བོད་ཆུ་སྦྲུལ་ལོའི་ལོ་གསར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ཏེ། གསར་འགོད་པས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་སྤྱི་འཐུས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ལ་ད་ལོའི་ལོ་གསར་གཏོང་ཕྱོགས་སྐོར་ལ་དགོངས་ཚུལ་དྲིས་ཡོད།
བོད་རྒྱལ་ལོ་ ༢༡༤༠ སྟེ་བོད་ཆུ་སྤྲུལ་ལོའི་ལོ་གསར་བསླེབ་ལ་ཉེ་བའི་སྐབས་འདིར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་ལོའི་ལོ་གསར་གཏོང་མིན་ཐད་བསམ་ཚུལ་སྣ་ཚོགས་ཡོང་གི་ཡོད་པ་དང་། ཁག་ཅིག་གིས་བོད་པའི་ལོ་གསར་ནི་མི་རིགས་ཤིག་གི་ཐུན་མིན་རིག་གཞུང་ཆགས་ཡོད་སྟབས། བོད་པའི་གནས་ཚུལ་ཅི་ཆགས་ལ་མ་ལྟོས་པར་ལོ་གསར་གཏོང་དགོས་ཟེར་བ་དང་། ཁག་ཅིག་གིས་བོད་ཕྱི་ནང་གཉིས་སུ་མི་མང་པོས་རང་ལུས་མེར་བསྲེགས་བཏང་ཡོད་པས་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཆེད་ལོ་གསར་གཏོང་མི་རུང་སྐོར། ཡང་རིགས་ཤིག་གིས་ད་ལོ་བོད་མི་ ༨༠ ཙམ་གྱིས་རྒྱ་གཞུང་ལ་རང་སྲེག་ངོ་རྒོལ་གནང་སྟེ་འཛམ་གླིང་ལ་སྐད་གྲགས་བཞག་ཡོད་སྟབས་ལོ་གསར་སྔར་ལྷག་གྲ་རྒྱས་པོ་གཏོང་དགོས་ཚུལ། རིགས་གཞན་ཞིག་གིས་ལོ་གསར་གཏོང་དགོས་ཀྱང་སྤྲོ་སྐྱིད་རིགས་མི་གཏོང་བར། དེའི་ཚབ་ཏུ་མི་མང་འདུ་འཛོམས་ཀྱིས་ལས་འགུལ་སྣ་ཚོགས་སྤེལ་དགོས་ཚུལ་སོགས་གླེང་བཞིན་འདུག
དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་འདི་གའི་གསར་འགོད་པ་དབུས་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ལས་ཁུངས་སུ་བསྐྱོད་དེ། བཀའ་ཤག་སྣེ་ལེན་འབྲེལ་མཐུད་པ་བརྒྱུད་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ། བཀའ་ཤག་ལ་ད་ལོའི་ལོ་གསར་གཏོང་ཕྱོགས་སྐོར་ལ་མང་ཚོགས་ལ་ལམ་སྟོན་གང་འདྲ་ཡོད་མེད་དྲིས་པར། བཀའ་དྲུང་མཆོག་གིས་ཁོང་ལ་དུས་ཚོད་མེད་ཚུལ་བརྗོད་དེ་དྲི་བར་ལན་འདེབས་གནང་མ་སོང་། གསར་འགོད་པ་སླར་ཡང་ཁོང་གི་དྲུང་ཡིག་ཟླ་སྒྲོན་ལགས་ཀྱི་གམ་དུ་བཅར་ཏེ། ད་ལོའི་བོད་ཆུ་སྦྲུལ་ལོའི་ལོ་གསར་སྐོར་ལ་མང་ཚོགས་ནང་བསམ་ཚུལ་སྣ་ཚོགས་ཡོང་བཞིན་ཡོད་སྟབས། བཀའ་དྲུང་མཆོག་གིས་དེ་རིང་སང་ཉིན། ཡང་ན་གནངས་ཉིན་དུས་ཚོད་ཁོམ་སྐབས་ཤིག་ལ། གསར་འགོད་པར་དུས་བཅད་བགོས་ཏེ་བཀའ་ལན་ཞིག་གནང་རེ་ཞུས་པར། བཀའ་དྲུང་མཆོག་གིས་ལོ་གསར་གཏོང་ཕྱོགས་ཐོག་གཅིག་བྱས་ན་མ་འོངས་པའི་ཉིན་ཤས་ནང་ལམ་སྟོན་ཞིག་ཡོང་སྲིད་སྐོར་བཀའ་ལན་བསྐུར་འདུག
དེའི་རྗེས་གསར་འགོད་པ་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་བསྐྱོད་དེ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་མི་བཞུགས་སྟབས། ཚོགས་དྲུང་སྟོབས་རྒྱལ་ལགས་སུ་སྤྱི་འཐུས་ལྷན་ཚོགས་ལ། མང་ཚོགས་ཚོར་ད་ལོའི་ལོ་གསར་གཏོང་ཕྱོགས་སྐོར་ལ་ལམ་སྟོན་འདྲ་ཡོད་མེད་དྲིས་པར། “བོད་པའི་ལོ་གསར་བསླེབ་རྒྱུར་ད་དུང་ཟླ་གཅིག་ཙམ་འདུག ནམ་རྒྱུན་འཛིན་སྐྱོང་བཀའ་ཤག་གིས་མང་ཚོགས་ལ་ལོ་གསར་གཏོང་ཕྱོགས་ཐད་ལམ་སྟོན་གནང་གི་ཡོད་སྟབས། ད་ལོ་ཡང་ལམ་སྟོན་ཞིག་གནང་གི་རེད་དྲན་ཡོད། བཀའ་ཤག་གིས་གང་གསུང་བ་དེར་སྤྱི་འཐུས་ཀྱིས་རྒྱབ་སྐྱོར་གནང་གི་རེད། མ་གཞི། ཕྱི་ལོིའི་ལོ་གསར་སྐབས་འཛམ་གླིང་སྤྱི་ཡོངས་གུང་སེང་ཆཊ་ཡོད་ཀྱང་། སྤྱི་འཐུས་རྣམ་པ་གུང་གསེང་ལ་མ་བཞུཊ་པར་རྒྱ་གར་མངའ་སྡེ་སོ་སོར་གདུང་སེམས་མཉམ་སྐྱེད་ལས་འགུལ་སྤེལ་བ་རེད། དེང་སྐབས་བོད་ནང་ཉིན་རེ་བཞིན་ཚེ་སྲོག་གཏོང་གི་ཡོིད་པ་རེད། ཁོང་ཚོའི་ནང་མིས་སྡུག་བསྔལ་ག་ཚོད་མྱོང་བཞིན་ཡོད་པ་རེད། བོད་མི་སྤྱི་ཡོངས་ལ་སེམས་སྡུག་ག་ཚོད་ཡོད་པ་རེད། དེ་ཚོར་ངེས་པར་དུ་དགོངས་པ་བཞེས་དགོས་པ་རེད། ང་སྒེར་ངོས་ནས་ལོ་གསར་སྐྱིད་པོ་གཏོང་ཟེར་བ་དེར་ངོས་ལེན་རྩ་བ་ནས་བྱེད་ཐུབ་ས་མ་རེད། ”ཅེས་བརྗོད་བྱུང་།
དེ་ནས་གསར་འགོད་པས་ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་ལ་དགོངས་ཚུལ་དྲིས། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོཊ་གཙོ་བཀྲ་ཤིས་སྒྲོལ་མ་ལཊ་ཀྱིས། “༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༩༦ གིས་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད། ལས་འགུལ་དེ་དག་ཆབ་སྲིད་ཐོག་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་དེ་རེད། བོད་ནང་གི་ལས་འགུལ་དེ་ཚོར་ང་ཚོའི་ངོས་ནས་དགའ་བ་སྐྱེས་དགོས་པ་ཞིག་རེད། ང་ཚོ་ནང་པ་ཡིན་པའི་ཆ་ནས་མིའི་ཚེ་སྲོག་རྩ་ཆེན་པོར་བརྩི་བཞིན་ཡོད་པ་རེད། ད་བར་བོད་ནང་མི་དེ་འདྲ་མང་པོ་ཞིག་གིས་སྲོག་བློས་གཏོང་བྱས་ཡོད་དུས། ང་ཚོས་ཁོང་ཚོའི་ནང་མི་བུ་ཕྲུག་དང་སྤུན་མཆེད་ཚོར་གདུང་སེམས་མཉམ་ཞུ་དགོས་པ་ལས། བཙན་བྱོལ་ནང་ལོ་གསར་བཏང་སྟེ་སྤྲོ་སྐྱིད་ལ་རོལ་ན་ཏག་ཏག་བསྡད་ཡོད་པ་མ་རེད། ད་ལོའི་ལོ་གསར་སྐབས་བུད་མེད་ལྷན་ཚོགས་ལ་ཆོས་ཕྱོགས་ཀྱི་ལས་རིམ་མ་གཏོགས་ཆབ་སྲིད་ལས་འགུལ་རིགས་སྤེལ་རྒྱུའི་འཆར་གཞི་དམིགས་བསལ་གང་ཡང་མེད”ཅེས་བརྗོད་བྱུང་།
རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོཊ་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལཊ་ཀྱིས། “ད་ལོར་བོད་ནང་གནས་ཚུལ་ཛ་དྲག་ཆགས་ཡོད་སྟབས། ལོ་གསར་སྐབས་ཚང་མས་དགའ་དགའ་སྤྲོ་སྤྲོ་བྱས་ན་ཡག་པོ་མི་འདུག ལོ་གསར་ཚེས་ ༣ ཉིན་ནི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་ཁྱབ་བསྒྲཊ་བྱས་ཏེ་མི་ལོ་ ༡༠༠ འཁོར་བའི་དུས་དྲན་ཉིན་མོར་ཁེལ་ཡོད་སྟབས། ཉིན་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོཊ་པ་ཚང་མས་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་སྐད་འབོད་བྱ་རྒྱུ་དང་། ངྷ་རམ་ས་ལ་གཙོས་བོད་པ་འདུས་སྡོད་ཆེ་ས་ཁག་ཏུ་མི་མང་འདུ་འཛོམས་དང་བགྲོ་གླེང་གོ་སོགས་གོ་སྒྲིག་བྱས་ཏེ་ལས་འགུལ་སྤེལ་རྒྱུ་ཡིན ”ཟེར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་རིག་གཞུང་འགན་འཛིན་འཇིགས་མེད་ལཊ་ཀྱིས། “བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱིས་ ༢༠༠༨ ལོ་ནས་ད་བར་ལོ་བཞིའི་རིང་བོད་ཀྱི་ལོ་གསར་མ་བཏང་བ་དང་། ལོ་གསར་གཏོང་རྒྱུའི་ཚབ་ཏུ་ལོ་ནག་སྲུང་གཙི་སོགས་ཀྱི་ལས་འགུལ་རབ་དང་རིམ་སྤེལ་ཡོད། ད་བར་བོད་ནང་རྒྱལ་གཅེས་དཔའ་བོ་ ༩༦ གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེ་དག་མང་ཆེ་བ་ད་ལོ་གཅིག་པུར་བྱུང་བ་རེད། ཉེ་ལམ་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་ཁག་ལ་ལོ་གསར་སྐབས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོགས་དགོས་པའི་བཀོད་ཁྱབ་བཏང་ཡོད ”ཟེར།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས། “དགུ་བཅུ་གསུམ་ལས་འགུལ་ཚོགས་པར་ལོ་ལྟར་ལོ་གསར་གོ་སྒྲིག་ཞུ་སྲོལ་ཡོད་ཀྱང་། ད་ལོར་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་མང་དག་ཅིག་བྱུང་སྟེ། དེ་དག་གི་ནང་མི་བུ་ཕྲུག་རྣམས་སྡུག་གི་ནང་དུ་ལྷུང་ཡོད་སྟབས། ཚོགས་པའི་ངོས་ནས་དགའ་དགའ་སྤྲོ་སྤྲོ་བྱེད་པ་དང་དུས་ཆེན་གྱི་རྣམ་པ་སྲུང་གཙོ་ཞུ་རྒྱུའི་འགྲོ་སྟངས་དེ་མེད་པ་བཟོས་ཡོད། ཡིན་ནའང་སྒེར་ངོས་ནས་ཤ་ཆང་ལ་རོལ་ཏེ་སྐྱིད་པོ་གཏོང་བ་དེར་དགག་བྱ་གང་ཡང་བྱེད་ཀྱི་མེད། ”ཅེས་བརྗོད།
དགོངས་དག ང་ཚོའི་གསར་འགོད་པ་ཚོ་ལས་ཀ་མེད་ཐག་ཆོད་རེད་འདུག གང་ལགས་ཤེ་ན། ལོ་གསར་གཏང་མི་གཏང་བོད་མི་རང་རང་སོ་སོས་ཐག་ཆོད་བྱེད་ངེས་རེད། དེ་ལ་གཏོང་ཆོག་དང་མི་ཆོག རུང་དང་མི་རུང་ཞེས་ཟེར་བསྡད་ན་སྙིང་པོ་དེ་ཙམ་མ་མཐོང་། དཔེར་ན། ཕྱི་ལོ་ ༢༠༠༡ ཙམ་ནས་བཟུང་ཨབ་གྷ་ནང་དང་། ཨཱི་རག་ནང་ཨ་རིའི་དམག་མི་ཁྲི་ཁ་ཤས་ཤི་སྨས་སོགས་ཀྱིས་སྐྱོན་བྱུང་ཡོད་ནའང་ཨ་རིའི་རྒྱལ་ཁབ་ནང་ལོ་གསར་གཏོང་དང་མི་གཏོང་སོགས་ཀྱི་ཐ་སྙད་སྣེ་གཅིག་མེད་པ་དེ་དག་ལ་གཟིགས་དང་ཡར་ཐོན་ཅན་གྱི་གསར་འགོད་པ་ཚོའི་ལས་ཀ་ཇི་ལྟར་བྱེད་མེད་དེ་ནས་ཤེས་ངེས་རེད། སློབ་སྦྱོང་བྱོས།
ལོ་སར་རུང་མ་སར་རུང་གལ་ཆེན་ཤོས་དེ་སེམས་པ་སྐྱིད་པོ་ཞིག་དགོས་པ་རེད། ཡིན་ནའང་བོད་རིགས་སྤུན་ཟླ་མང་པ་ཞིག་གིས་མེ་མཆོད་ཕུལ་བ་དང་བཙནལ་བཅུགས་པ་དང་རང་གི་ངོས་ནས་མིག་ཆུ་རེ་བཏང་བ་ཙམ་ལས་བྱེད་ཐབས་མེད་པའི་རྐྱོན་གྱི་ལོ་ཤས་ནང་སེམས་པ་སྐྱིད་པོ་རྩ་ནས་མི་འདུག་པས།་ད་ལོ་ཡང་རྒྱ་ཟས་ལེའུ་བཅོ་བརྒྱད་བཤམས་ཀྱང་དང་ཁ་ཡོད་ས་མ་རེད་ལ་ལྷ་མོ་ཀླུ་མོ་སོགས་ཕེབས་ནས་ཞབས་བྲོ་རྒྱག་ཀྱང་དགའ་བ་ཞིག་ཡོང་ས་རྩ་ནས་མ་རེད།་རང་ལ་མཚན་ན་༢༠༠༨་ནས་བཟུང་ལོ་རྟགས་པར་མཆོད་མེ་རེ་ཕུལ་ནས་སྡོད་པ་ཡིན་ལ་ད་ལོ་ཡང་དེ་རང་ལས་བྱ་རྒྱུ་གང་ཡོང་མེད།
ལོ་གསར་གཏང་དགོས་མིན་དེ། དང་པོ་སོ་སོའི་སྤུན་མཆེད་དམ། ནང་མི་ཕ་མ་བུ་ཕྲུག་གང་རུང་ཞིག་འདས་གྲོངས་སུ་གྱུར་སོང་ན། ལོ་གསར་གཏོང་ནུས་མིན་གྱི་བསམ་བློས་ཞིབ་འདང་ཡག་པོ་ཞིག་རྒྱག་དགོས། ཉིས་སྟོང་དགུ་ཚུན་ནས་རང་རེའི་དཔའ་བོ་བརྒྱ་ཕྲག་ལས་རྒལ་བས། འོ་སྐོལ་གྱི་བདེན་དོན་ཆེད་དུ་མེ་སྲེག་ཆུ་མཆོང་དང་། དེ་བཞིན་བཙོན་འོག་ཏུ་ཚུད་པའི་དཔའ་བོ་ཚོས། གནར་བཅོད་ཀྱི་སྡུག་བསྔལ་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། གོ་མཚོན་ཐོག་པའི་དམག་གིས་བོད་ས་ཡོངས་རྫོགས་ཁེངས་ཏེ། བོད་ཆེ་པོ་འདི། ཆེས་སྡུག་རྩུབ་ཆེ་བའི་བཙོན་རྭ་ཙམ་ལ་དཔེ་འགྲན་ན་ཆུང་དྲག འཇིག་རྟེན་མི་ཆོས་ལ་མེད་པའི་དམྱལ་བ་མི་ཡུལ་ལ་ཕོ་ཞེས་རྗོད་ན་རན་པར་མཐོང་། རང་རེའི་ལས་དབང་འདི་འདྲའི་སྐབས་སུ། ལོ་གསར་ལ་སྤྲོ་སྐྱིད་གཏོང་བར་འདོད་མཁན་དག་ནི། སེམས་ཀྱི་གཏིང་ནས་མི་རིགས་ཀྱི་དཔའ་བོ་དེ་དག་ལ་སྤུན་ཟླའི་འདུ་ཤེས་མེད་པ་མ་ཚད། སྤྲོ་སྐྱིད་གཏོང་འདོད་པའི་འཚོ་བ་སྐྱེ་བར་ཙམ་གྱིས། མི་དེ་དག་གི་བསམ་བློའི་གནས་བབ་གང་འདྲ་ཡིན་པར་མཐོང་ཡིང་གི་འདུག
གསོད་གཏུབ་རྒྱོབ་གསུམ་གྱི་སྒྲ་དེ་བོད་ས་ཡོངས་སུ་ཁྱབ་སྟེ། སྔར་འཛམ་གླིང་དུ་མ་གྲགས་པའི་དམར་གསོད་དང་། གནར་བཅོད་ཀྱིས་སྡུག་གི་མིག་ཆུ་ཁྲགས་ལ་འདྲེས་ཤིང་བརྒྱུན་མ་ཆད་པའི། སྒྲང་བྱ་དྲུག་བཅུ་ནང་གི་ཆེས་འཇིགས་སུ་རུང་བའི་མུན་ནག་གི་ཉིན་ཞག་སུམ་བརྒྱ་དྲུག་བཅུ་ཧྲིལ་གྱིས་འདས་ཏེ། ལོ་གསར་པ་མགོ་བཙུག་པ་འདི་ལ། ཕྱི་སྡོད་བོད་མི་ཡོད་དོ་ཅོག་གིས་ལོ་གསར་གྱི་ཉིན་མོ་ཚེས་གཅིག་ནས་བཟུང་། མྱ་ངན་གྱི་ལོ་གསར་གཞི་རྒྱ་ཆེ་ཞིང་བརྒྱུན་རིང་པོས། འཛམ་གླིང་མི་དམངས་སེམས་འགུལ་ཐེབས་པ་ཞིག ལས་འགུལ་སྤེལ་དགོས་ངེས་སོ།།
ལོ་གསར་སྤྲོ་སྐྱིད་གཏོང་བའི་སྐུ་ངོ་རྒྱག་པས།།
ལོ་དང་ཟླ་བར་ཤོ་རྒྱན་མིག་མང་སྦྱང་སྦྱང་།།
ལོ་རབས་བཅུ་དགུ་ཉི་ཤུའི་དཀའ་ངལ་འཛད་མེད།།
ལོ་གསར་སྤྲོ་སྐྱིད་བཏངས་པའི་ཐོབ་འབྲས་མིན་ནམ།།
གསར་གཏོད་ལས་འགུལ་གྲགས་མེད་འགུལ་མེད་ངང་ནས།།
གསར་འགྱུར་སྙན་མོ་ཞིག་གི་གཏམ་འཆལ་གླེང་གིན།།
གསར་འབྱོར་གཞི་ཆགས་བར་གྱི་ལྟ་གྲུབ་རྩོད་ཀྱིན།།
གསར་རྙིང་ལོ་ཚིགས་བར་ནས་ཞབས་བརྟན་སྒྲུབས་ཤོག།
རྒྱ་འདྲེ་ཚང་གི་འདོད་ཐོག་དང་བསྟུན་ན། ལོ་གསར་རྒྱས་སྤྲོས་བྱོས།
བོད་མིའི་དཀའ་སྡུག་སེམས་ན། སྤུན་ཟླ་དང་སྐྱིད་སྡུག་མཉམ་མྱོང་བྱོས།
ད་ལོའི་ལོ་གསར་གཏོང་དང་མི་གཏོང་དེ་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བཀའ་གསུང་ལ་སྒུག་དགོས་པ་ཞིག་མ་རེད། སོ་སོ་སྒེར་ངོས་ནས་ལོ་གསར་གཏོང་འདོད་ཡོད་མཁན་ཞིག་ཡིན་དུས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེག་གཏོང་བཞིན་པ་དེ་དག་ཐོག་སེམས་ཚོར་སྤུ་ཙམ་ཡང་མེད་སོང་བི་རྟགས་ཤིག་རེད། ང་རང་གི་བསམ་པར་ལོ་གསར་མི་གཏོང་བར་དེའི་ཚབ་ཏུ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་དགོས་ཀྱི་འདུག