ཁ་སང་གཟའ་ཉི་མའི་ཉིན་སུད་སི་བྱང་ཕྱོགས་ཨ་གྷོ་མངའ་སྡེའི་བོད་རིགས་ཚོགས་ཆུང་གིས། མངའ་སྡེའི་ཁྱིམ་ཚང་རེ་རེའི་སྒོ་འགྲམ་གྱི་སྦྲགས་སྒམ་ནང་ཡི་གེ་བླུག་ཏེ་བོད་དོན་ཞུ་སྐུལ་གྱི་ལས་འགུལ་ཞིག་མགོ་བཙུཊ་འདུག
ཀླུ་རྒྱལ་དོན་གྲུབ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༣ ཉིན་སུད་སི་བྱང་ཕྱོགས་ཨ་གྷོ་མངའ་སྡེའི་ས་གནས་བོད་རིགས་ཚོགས་ཆུང་གིས། མངའ་སྡེའི་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཆེད། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མིང་དང་འདྲ་པར། མེར་བསྲེཊ་ཀྱི་རྒྱབ་ལྗོངས་གནས་ཚུལ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཤོག་ངོས་ ༥ ཅན་གྱི་ཡིག་ཆ། མེར་བསྲེཊ་ཐད་ཀྱི་འབོད་སྐུལ་ཞུ་ཡིག་བཅས་ཁྱོན་ཤོག་གྲངས་ཁྲི་ ༤ ལྷག་པར་བསྐྲུན་གྱིས་མངའ་སྡེའི་ཁྱིམ་ཚང་རེ་རེའི་སྦྲགས་སྒམ་ནང་ལྡུག་རྒྱུའི་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་འདུག
འདིའི་ཐད་ལས་འགུལ་གོ་སྒྲིག་པ་བསོད་ནམས་ལགས་ཀྱིས། སུད་སིའི་བྱང་ཕྱོགས་མངའ་སྡེའི་ནང་ཁྱོན་བོད་མི་ ༣༠༠ དང་དང་བླངས་དཔྱ་ཁྲལ་ལག་དེབ་འབུལ་མཁན་མི་ ༢༠༠ ཡས་མས་ལས་མེད་ཀྱང་། ཐེངས་འདིར་ཁོང་ཚོས་བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་པ་རྣམ་ལ་གདུང་སེམས་མཉམ་སྐྱེད་དང་ས་གནས་མི་མང་གིས་བོད་དོན་ཐོག་རྒྱབ་སྐྱོ་ཡོང་ཆེད་ཡིག་ཆ་ཁག་འགྲེམས་སྤེལ་གྱིས། དུས་ཡུན་ཟླ་བ་གཅིག་ལྷག་གི་རིང་ལས་འགུལ་སྤེལ་རྒྱུ་ཡིན་ཚུལ་ངོ་སྤྲོད་གནང་སོང་བ་མ་ཟད། ཁོང་གིས་ཐེངས་འདིའི་ལས་འགུལ་དང་འབྲེལ་དེ་ཕྱི་སྡོད་བོད་མི་ཚོར་བརྗོད་དོན། “ ང་ཚོས་ལས་འགུལ་གང་ཞིག་མགོ་བརྩམས་ཀྱང་། གཞིས་སྡོད་བོད་མིར་གདུང་སེམས་མཉམ་སྐྱེད་དང་ཕྱི་སྡོད་བོད་མི་ཚོ་ནམ་ཡང་ཁོང་ཚོ་དང་མཉམ་དུ་ཡོད་པའི་བརྡ་ལན་དང་། ཕྱི་སྡོད་བོད་མི་ཚོར་གཉིད་ལས་སད་རན་ལ་སླེབས་ཡོད་པའི་བརྡ་ཞིག་རྒྱག་གི་ཡོད། བོད་ནང་ད་ལྟའི་བར་བོད་མི་ ༩༦ ཙམ་གྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཀྱང་། ང་ཚོ་ཕྱི་སྡོད་བོད་མི་ཚོས་གོ་མེད་ཚོར་མེད་ངང་བཞག་པ་ཡིན་ན། འཛམ་གླིང་མི་མང་ལ་ངོ་གནོངས་དགོས་པའི་བྱ་བ་ཞིག་ཡིན་སྟབས། བོད་མི་ཚོས་རང་ཉིད་སྡོད་སའི་ས་གནས་སུ་བོད་དོན་ཐད་ཅི་ཞིག་ལས་ཐུབ་མིན་ལ་བསམ་བློ་གཏོང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ” ཅེས་བརྗོད་བྱུང་།
༡) ང་ཚོ་ཕྱི་སྡོད་བོད་མི་ཚོས་གོ་མེད་ཚོར་མེད་ངང་བཞག་པ་ཡིན་ན་སོགས་འོས་མིན་ཚིག་འགའ་འདུག དོན་སྙིང་རྒྱབ་སྐྱོར་ཡོང་བར་སྐད་ཆ་གང་དག་བརྗོད་ཡོད་དམ།
༢)
དོན་སྙིང་ལྡན་པའི་ལས་འགུལ། རླབས་ཆེ་བའི་ལས་འགུལ། རྣམ་དཔྱོད་ཡོད་པའི་ལས་འགུལ། སེམས་འགུལ་ཐེབས་པའི་ལས་འགུལ།
ངོ་མ་ཐུགས་རྗེ་ཆེ།