མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་ཁྲིམས་མཐུན་མཚན་རྟཊ་བཀོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་༧གོང་ས་མཆོག་ཝ་ར་ཎ་སིའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་ཆིབས་བསྒྱུར་བསྐྱངས་ཏེ། བོད་དགོན་དེ་ཉིད་ས་ཆ་དང་བཅས་བདག་ཐོབ་ཡོད་པའི་ཁྲིམས་མཐུན་མཚན་རྟགས་བཀོད་པ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་དབུ་འབྱེད་བཅས་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་༧གོང་ས་མཆོག་ཝར་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུལ་འཁྱིམ་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་དང་ཁྲིམས་ཞིབ་པ་བཅས་ལྷན་བཞུགས་ཐོག བོད་དགོན་དེ་ཉིད་ས་ཆ་དང་བཅས་ཁྲིམས་མཐུན་བདག་དབང་ཡོད་པའི་མཚན་རྟགས་བསྐྱོན་ཡོད་འདུག
་པ་དེ་ནི་བོད་རང་བཙན་མ་ཤོར་གོང་གི་ཕྱི་ལོ་ ༡༩༥༥ ལོར་དགེ་སློང་ཐུབ་བསྟན་འབྱུང་གནས་མཆོག་གིས་གསར་བཞེངས་མཛད་པ་ཞིག་ཡིན་ཞིང་། ཕྱིས་སུ་ ༢༠༠༤ ལོར་༧གོང་ས་མཆོག་ལ་ཕུལ་ཡོད་འདུག ༢༠༠༦ ལོར་ཆོས་རིག་ལས་ཁུངས་བརྒྱུད་ལྷ་ལྡན་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་སུ་ཞུས་པ་ལྟར་གསོལ་བསྩལ་གནང་ཡོད་ཅིང་། ས་ཆའི་ཁྲིམས་མཐུན་བདག་ཐོབ་ཡོང་ཆེད་འབད་བརྩོན་ཡུན་རིང་བྱས་པ་བརྒྱུད། ད་རེབ་༧གོང་ས་མཆོག་གི་མཚན་ཐོག་ཏུ་ཁྲིམས་མཐུན་བདག་ཐོབ་དང་ལྷ་ལྡན་སྨོན་ལམ་ཆེན་མོའི་མིང་བསྒྱུར་མཚན་རྟགས་བཅས་བཀོད་ཡོད་འདུག

གོང་གསལ་གནས་ཚུལ་སྐོར་ཨ་རིག་དགེ་མཐོང་ལགས་ཀྱིས་གནས་ཚུལ་ཞིབ་ཕྲ་བཏང་འབྱོར་བྱུང་བའི་ནང་། དགོན་པ་འདི་ཉིད་ཡོངས་གྲགས་ལ་༼རྒན་མགོ་སེར་༽རམ་མཚན་གཞན་དུ་དགེ་སློང་ཐུབ་བསྟན་འབྱུང་གནས་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱིས་ ༡༩༥༥ ལོར་ཕྱག་བཏབས་ཤིང་། ༡༩༥༦ ལོར་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་ཐོག རྒྱ་གར་གཞུང་གིས་གདན་ཞུ་གནང་བ་ལྟར་༧གོང་ས་མཆོག་དང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་ཡོད་འདུག ༢༠༠༤ ལོར་དགོན་བདག་ཉིད་ཀྱིས་ས་ཆ་དང་བཅས་པ་༸གོང་ས་མཆོག་ལ་ཕུལ་རྗེས་ཆོས་རིག་གིས་འགན་བཞེས་ཡོད་འདུག

ཕྱི་ལོ་ ༢༠༠༦ ལོར་ཆོས་རིག་བརྒྱུད་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་སུ་གསོལ་རས་ཞུས་པ་ལྟར་གསོལ་བསྩལ་གནང་བ་རེད། དགོན་པ་འདི་ཉིད་ས་ཆ་དང་བཅས་པ་༸གོང་ས་མཆོག་གི་མཚན་ཐོག་ཏུ་འགྱུར་གལ་ལ་གཙོ་བོ་ནང་སྲིད་བཀའ་བློན་ལྕམ་སྐུ་རྒྱ་རི་སྒྲོལ་མ་མཆོག་དང་། ལ་དྭགས་པ་སྐུ་ཞབས་བློ་བཟང་མཐུ་སྟོབས་ལགས། ཁོང་གི་བུ་རྫོང་དཔོན་སྐུ་ཞབས་རིག་འཛིན་བསམ་འཕེལ་ལགས་སོགས་ཀྱི་ཐུགས་འཁུར་ཆེར་བཞེས་འོག་༸གོང་ས་མཆོག་གི་མཚན་ཐོག་ཏུ་ཁྲིམས་མཐུན་ལེགས་གྲུབ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཡང་ཁྲིམས་མཐུན་དེབ་སྐྱེལ་གནང་སྟེ། ད་རེབ་འདུ་ཁང་དབུ་འབྱེད་ཉིན་༸གོང་ས་མཆོག་དང་ས་གནས་རྒྱ་གར་ཁྲིམས་ཀྱི་དཔོན་པོ་ཚོས་མཚན་རྟགས་དངོས་སུ་བཀོད་རྒྱུའི་དུས་བཟང་ཤར།

་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་བཀའ་སློབ་གསུངས་སྙིང་བསྡུས་གནང་བའི་ནང་དུ། ཆོས་རིག་ནས་རིས་མེད་ཀྱི་སྨོན་ལམ་འཚོགས་རྒྱུ་དང་། འཇང་དགུན་ཆོས། བགྲོ་གླེང་སོགས་འཚོགས་རྒྱུའི་མཛད་འཆར་ཡོད་ལ། དེ་ལ་དགོན་པ་འདིས་ཞབས་འདེགས་ཞུས་ན་ལེགས་པའི་སྐོར་གསུངས་སོང་། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་གནང་བ་དང་། རྒན་མགོ་སེར་དང་དགོན་པ་འདིའི་ཐོག་མར་གནས་སྟངས་དང་བཅས་པར་བཀའ་གནང་བ་མ་ཟད་རྒན་མགོ་སེར་ཐོག་པའི་རྒྱུ་མཚན། སྔོན་མ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་འདིར་ཕེབས་པའི་སྐོར། ད་ནི་དགོན་པ་འདི་ཞབས་བརྟན་སྒྲུབ་ས་གཅིག་བུ་མི་བྱེད་པར་རྒྱ་བོད་ཀྱི་གནས་སྟངས་སོགས་དེབ་གཟུགས་སུ་བཀོད་དེ་ངོ་སྤྲོད་བྱེད་ཐུབ་ན་དགེ་མཚན་འདུག་ཅེས་དང་། གཞན། མཚམས་མཚམས་སུ་དུས་ཚོད་གཏན་འཁེལ་གྱིས་ནང་ཆོས་ངོ་སྤྲོད་གནང་ཐུབ་ན་རབ་ཅེས་བཀའ་ སློབ་བསྩལ་གནང་བ་དང་།མཇུག་ཏུ་བྱང་རྩེ་ཆོས་རྗེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་ཡོངས་སུ་གྲོལ་ཡོད་འདུག

ཨ་རིག་དགེ་མཐོང་ལགས་ཀྱིས་མུ་མཐུད་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་བྱུང་རབས་སྐོར་ངོ་སྤྲོད་གནང་དོན། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་སྔོན་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་འཕགས་ཡུལ་དུ་གྲོང་ཁྱེར་ཆེན་པོ་དྲུག་ཏུ་གྲགས་པའི་གནང་ཚན་མཉན་ཡོད་དུ་ཕྱི་ལོའི་སྔོན་གྱི་ལོ་ ༥༡༡ ལོ་སྟེ་མི་འབྲུག་ཟླ་བ་ ༡ ཚེས་ ༡ ནས་ ༡༥ བར་མུ་སྟེགས་སྟོན་པ་དྲུག་འཁོར་དང་བཅས་པ་འཁོར་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་རྫུ་འཕྲུལ་གྱིས་ཚར་བཅད་དེ་སྐྱེ་འགྲོ་གྲངས་མེད་རྗེས་སུ་བཟུང་ཞིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འགོད་པར་མཛད་པའི་དུས་བཟང་དེ་ཉིད་དྲན་གསོ་ཞུ་སླད་འཕགས་ཡུལ་དུ་ཆོ་འཕྲུལ་མཆོད་པའི་དུས་སྟོན་ཆེན་མོ་བྱ་སྲོལ་ཡོད་པ་ལྟར། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་སླད་དུ་ལྷ་སར་ཕྱི་ལོ་ ༡༤༠༩ ལོར་སྲོལ་བཏོད་མཛད་དེ། ལོ་ངོ་ ༦༠༠ ལྷག་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་གང་དག་སྤྱི་སྒོས་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དུ་གངས་ལྗོངས་ལྷ་ལྡན་དུ་ ༡༩༥༩ ལོ་སྟེ་དུས་འགྱུར་མ་བྱུང་བར་རྒྱུན་འཛིན་ཐུབ་པ་ལྟ་བུ་བྱུང་།

དེའི་རྗེས་འཕགས་ཡུལ་དུའང་གདན་ས་ཁག་དང་བཞུགས་སྒར་སོ་སོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མི་ཉམས་རྒྱུན་འཛིན་གནང་ཡོད་ཀྱང་། གནས་གཅིག་ཏུ་མཉམ་ཚོགས་ཐུབ་རེ་བྱེད་པའི་སྐབས་༸གོང་ས་མཆོག་ནས་འཆར་ལོ་དུས་ འཁོར་བཀའ་དང་དང་སྟབས་བསྟུན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཉམ་ཚོགས་ཐུབ་དགེ་སོགས་ཀྱི་ལམ་སྟོན་བཀའ་དྲིན་ལ་བརྟེན། ཕྱི་ལོ་ ༢༠༠༡ དང་ ༢༠༠༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་དང་བསྟུན་ཏེ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཕར་མ་འཚོགས་པ་དང་། སྐབས་དེའི་ཆོས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དབུ་བཞུགས་ཀྱིས་དུས་འཁོར་དབང་ཆེན་སྦྱིན་བདག་ཚང་འཛོམས་ནས་ཕྱི་ལོ་ ༢༠༠༡ ལོར་དུས་འཁོར་དབང་ཆེན་གྱི་ཞལ་འདེབས་ཧིན་སྒོར་འབུམ་ ༧༤ སྨོན་ལམ་གྱི་མ་རྩར་དམིགས་འཇོག་གནང་བ་སོགས་ལ་བརྟེན། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་ཁང་གི་ཚོགས་གཙོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཚོགས་གཞོན་ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཚོགས་མི་གདན་ས་གསུམ་གྱི་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་རྣམས་དང་། རྒྱུན་ལས་གྲྭ་ཚང་དྲུག་གི་འཐུས་མི་རེ་བཅས་ལས་གྲུབ་པ་ཆེད་བཙུགས་ཞུས། ཞེས་བཀོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 1

  1. རིགས་པའི་གླེང་བུ། says:
    ལོ་ 14 སྔོན།

    དགོན་པ་འདིར་རྙོགས་གླེང་མང་པོ་ཞེས་ཡོད་ཡིན་ནའང་དེ་རིང་དགེ་ལྡན་པའི་སྨོན་ལམ་ཐེབས་རྩར་མིང་བསྒྱུར་གནང་བ་དེ་ཡང་རྩོད་རྙོགས་ཤེས་མཇུག་སྒྲིལ་བ་ཡིན་ཡང་ན་རྒྱུན་ཆད་མེད་པའི་རྙོགས་གླེང་ཞེས་མགོར་སློང་བ་ཡིན་བཤད་ཚོད་དཀའ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese