མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧཱ་ཏཱ་སྐྱོབ་དགོས་པའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལྕམ་ཞཱིན་ན་ལགས་ཀྱིས་སྐུ་ཞབས་ཧཱ་ཏཱ་ཕྱི་རྒྱལ་དུ་ལེན་དགོས་པའི་འབོད་སྐུལ་ཞུས་འདུག

ཉེ་ཆར་ལྕམ་ཞིན་ནཱ་ལགས་ཀྱིས་ཁོ་མོ་དང་ཁོ་མོའི་སྐྱེས་པ་ལྷོ་སོག་པའི་རང་དབང་འཐབ་རྩོད་པ་ཧཱ་ཏཱ་གཉིས་གང་མགྱོགས་ཕྱིའི་རྒྱལ་ཁབ་ཏུ་འགྲོ་རྩིས་བྱེད་བཞིན་པའི་སྐོར།  འབྲེལ་ཡོད་ཀྱི་མི་ཞིག་བརྒྱུད་དེ་པའོ་ཞོན་གསར་ཁང་ལ་བརྗོད་ཡོད་ལ།  འབྲེལ་ཡོད་མི་དེས་བརྗོད་པ་ལྟར་ན།  ལྕམ་ཞིན་ནཱ་ལགས་ཀྱིས་ “ ང་ཚོས་འདི་གར་མུ་མཐུད་དུ་འཆི་ལམ་ཁོ་ནར་སྒུག་ནས་སྡོད་མི་རུང་།  ཁོ་ཚོའི་(རྒྱ་གཞུང་ཉེན་རྟོག་པ) གནག་སེམས་དང་དྲག་སྤྱོད་ནི་བློ་ཡིད་ལ་ཤོངས་དཀའ་བ་ཞིག་རེད།  ཁོ་ཚོས་ཧཱ་ཏཱ་ལགས་དྲན་ཤེས་ཅི་ཡང་མེད་པའི་རིག་འཚོ་མི་ཐུབ་མཁན་ཞིག་ཏུ་བསྒྱུར་ཏེ།  མ་འོངས་པའི་ལོ་འགའི་ནང་རིམ་གྱིས་འཆི་ལམ་དུ་འདེད་རྩིས་བྱེད་བཞིན་འདུག” ཅེས་བརྗོད་ཡོད་པ་མ་ཟད།  ཧཱ་ཏཱ་ལགས་མུ་མཐུད་ནད་མེད་བདེ་ཐང་ངང་འཚོ་སྡོད་གནང་ཐུབ་རྒྱུ་གལ་ཆེན་པོ་ཡིན་པས།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་མཐུན་འགྱུར་གནང་སྟེ་ཁོང་གང་མགྱོགས་རྒྱལ་ཁབ་གཞན་ཞིག་ཏུ་ལེན་ཐབས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག 

དེ་སྔོན་ལྷོ་སོག་པོའི་རང་དབང་འཐབ་རྩོད་པ་ཧཱ་ཏཱ་ལགས་ཀྱིས། “ དུས་ནམ་ཡང་ལྷོ་སོག་པའི་ས་ཆ་དང་ཁ་བྲལ་རྒྱུའི་བསམ་བློ་གཏོང་གི་མེད།  འདི་ནི་ང་རང་གི་ཕ་ས་ཕ་ཡུལ་གཅིག་པུ་དེ་ཡིན ” ཞེས་བརྗོད་དེ། འདས་པའི་ལོ་  ༡༥ ལྷག་གི་རིང་བཙོན་འཇུག་མནར་གཅོད་ཇི་ལྟར་བཏང་ཡང་།  རང་ཉིད་ཀྱི་ལངས་ཕྱོགས་བརྟན་པོར་བཟུང་སྟེ་ལྷོ་སོག་པོའི་རང་དབང་འཐབ་རྩོད་གནང་ཡོད་པ་རེད།

ལོ་སྔོན་མའི་ཕྱི་ཟླ་ ༡༠ པའི་ནང་ལྕམ་ཞཱིན་ནཱ་ལགས་ཀྱིས་གསར་ལམ་ཁག་ཏུ་གནས་ཚུལ་བརྗོད་སྐབས། རྒྱ་གཞུང་ཉེན་རྟོག་པས་ཧཱ་ཏཱ་ལགས་ལ་བཙན་གྱིས་སྨན་བླུད་པ་དང་། ཡང་ན། ཟ་མའི་ནང་དམིགས་བསལ་གྱི་སྨན་རྫས་རིགས་བཏབ་པ་བརྟེན་ནས། ཁོང་གི་དྲན་ཤེས་བརྟན་པོ་མེད་པ་ཆགས་ཏེ།  སྐད་ཆ་ཅི་ཡང་མི་བཤད་པར་དུས་ཡུན་རིང་པོར་ཁེར་རྐྱང་དུ་གཅེར་ནས་སྡོད་ཀྱི་ཡོད་སྟབས། ཁོང་རིག་འཚོ་མི་ཟིན་པ་ཞིག་ཏུ་འགྱུར་ཉེན་ཐད།  ཁོ་མོར་སེམས་ཁྲལ་ཆེན་པོ་འབྱུང་གི་ཡོད་སྐོར་བརྗོད་མྱོང་ཡོད་པ་རེད།

ཕྱི་ལོ་ ༡༩༩༥ ཟླ་ ༡༢ ཚེས་ ༡༠ ཉིན་ལྷོ་སོག་པོའི་རང་དབང་འཐབ་རྩོད་པ་ཧཱ་ཏཱ་ལགས་ལ།  རྒྱ་གཞུང་གིས་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ ༡༥ བཙོན་འཇུག་ཁྲིམས་བཅད་པ་དང་། ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་བཙོན་འཇུག་དུས་བཅད་རྫོགས་ཏེ་བཙོན་ཁང་ནས་ཕྱིར་ཕུད་རྗེས། རྒྱ་གཞུང་ཉེན་རྟོག་པས་ས་གནས་ངེས་མེད་དུ་ཁོང་མུ་མཐུད་བཀག་ཉར་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་མ་ཟད།  ཁོང་གི་ཆུང་མ་ལྕམ་ཞཱིན་ནཱ་དང་བུ་ཝེ་ལིག་སཱི་གཉིས་ཀྱང་སྔ་རྗེས་འཇུ་བཟུང་བྱས་ཏེ་འདས་པའི་ལོ་གཅིག་ལྷག་རིང་བཀག་ཉར་བྱས་རྗེས་ཕྱིར་གློད་ཡོད་པ་རེད། ད་ལྟ་ཧ་ཏཱ་ལགས་རྒྱ་གཞུང་གིས་ལྟ་རྟོགས་འདྲི་གཅོད་འོག་རང་ཁྱིམ་དུ་བཀག་ཉར་བྱས་ཡོད་འདུག

ལྷོ་སོག་པོའི་རང་དབང་འཐབ་རྩོད་པ་སྐུ་ཞབས་ཧཱ་ཏཱ་ལགས་ནི་ཕྱི་ལོ་ ༡༩༥༤ ལོར་སྐྱེས་ཤིང་། ༡༠༩༨ ལོར་ལྷོ་སོག་ཐཱུང་ལའོ་དགེ་ཐོན་སློབ་ཆེན་དུ་སོག་ཡིག་ཆེད་སྦྱོང་གིས་སློབ་མཐར་ཕྱིན་རྗེས། ལྷོ་སོག་པའི་མི་དམངས་པར་སྐྲུན་ཁང་དུ་ལོ་ ༦ རིང་རྩོམ་སྒྲིག་གི་ཕྱག་ལས་གཉེར་པ་དང་།  སླར་ཡང་མཐོ་སློབ་དེར་གར་མཱ་ཁི་སི་མཚན་ཉིད་རིག་ཆེད་སྦྱོང་བྱས་ཏེ་འབུམ་རབས་ཞིབ་འཇུག་པ་ཐོན་པ་མ་ཟད།  ༡༩༩༢ ལོར་ལྷོ་སོག་དམངས་གཙོ་མཐུན་ཚོགས་གསར་འཛུགས་ཀྱིས་ཚོགས་གཙོའི་འགན་འཁུར་མྱོང་ཡོད་པ་རེད། ༡༩༩༥ ལོར་ལྷོ་སོག་དམངས་གཙོ་མཐུན་ཚོགས་ཀྱི་སྣེ་ཁྲིད་དེ། སོག་པའི་ཤེས་ལྡན་པ་དང་དགེ་རྒན། སློབ་ཕྲུག་རྣམས་འདུ་འཛོམས་ཐོག  རྒྱ་གཞུང་གི་རྩ་ཁྲིམས་ནང་གཏན་ལ་ཕབ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས་ཀྱི་ཁེ་དབང་སྤྲོད་པའི་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་བྱུང་རྗེས། ཁོང་ལ་རྒྱལ་ཁབ་མགོ་རྟིང་སློབ་མཁན་གྱི་ཉེས་མིང་བཏགས་ཏེ་བཙོན་འཇུག་མནར་གཅོད་འོག་ཚུད་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༢ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༢༢ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༣ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese