དེ་
གནས་
རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་ནི་ཕྱི་ལོ་ ༡༩༢༠ ལོར་མྱང་སྟོད་རྒྱལ་རྩེ་རྫོང་ཁོངས་མཁར་ཁ་གཞིས་སུ་ཡབ་སྐལ་བཟང་ཆོས་འབྱོར་དང་ཡུམ་བདེ་སྐྱིད་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྔར་ལམ་ཡིག་རྩིས་རིག་ནས་སློབ་གཉེར་དང་། གཞུང་སྲོལ་ཕྱག་བྲིས་ཀྱི་ལས་དོན་སྤྱན་ལྟོས་མྱོང་གསོག་ལེགས་འགྲུབ་ཀྱིས་ཕྱི་ལོ་ ༡༩༢༠ ལོར་དགུང་གྲངས་ ༢༢ ཐོག་གཞུང་ཞབས་རྩེ་དྲུང་གི་གསར་མཇལ་ཞུས་ཏེ་ཐོག་མ་རྩྭ་གཉེར་དང་། རིམ་པར་ལྷ་བུ་གཞིས་སྡོད། བཀྲ་ཤིས་ལྷུན་ཛ་བླའི་ལས་བྱ། རྒྱ་ནག་དོན་གཅོད་ཐའི་མཁན་སྦྲེལ་པོའི་ལས་བྱ་རྩེ་མགྲོན། བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་ནང་རྩེ་མགྲོན་གྱི་འཐུས་མིར་བདམས་ཐོན་ཚོགས་ཞུགས། མཁན་ཆུང་གི་མཚན་གནས་ཐོག་ནོར་གླིང་ནང་མ་ཁང་དུ་ཕྱག་བྲིས་ཞབས་ཞུའི་འགན་བཞེས།
རྒྱ་དཀར་ནག་གིས་མཚོན་ཕྱི་ནང་ཆིབས་སྒྱུར་གར་གནང་ལ་༸རྒྱལ་བའི་ཆིབས་ཞབས་ལྷན་བཅར་དང་། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་ལྷ་སར་རྒྱ་མིས་ཟིང་བསླངས་དྲག་མནོན་སྐབས་སེར་སྐྱ་མང་ཚོགས་ཀྱིས། བསྟན་སྲུང་དང་བླང་སྒྲིག་འཛུགས་ཀྱི་ཇུས་འགོད་བཀའ་བཀོད་ཁང་གི་དབུ་འཁྲིད་ཁོངས་སུ་མང་མོས་འོས་འདེམས་ལྟར། ཕྱི་ནང་གསང་གསུམ་གྱིས་སྐུ་ཕྱྭའི་སྲུང་སྐྱོབ་དང་རྒྱ་གར་དུ་གདན་ཞུའི་ཐབས་སྐུལ་ཐུགས་བརྩོན་དང་། ཟིང་འཁྲུག་ནང་དགྲ་བོར་གདོང་གཏུགས་མེ་ལན་སློག་རྒྱུར་ཐུགས་འགྱོད་མེད་པ་གནང་མཐར་བཙན་བྱོལ་དུ་ཕེབས་ཏེ་སྐུ་ཚེ་མཐའ་འཁྱོངས་སྐུ་སྒེར་དྲུང་ཆེའི་ཐུགས་འགན་རྐང་བཞེས་ཡོད། དམ་པ་ཁོང་གིས་༧གོང་ས་མཆོག་བཀའ་སློབ་སྔ་ཕྱི་གླེགས་བམ་ཕྱོགས་བསྒྲིགས་དང་སྐུ་ཚེའི་ལོ་རྒྱུས་ཕྱག་དེབ་ཅིག་ཀྱང་བྲིས་གནང་མཛད་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
རྟ་ར་པ་བསྟན་འཛིན་ཆོས་ཉིད་མཆོག་གིས། རང་ཉིད་ངོ་སྤྲོད་ཅེས་པའི་རང་རྣམ་ནང་ལ།
་་་ རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ན། ༡༩༤༡ ལྕགས་སྦྲུལ་ལོ་གསར་ལ་གཞུང་གི་ཞབས་སྣེར་ཚུད་པ་ནས་ ༢༠༠༡ ལྕགས་སྦྲུལ་བར་དགོངས་ཞུ་ཟླ་བ་གསུམ་མ་གཏོགས། མི་ལོ་དྲུག་ཅུ་རེ་གཅིག་ཧྲིལ་པོ་གཞུང་གི་ཞབས་ཕྱི་ཞུས་འདུག དེའི་རིང་གཞུང་འབངས་སྲིད་ཞུར་སྨན་པའི་བྱས་རྗེས་གཟེངས་ཐོན་འདི་ཡིན་བརྗོད་འོས་ཏིལ་འབྲུ་ཙམ་ཡང་མེད་རུང་། ཁྲིམས་དང་། ལས་འབྲས་མ་བསྲུངས་པ། གཞུང་འབངས་ལ་ལྷག་བསམ་མ་དག་པའི་བྱས་ཉེས་ནོངས་འགྱོད་རིགས་གཏན་ནས་མེད། ་་་་་་ཞེས་གསུངས་འདུག
དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་ཐོག་མར་དྷ་སའི་ཕོ་བྲང་ནང་ལ་༡༩༧༥ཙམ་ནས་ཐོག་མར་མཇལ་མྱོང་བས། མྱ་ངན་གུས་འདུད་ཞུའོ། །
འདས་པོ དམ་པ་ཁོང་ལ་སེམས་གཏིང་ནས་མྱ་ངན་གུས་འདུད་གྲངས་མེད་ཞུ། ཁོང་གི་སྐུ་ཚེ་གང་པོ་དེ་༧གོང་ས་མཆོག་དང་བོད གཞུང་གི་ཞབས་ཕྱིར་བཏངས་པ་དེར་བོད་མི་ཡོད་དོ་ཅོག་ནས་མྱ་ངན་ཞུ་འོས། བླ་བྲང་རྫིག་རྔམ་སུ་ཆེ་དང་། བརླང་འཁོར་ཚོང་རྟགས་སུ་ཡག་བྱས་ནས། ༧གོང་ས་མཆོག་གི་མདུན་ནས་འདྲ་ཆགས་སེ་རེ་བཤད་མཁན་ལ་ལྟོས་དང་།
སེམས་གཏིང་ནས་མྱ་ངན་ཞུ། རི་རྒྱལ་ལྷུན་པོ་ནུབ་པར་མྱ་ངན་ཞུ། ཡངས་པའི་རྣམ་དཔྱོད་གཟིམ་པར་མྱ་ངན་ཞུ། འདོད་ཆུང་ཆོག་ཤེས་ངང་དྲང་བདེན་རྣམ་པར་རྒྱལ་བའི་མཛད་འཕྲིན་སྐྱོང་མཁས་རླབས་ཆེན་གང་ཟག་ཅིག་ཞིང་དུ་གཤེགས་པར་མྱ་ངན་ཞུ། རྙོག་དྲ་རུ་འཛིང་དང་དཀའ་ངལ་ཁྲི་ཕྲག་གི་ཁ་གཏད་ནས་ནམ་ཡང་ཞུམ་མ་མྱོང་བའི་དཔའ་བོ་ཞིག་སྐུ་གཤེགས་པར་མྱ་ངན་ཞུ། ཁྱེད་ལ་གླེང་མི་ཚར་བའི་མཛད་རྗེས་ཡོད་ལ། ང་ཚོས་འཁྱོག་མི་སྲིད་པའི་མིག་དཔེ་དང་ཞབས་རྗེས་ཡོད། ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་དབུ་མར་གནས་པ་དང། མི་རབས་གསར་པ་ཚོར་ཕྱོགས་ཡོངས་སུ་ཐོས་རྒྱ་དང་མཐོང་རྒྱ་དགོས་པའི་ཐུགས་རེ་གནང་བའི་ཚུལ་རྣམས་ཀྱིས་ཁྱེད་ཉིད་ངས་དོན་དམ་གྱི་མྱ་ངན་ཞུ་ས་གཅིག་ཡིན།།
རྒན་པ་རི་འདྲ་བ་མང་པོ་ཞིག་སྔ་རྗེས་སུ་སྐུ་གཤེགས་ནས་རྫོགས་སྟངས་འདི། ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོ་རེ་རེ་འབྱུང་བའི་ཁམས་སུ་འཐིམ་ནས་འཇིག་པ་དང་གཅིག་མཚུངས་ཡིན། ཡིད་གདུང་དྲག་པོས་གུས་འདུད་ཞུ།
མྱ་ངན་གུས་འདུད་ཞུ།
མྱ་ངགན་གུས་འདུད་ཞུ།
སྐུ་ཚེ་གང་པོ་བོད་ཀྱིས་རྩ་དོན་ཐོག་སྐུ་ངལ་འཛེམས་མེད་སྐྱོན་པ་མ་ཟད་༸གོང་ས་མཆོག་༸གི་དབུ་འོག་ཐར་སོན་མཛད་མཁན་ཞིག་ཡིན་ལ། རྒྱུན་དུ་གྲྭ་རྐྱང་བརྟུལ་བཞུགས་ཀྱིས་སུ་གང་ལ་ཡང་ཉེ་རིང་མེད་པའི་མི་སྣ་རླབས་ཆེན་ཞིག་ཡིན་པས་་སྙིང་དབུས་གུས་བཏུད་དང་། མྱ་ངན་ཞུ།།