིམ་རྩེར་སོན་རྣམས་ལ་ཡང་བྱ་དགའ་དང་ལག་འཁྱེར་ཕུལ་ཡོད་པ་རེད།

དེ་རིང་གི་ཚོགས་ཆེན་འདིའི་ཐོག་བོད་དོན་ལས་འགུལ་ཐོག་ལོ་ངོ་ ༤༠ ལྷག་ཙམ་རིང་ཕྱག་ལས་གནང་མྱོང་མཁན་བོད་དོན་རྒྱབ་སྐྱོར་བ་དང་། པར་ལེན་གསར་འགོད་པ་“ལྦི་ཇེཡི་ཀ་རན་དི་”(Vijay Kranti)མཆོག་ལ་ཐུགས་རྗེའི་ལེགས་ཕུལ་གྱི་ཕྱག་རྟགས་ཕུལ་ཡོད་ཅིང་། ཚོགས་ཆེན་འདི་མུ་མཐུད་ཕྱི་ཚེས་ ༢༦ ནས་ ༢༩ བར་ཁྱོན་ཉིན་བཞིའི་རིང་འཚོགས་རྒྱུ་གཏན་འཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 4

  1. བསྟན་འཛིན་གསོད་ནམས། says:
    ལོ་ 14 སྔོན།

    བསམ་པ་དོན་གྲུབ་ཀྱི་སྐད་ཆར་རྒྱུ་མཚན་འདུག ཚོགས་འདུའི་བརྗོད་གཞི་ལ་རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཟེར་བ་ཞིག་འདུག མཐོ་རིམ་སློབ་མའི་ཚོགས་ཆེན་སྔོན་མ་དག་གི་སྐབས་སུའང་བརྗོད་གཞི་འདི་རང་རེད། སློབ་མ་ཚོས་ད་དུང་རང་ངོ་རང་ཤེས་ཀྱི་མི་འདུག་ལ་རང་འགན་ཡང་འཁུར་གྱི་མི་འདུག
    ཁྱེད་རང་རིག་སློབ་པ་ཞིག་རེད། འདི་རང་ངོ་ཤེས་དགོས་པ་དེ་རེད། ཁྱེད་རང་མཐོ་རིམ་སློབ་གསོ་མྱོང་མཁན་ཚིག་རེད། འདི་རང་འགན་འཁུར་དགོས་པ་དེ་རེད། འདི་གཉིས་གཞི་རྩར་བཟུང་སྟེ་ད་གཟོད་ཕྱག་ལས་ག་རེ་གནང་དགོས་ཀྱི་འདུག ཕྲག་ཏུ་བབ་པའི་འོས་འགན་གང་ཞིག་རེད། འདི་དག་གསལ་བོ་དག་པོ་ཤེས་དགོས།
    ཚོགས་འདུ་ཚོགས་ཏེ་སེམས་ལ་དྲན་ཚུལ་དང་ཁ་ནས་འཐོན་ཚད་བཤད་རྒྱུ་དང་། གྲོས་ཆོད་འདྲ་མིན་བཞག་སྟེ་ངོ་ཤེས་གྲོགས་པོ་སྒྲིག་རྒྱུ་འདི་མཐོ་རིམ་སློབ་མ་ཞིག་གི་འོས་འགན་རེད་དམ། ལྷག་པར་དུ་སྐབས་སྔོན་མའི་ཚོགས་ཆེན་དག་གི་སྐབས་སུ། མི་མང་གི་ནང་ལ་ཞུགས་ཏེ་ངོ་རྒོལ་སྐད་འབོད་རྒྱག་རྒྱུ་དང་བྱ་དགའ་གཟེངས་རྟགས་སྤྲོད་རྒྱུ་དེ་འདྲའི་གྲོས་ཆོད་བཞག་འདུག་ལ་རེ་ཟུང་ལག་བསྟར་ཡང་བྱས་སོང་། འདི་ཙམ་དང་། ཡང་ན་འདི་དག་མཐོ་རིམ་སློབ་མ་ཞིག་གི་ལས་འགན་རེད་དམ།

    Reply
  2. གངས་རྟོགས་སད། says:
    ལོ་ 14 སྔོན།

    རེད་རེད། རྩོམ་ཡིག་འགྲན་བསྡུར་གྱི་བརྗོད་གཞི་གང་ཡིན་མིན་དང་། སུ་སུ་ལ་ཨང་དང་པོ་ཐོབ་ཡོད་མེད་དེ་ཚོ་གསལ་བོ་བཤད་དགོས་པ་གལ་ཆེན་པོ་རེད། ངས་གོ་ཐོས་ལ་བོད་ཡིག་ཐོག་གི་རྩོམ་ཡིག་འགྲན་བསྡུར་གྱི་བརྗོད་གཞི་མེར་སྲེག་དང་འབྲེལ་བའི་བོད་དོན་སྐོར་ཡིན་པ་དང་། ཨང་དང་པོ་རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ལགས་རེད་ཟེར་གྱི་འདུག དབྱིན་ཡིག་ཧ་གོ་མ་སོང་། དེ་ཚོ་ཤེས་མཁན་ཡོད་ན་གསུང་རོགས་ཞུ།

    Reply
  3. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 14 སྔོན།

    ཚོགས་ཞུགས་བ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།

    Reply
  4. བསམ་པ་དོན་གྲུབ། says:
    ལོ་ 14 སྔོན།

    མ་གཞི་ཚོགས་འདུ་ཚོགས་པ་དེ་ཡག་པོ་འདུག དེ་ལས་ཀྱང་གལ་ཆེ་བ་དེ་མཐོ་རིམ་སློབ་མ་ཞིག་ཡིན་པའི་ངོས་ནས་རྩོམ་ཡིག་འགྲན་བསྡུར་ལྟའི་བའི་ཤེས་རིག་ཡོན་ཏན་གྱི་འདུ་འགོད་ཆེན་པོ་ཞིག་ཡོད་པ་ཡིན་ན་ཧ་ཅང་མིང་དོན་མཚུངས་པ་རེད་དྲན་ཡོད།
    གནས་ཚུལ་ཞིབ་ཚགས་མོ་དང་ཚིག་སྦྱོར་ཧ་ཅང་བདེ་བོ་བྲིས་འདུག་ཀྱང་། སྐུ་མགྲོན་གཙོ་བོ་མཆོག་གིས་ག་རེ་གསུང་ཡོད་མེད་དང་ད་རེས་ཀྱི་ཚོགས་འདིའི་ཐོག་ཏུ་གྲོས་གཞི་གཙོ་བོ་ག་རེ་ཡོད་མེད་ཀྱི་མཛད་རིམ་མེད་པ་དེ་ཞན་སྐྱོན་ཆེན་པོ་ཞིག་ཏུ་མཐོང་ཐོང་། གསར་འགོད་པའི་ཞན་ཆ་དེ་གཉིས་ཁ་སྐོང་གནང་རྒྱུར་རེ་སྐུལ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese