མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྐྱངས་ཕྱག་ལས་འགུལ་སྤེལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་རྒྱལ་ས་ཀ་ཐ་མན་ཊིར་བཙོན་འཇུག་བྱས་ཡོད་པའི་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་དེ་རིང་ཕྱི་ཚེས་ ༡༢ ཉིན་ནས་མགོ་བཙུགས་ཏེ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཉེ་འགྲམ་ནས་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་བརྐྱངས་ཕྱག་གི་ལས་འགུལ་ཞིག་སྤེལ་རྒྱུ་རེད། གསར་འགོད་པས་ཨ་མ་སྡོམ་པོ་སྐྱིད་ལགས་སུ་བཅར་འདྲི་ཞུས་པར། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་རྒྱུ། དེ་བཞིན་བུ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་འཐབ་རྩོད་ཀྱི་དགོས་འདུན་དོན་ཚན་ལྔ་མུ་མཐུད་རྒྱུན་འཁྱོངས་ཡོང་ཆེད་སོགས་ཡིན་སྐོར་བརྗོད་བྱུང་།

ཁོང་མོ་ཡིག་རྨོངས་བ་ཞིག་ཡིན་པའི་ཆ་ནས་ཤེས་ཡོན་ཐོག་ལས་འགུལ་ཅི་ཡང་སྤེལ་མི་ཐུབ་སྟབས་བརྐྱངས་ཕྱག་འཚལ་རྒྱུའི་ལས་འགུལ་སྤེལ་ཏེ་མགོ་འཛུགས་གནང་བ་ཡིན་སྐོར་དང་། “ ངེད་ཚང་གི་ལས་འགུལ་སྔ་ཕྱིའི་ནང་མང་ཚོགས་ཁྲོད་མཉམ་ཞུགས་གནང་མཁན་རེ་ཟུང་བྱུང་ན་བསམ་ཡང་། ད་བར་ལས་འགུལ་ཐོག་རོགས་རམ་གནང་མཁན་རེ་ཟུང་མ་གཏོགས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བྱུང་མ་སོང་། ད་རེབ་ཀྱང་ཕལ་ཆེར་མཉམ་ཞུགས་བྱེད་མཁན་ཡོང་མདོག་ཁ་བོ་མ་རེད་དེ། ངྷ་རམ་ས་ལའི་འབྲེལ་བ་ལས་ཁུངས་ཀྱི་ལས་བྱེད་གཉིས་ཀྱིས་དང་བླང་ཐོག་རོགས་པ་གནང་གི་ཡིན་གསུངས་བྱུང”ཞེས་བརྗོད་བྱུང་།  

ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་བརྗོད་པ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་ ༡༠ ཙམ་ནས་ཚེ་བརྟན་རྡོ་རྗེ་ལཊ་ཀྱིས་བལ་ཡུལ་བཙོན་ཁང་དུ་ཞི་བའི་ངག་བཅད་གནང་བཞིན་ཡོད་པ་དང་། བལ་ཡུལ་ནས་ཡོང་མཁན་ཚོས་བརྗོད་པ་ལྟར་ན་ཚེ་བརྟན་རྡོ་རྗེ་ལགས་ཀྱི་འཚོ་བ་སྐྱོ་བོ་ཡིན་པ་དང་། གཟུགས་གཞི་དེ་ཙམ་བདེ་ཐང་མིན་པ་བཅས་ཐོས་ཏེ་ཁོང་ཕ་མ་ལ་སེམས་སྡུག་ཆེན་པོ་བྱུང་ཡོད་པ་མ་ཟད། ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་ཕ་ཚེ་མགོན་ལགས་གློ་བུར་དུ་སྙིང་ནད་འཕར་ཏེ་སྨན་རྩིས་ཁང་དུ་སྡོད་དགོས་བྱུང་ཡོད་པ་དང་། གནད་དོན་དེའི་རྐྱེན་པས་ཕྱི་ཚེས་ ༡༧ ཉིན་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱང་དྲན་པ་ཐོར་ཏེ་བདེ་ལེཊ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག

ཨ་མ་ལྡོམ་པོ་སྐྱིད་ཚང་གི་འཚོ་བའི་དཀའ་ངལ་ལ་གཞིགས་ཏེ་འབྲེལ་བ་ལས་ཁུངས་ཀྱི་བུད་མེད་ལས་བྱེད་ཅིག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ཚེ་བརྟན་རྡོ་རྗེའི་གཅུང་མོ་ལྷ་མོ་སྐྱིད་ལཊ་སུ་ཟླ་རེར་ཧིན་སྒོར་ ༥༠༠ རེའི་སློབ་ཡོན་རོཊ་རམ་གནང་བཞིན་ཡོད་ཅིང་། དེའི་ཐད་བུད་མེད་ལས་བྱེད་དེས་བརྗོད་དོན། “ཨ་ནེ་ལྡོམ་པོ་སྐྱིད་སྨན་ཁང་ནས་ཕྱིར་ལོག་རྗེས། ང་རང་ཉིན་ཤས་རིང་ཁོང་གི་ནད་གཡོག་ལ་བསྡད་པ་ཡིན། སྐབས་དེར་ངས་ཁྱིམ་ཚང་དེའི་དཀའ་ངལ་ཚང་མ་ཧ་གོ་ནས་སེམས་པ་ཧ་ཅང་སྐྱོ་སོང་། ལྷག་པར་དུ་ཨ་ནེ་ལྡོམ་པོ་སྐྱིད་ཀྱིས་མ་ཆེན་བྱས་པའི་དངུལ་ཏོག་ཙམ་ཡོད་པ་དེས་ནང་མི་གསུམ་གསོ་རྒྱུ་ལས་སླ་པོ་མ་རེད། དེའི་སྟབས་ཀྱིས་མ་འོངས་པར་ང་རང་འབྲེལ་བ་ལས་ཁུངས་ནས་མ་ཐོན་བར་ཟླ་རེར་སྒོར་མོ་དེ་ཆད་མེད་དུ་སྤྲོད་རྒྱུ་ཡིན། ”ཞེས་བརྗོད།

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གསར་འགོད་པས་ཨ་མ་སྡོམ་པོ་སྐྱིད་ལགས་སུ་བཅར་འདྲི་ཞུས་པར། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་།
    རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་རྒྱུ། དེ་བཞིན་བུ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་འཐབ་རྩོད་ཀྱི་དགོས་འདུན་དོན་ཚན་ལྔ་མུ་མཐུད་རྒྱུན་འཁྱོངས་ཡོང་ཆེད་སོགས་ཡིན་སྐོར་བརྗོད་བྱུང་། ་་་་་ཟེར།

    Reply
  2. རིགས་པ་ཅན། says:
    ལོ་ 13 སྔོན།

    ངོ་མ་སེམས་པ་སྐྱོ་བོ་ཞིག་བྱུང་སོང་། བོད་གཞུང་ཞིག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡོད་ན། འདི་ལྟ་བུའི་བོད་སྤྱི་དོན་ལ་སྡུག་བསྔལ་མྱོང་བཞིན་ཡོད་པའི་སྐྱོ་བོ་ཉམས་ཐག་ཚོར་རོགས་པ་མི་བྱེད་ན། གཞུང་དང་ཚོགས་པ་སོགས་ཀྱིས་ག་རེ་བྱེད་དགོས་རེད།

    Reply
  3. བསོད་འོད says:
    ལོ་ 13 སྔོན།

    གླིང་ཚའི་ནང་མི་ཚོར་ལ་དེ་འདྲའི་དཀའ་ངལ་ཡོད་པ་དེ་རིང་མ་གཏོགས་ཤེས་མ་སོང་། ངྷ་སྟེང་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ཚེ་བརྟན་རྡོ་རྗེའི་གཅུང་མོ་ལྷ་མོ་སྐྱིད་་ཀྱིས་སློབ་ཡོན་སྤྲོད་དགོས་དོན་ག་རེ་ཡིན་ནམ། འོ་ན་སློབ་གྲ་དེ་ནས་སློབ་སྦྱོང་བྱེད་མཁན་ཕྲུ་གུ་ཚོ་མས་སློབ་ཡོན་སྤྲོད་དགོས་ཀྱི་ཡོད་རེད་པེ།

    Reply
  4. འཇམ་གཅེས ། says:
    ལོ་ 13 སྔོན།

    གླིང་ཚ་མ་བུ་གསུམ་ནི་ཁ་ལག་ཡོད་དང་ལྷག་བསམ་རྣམ་དག་ཡིན་པར་ཤེས་དགོས། དེས་ན་ཁོང་མ་སྨད་ཚོས་དཀའ་ངལ་དེ་ཚོ་གཞུང་དང་མི་མང་ཚོས་རོགས་རམ་ངེས་པར་དུ་གནང་དགོས། ཁོང་ཚོའི་ནང་མིའི་བོད་སྤྱི་ཡི་ཆེད་དུ་སྡུག་བསྔལ་མྱོང་བཞིན་ཡོད་པ་ཡང་ངོས་ཟིན་དགོས།།

    Reply
  5. ལྷག་པ་སྒྲོལ་མ། says:
    ལོ་ 13 སྔོན།

    གླིང་ཚ་ཚང་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese