མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྲུག་ལས་ཧི་མ་ལའི་རི་རྒྱུད་ཀྱི་ཕྲུ་གུ་ཚོ་བོད་ཡིག་ཡག་པོ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲོག་འོག རྒྱ་གར་དང་བལ་ཡུལ་ནང་གི་བོད་པའི་སློབ་གྲྭའི་འཛིན་རིམ་བཅུ་གཅིག་གི་སློབ་མ་ཚོར་ཉིན་དགུའི་རིང་བཙན་བྱོལ་བོད་མིའི་དམངས་གཙོ་དང་བོད་ནང་གི་དངོས་ཡོད་གནས་སྟངས་བཅས་ཀྱི་ཐོག་ཟབ་སྦྱོང་ཞིག་སྤྲད་པ་དང་བསྟུན། གསར་འགོད་པས་བལ་ཡུལ་དང་བཀའ་རྡོར་སྒང་གསུམ་གྱི་སློབ་ཕྲུག་ཁག་ཅིག་དང་གླེང་མོལ་བྱས་ཡོད།

སློབ་བུ་པདྨ་འགྱུར་མེད་ལགས་ནི་བལ་ཡུལ་དོལ་པོའི་ཡུལ་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ད་ཆར་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་གི་ཁོངས་སུ་སློབ་སྦྱོང་བྱེད་ཀྱིན་ཡོད་འདུག ཁོང་གིས་བོད་སྐད་བསྐྱོན་པའི་ཚིག་གི་སྨྲ་བོད་མི་གཙང་མ་ཞིག་ལས་དག་ཅིང་། ཁོང་གིས་བརྗོད་པ་ལྟར་ན་རྣམ་རྒྱལ་མཐོ་སློབ་ནང་སྔོན་འགྲོ་ནས་འཛིན་རིམ་ ༡༢ པར་ཁྱོན་སློབ་ཕྲུག་ ༤༢༠ ཙམ་ཡོད་པ་ལས། ད་ཆར་ཕྱེད་ཀ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཡིན་འདུག་པ་དང་། དགེ་རྒན་ཡང་ཕྱེད་ཙམ་བལ་ཡུལ་གྱི་ཡུལ་མི་ཆགས་ཡོད་འདུག

ཁོང་ལ་བལ་ཡུལ་གྱི་ཕྲུ་གུ་ཚོ་བོད་པའི་སློབ་གྲྭར་འཛུལ་དོན་གང་ཡིན་དྲིས་པར། “ང་ཚོ་བལ་ཡུལ་གྱི་ཆ་ཤས་ཤིག་ཆགས་ཡོད་ཀྱང་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་བོད་པ་དང་གཅིག་པ་རེད། དེར་བརྟེན་མང་པོ་ཞིག་གིས་བོད་པའི་སློབ་གྲྭར་འགྲོ་རྒྱུར་དགའ་བོ་བྱེད་ཀྱི་ཡོད་པ་རེད། ང་རང་སྐྱེས་ས་ལྟ་བུར་མཚོན་ན་བོད་སྐད་ལས་བལ་ཡུལ་སྐད་ཤེས་མཁན་དཀོན་པོ་རེད། རོང་པའི་སློབ་གྲྭར་འགྲོ་རྒྱུར་ཉོབ་སྣང་བྱེད་ཀྱི་ཡོད་པ་རེད”ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཚོས་བོད་ཡིག་སྦྱང་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། “དང་པོ་སློབ་གྲྭར་ཡོང་མ་ཐག་ཚང་མར་དཀའ་ངལ་ཏོག་ཙམ་རེ་འཕྲད་ཀྱི་ཡོད་ཀྱང་། སློབ་ཕྲུག་རྒན་པ་ཚོས་སློབ་ཕྲུག་གསར་པ་ཚོར་བོད་སྐད་བོད་ཡིག་ཐོག་དམིགས་བསལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་རེད། སློབ་གྲྭ་ནས་ཐོན་འགྲོ་ཁར་ཁོང་ཚོ་བོད་ཡིག་ཡག་པོ་ཆགས་ཀྱིན་འདུག ཡིག་རྒྱུགས་ཀྱི་གྲུབ་འབྲས་དང་ནམ་རྒྱུན་གྱི་འབྲི་ཀློག་སོགས་བོད་ཕྲུག་ཚོ་ལས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཚོ་ཡག་པོ་ཡོང་གི་འདུག་”ཟེར་།

རྣམ་རྒྱལ་མཐོ་སློབ་ཀྱི་སློབ་ཕྲུག་འཆི་མེད་དབང་མོ་ནི་བལ་ཡུལ་སྤོག་ར་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། འཛིན་རིམ་བཅུ་བར་པོག་ར་སློབ་གྲྭ་ནས་སློབ་སྦྱོང་བྱས་རྗེས་རྣམ་རྒྱལ་སློབ་གྲྭར་ཡོང་འདུག ཁོ་མོས་བརྗོད་པ་ལྟར་ན། རྣམ་རྒྱལ་སློབ་གྲྭའི་སློབ་ཕྲུག་སྤྱིའི་ཆ་ནས་བོད་ཡིག་ལ་དོ་སྣང་ཆེ་བ་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་ཚོ་བོད་ཡིག་ལ་དོ་སྣང་ཤུགས་ཆེ་བ་ཡོད་འདུག མོ་རང་ཉིད་ལ་མཚོན་ན་དབྱིན་ཡིག་དང་བལ་ཡུལ་ཡི་གེ བོད་ཡིག་གསུམ་ལས་བོད་ཡིག་འབྲི་ཀློག་སླ་པོ་འདུག་ཟེར།

ཁོ་མོར་ནམ་རྒྱུན་སློབ་ཕྲུག་ཚོས་དབྱིན་སྐད་དང་བལ་ཡུལ་སྐད། བོད་སྐད་གསུམ་ལས་ཤུགས་ཆེ་བ་གང་བཤད་ཀྱི་ཡོད་མེད་དྲིས་སྐབས། སློབ་གྲྭའི་ནང་ཚང་མས་བོད་སྐད་རྐྱང་འཆད་ཀྱི་ཡོད་པ་དང་། གལ་སྲིད་བལ་སྐད་བཤད་ན་དགེ་རྒན་ཚོས་བཀའ་སྐྱོན་གཏོང་གི་རེད་ཟེར།

པོག་ར་ཨེ་སི་ཨོ་ཨེ་སི་སློབ་གྲྭའི་སློབ་བུ་བསྟན་འཛིན་བུ་བཟང་ནི་པོག་ར་བོད་མིའི་གཞིས་ཆགས་ནས་ཡིན་འདུག ཁོང་གིས་བརྗོད་པ་ལྟར་ན། སྤོག་ར་ཨེ་སི་ཨོ་ཨེ་སི་སློབ་གྲྭར་སློབ་ཕྲུག་ ༥༠༠ ལྷག་ཡོད་ཅིང་། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ནང་བོད་ཕྲུག་དང་རོང་པ་གཉིས་ཕྱེད་ཀ་ཕྱེད་ཀ་ཆགས་ཡོད་པ་དང་། དེ་ནི། འཛིན་རིམ་བཅུ་བ་ཐོན་རྗེས་བོད་པའི་སློབ་ཕྲུག་མང་པོ་ཞིག་སློབ་གྲྭ་གཞན་ལ་འགྲོ་ཡི་ཡོད་སྟབས། ས་མིག་མི་སྟོང་ཆེད་རོང་པ་ལེན་གྱི་ཡོད་པ་དང་། འཛིན་རིམ་བཅུ་བ་མར་འདབས་ཀྱི་སློབ་ཕྲུག་བརྒྱ་ཆ་ ༩༠ ཙམ་བོད་ཕྲུག་རྐྱང་ཡིན་འདུག སྤྱི་ཡོངས་ནས་བཤད་ན་དབྱིན་ཡིག་ལ་དབྱིངས་ཡོད་མཁན་མང་བ་ཡིན་པར་བརྗོད་བྱུང་ལ། སློབ་གྲྭའི་ལས་བྱེད་དང་དགེ་རྒན་ཕྱེད་ཀ་བོད་དང་ཕྱེད་ཀ་ཡུལ་མི་ཆགས་ཡོད་འདུག

ཡང་ཁོང་ལ་སློབ་གྲྭའི་ནང་ཆབ་སྲིད་ལས་འགུལ་རིགས་སྤེལ་གྱི་ཡོད་མེད་དྲིས་པར། གཟའ་ལྷག་པའི་༧གོང་ས་མཆོག་གི་བླ་གཟའི་ཉིན་ཞོགས་པར་བསང་གསོལ་ཞལ་འདོན་རིགས་འཆར་ཅན་ཡིན་པ་ལས། ལྷག་དཀར་ལས་འགུལ་སོགས་ཆབ་སྲིད་ལས་འགུལ་རིགས་སྤེལ་གྱི་མེད་པ་དང་། བོད་ནང་གི་གནས་ཚུལ་ཛ་དྲག་ཆགས་པ་སོགས་བྱུང་ཚེ། ས་གནས་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་ལས། སློབ་གྲྭ་རང་གི་ངོས་ནས་ཆབ་སྲིད་ལས་འགུལ་རིགས་སྤེལ་གྱི་མེད་ཟེར།

སྤོག་ར་ཨེ་སི་ཨོ་ཨེ་སི་སློབ་གྲྭའི་སློབ་ཕྲུག་ཀརྨ་སྒྲོལ་མ་ནི་པོག་ར་བྱམས་པ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་འདུག ཁོ་མོས་ “ང་རང་ནམ་རྒྱུན་དབྱིན་ཡིག་གི་དེབ་ཀློག་རྒྱུར་དགའ་བོ་ཡོད། འབྲི་ཀློག་ཀྱང་དབྱིན་ཡིག་སླ་བ་འདུག འོན་ཀྱང་། ཨ་མས་ང་ལ་བོད་ཡིག་ཡག་པོ་སྦྱོང་ཟེར་གྱི་འདུག ”ཅེས་དང་། རྗེས་མ་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱ་འདོད་ཡོད་ཟེར། ཁོ་མོར་འཛིན་གྲྭ་ ༡༢ ཐོན་རྗེས་ག་རེ་བྱ་འཆར་ཡོད་མེད་དྲིས་སྐབས། བལ་ཡུལ་ནས་འཛིན་རིམ་ ༡༢ ཐོན་རྗེས་སློབ་ཕྲུག་མང་ཆེ་བ་རྒྱ་གར་ནང་མཐོ་སློབ་འཚོལ་དུ་འགྲོ་བཞིན་ཡོད་པ་དང་། དེ་ནི། བལ་ཡུལ་ལས་རྒྱ་གར་ནང་གི་མཐོ་སློབ་ཐོན་པར་མཐོང་ཆེ་བ་སྤྲོད་ཀྱི་ཡོད་པས་ཡིན་སྐོར་དང་། མོ་རང་ཡང་བྱུང་ན་རྒྱ་གར་གྱི་མཐོ་སློབ་ཅིག་ཏུ་འགྲོ་འཆར་ཡོད་ཚུལ་བརྗོད་བྱུང་།

གཞན་བཀའ་རྡོར་སྒང་གསུམ་གྱི་སློབ་ཕྲུག་ཁག་ཅིག་དང་གླེང་མོལ་བྱེད་སྐབས། བཀའ་སྦུག་གཏན་སློབ་ཀྱི་སློབ་ཕྲུག་ཚེ་བརྟན་རྣམ་རྒྱལ་ལགས་ཀྱིས་སློབ་གྲྭ་ཟེར་ན་འདྲ་གང་ལྟར། བཀའ་བློན་སྦུག་དང་རྡོ་རྗེ་གླིང་སོགས་ཀྱི་བོད་མི་མང་ཆེ་བ་ཁ་འཐོར་དུ་གནས་ཡོད་པ་དང་། ལྷག་པར་དུ་ས་གནས་དེ་དག་ཏུ་རྒྱ་གར་གྱི་མི་སེར་ཡིན་མཁན་བལ་བོའི་མི་རིགས་ཤུགས་ཆེན་པོ་ཡིན་པ་དང་། ཁོ་ཚོ་བོད་པ་དང་འདྲ་བོ་ཡོད་སྟབས། བོད་ཕྲུག་ཕལ་ཆེ་བ་ཁོ་ཚོ་དང་འགྲོག་འདྲིས་བྱེད་ཀྱི་ཡོད་པ་མ་ཟད། ཁོ་ཚོའི་ཞན་ཤུགས་ཐེབས་ཏེ་བོད་སྐད་བོད་ཡིག་ལ་འཐུས་ཤོར་དང་བོད་པའི་ངོ་བོ་འགྱུར་བཞིན་ཡོད་སྐོར་ཧ་ཅང་སེམས་ཚོར་ཆེན་པོས་བརྗོད་བྱུང་། 

གསར་འགོད་པ། བནྡེ་སྐྱབས།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༧ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

མཆན། 2

  1. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    འདིར་གསར་འགོད་པས་ངེས་པར་བཅོས་དགོས་པའི་ཆ་ཞིག་ནི། བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཏུ་འཛིན་རིམ་དྲུག་པ་ནས་བཅུ་གཉིས་བར་ཡིན་པས་ལས། སྔོན་འགྲོ་ནས་བཅུ་གཉིས་བར་མིན།
    མཆན་འདེབས་པོ་ཞིག་གིས་ས་རཱ་མཐོ་སློབ་ཏུ་གསར་འབྱོར་བ་ཚུད་ཀྱིན་མེད་པར་ཧི་མ་ལ་ཡ་བ་ཚོ་ལས་སླ་པོར་ཚུད་ཀྱིན་འདུག་ཟེར། དེ་ནི་མ་བརྟག་བྱུང་རྒྱལ་དུ་སྨྲས་པའི་གཏམ་ཞིག་སྟེ། ས་རཱའི་མཐོ་རིམ་རིག་གནས་འཛིན་གྲྭར་ཚུད་པར་ཤེས་ལྡན་བོད་མི་སུས་ཚུད་རྒྱུགས་ནང་བཞུགས་ནའང་འགྲིག རྒྱུགས་མ་ལོན་ཚེ་བྱ་ཐབས་མེད། དེ་ལ་དམིགས་བསལ་གང་ཡང་མེད་པས་ཤེས་དགོས་པའི་གནད་ཡིན།
    ཧི་མ་ལ་ཡའི་སློབ་ཕྲུག་ཚོར་དམིགས་བསལ་གྱི་ས་དམིགས་ཤིག་ཡོད་པ་ནི་དེ་སྔོན་སྐུ་སྒེར་ཡིག་ཚང་ནས་དགོངས་པ་ཆེ་བཞེས་ཀྱིས་སློབ་ཡོན་མཐུན་འགྱུར་གནང་སྟེ། ཧི་མ་ལ་ཡའི་དགེ་རྒན་འོས་སྦྱོང་འཛིན་གྲྭ་ཚུགས་སྲོལ་ཡོད་པ་དེ་ད་མུས་ལྟར་ལས། མཆན་འདེབས་པོས་བརྗོད་པ་ལྟར་མིན་པས་ཡིད་འཇགས་འཚལ།།

    Reply
  2. མལ་གྲོའི་བཙུན་པ་ says:
    ལོ་ 13 སྔོན།

    བོད་ཕྲུག་ལས་ཧི་མ་ལའི་ཕྲུ་གུ་ཚོ་བོད་ཡིག་ཡག་པ་ཡོད་པའི་རྒྱུ་མཚན་གཙོ་བོ་ནི་ཧི་མ་ལའི་རི་རྒྱུད་ཀྱི་ཕྲུ་གུ་ཚོ་ལ་དམིགས་གསལ་ཆེན་པོ་ཡོད་པས་ཡིན་གྱི་རེད། དེ་སྔོན་ང་ས་ར་སློབ་གྲྭར་ཚུད་རྒྱུགས་བཏང་བར་ཕྱིན་པ་ཡིན་དེ་དུས་གསར་འབྱོར་བ་བོད་ཡིག་ལ་དོ་སྣང་ཡོད་པ་བོད་ཡིག་སྦྱང་འདོད་གྲགས་པོ་ཡོད་མཁན་མང་དག་ཞིག་ཚུད་རྒྱུགས་མ་ལོང་ནས་མང་དག་ཞིག་མིག་ཆུ་ཡང་གཏོང་གིན་འདུག། དེ་དུས་ཧི་མ་ལའི་བུ་ཕྲུག་རྣམས་ཚུད་རྒྱུགས་ཙམ་ཡང་བཏང་མི་དགོས་པར་སློབ་གྲྭ་དེར་སློབ་སྦྱོངས་བྱེད་རྒྱུའི་གོ་སྐབས་འདུག། བོད་པའི་སྐད་ཡིག་བསྲུང་སྐྱོབས་ཆེད་སྐུ་ངལ་ཚད་མེད་སྐྱོན་ནས་ཕེབས་པའི་གསར་འབྱོར་བ་ཚོར་དེ་འདྲའི་གོ་སྐབས་ཀྱང་མི་འདུག་ད་དུང་དེ་ལས་ལྡོག་ཏེ་བོད་ཕྲུག་ཚོ་ལས་ཧི་མ་ལའི་རི་རྒྱུད་ཀྱི་ཕྲུ་གུ་ཚོ་བོད་ཡིག་ཡག་པ་འདུག་ཟེར་བརྗོད་ནུས་པའི་ཡག་པོ་རེད་བརྗེས་སུ་གསར་འབྱོར་བ་ཚོར་སློབ་སྦྱོངས་ཀྱི་གོ་སྐབ་མང་ཙམ་གནང་རོགས་གནང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese