མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་བསྲེཊ་ལས་འགུལ་མཚམས་མི་ཆད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ཡང་བསྐྱར་རང་སྲེག་གི་མེ་ལྕེ་མཆེད་བྱུང་། ཉེ་བའི་ཆར་རྒྱ་གཞུང་གིས་དཔའ་བོ་དཔའ་མོ་ཚོའི་ཐད་བཀའ་རྒྱ་འདྲ་མིན་བཏང་ཞིང་བྱ་སྤྱོད་འདྲ་མིན་སྤེལ་ཡོད་པ་དང་། གཞུང་ཕྱོགས་ནས་ཀྱང་མེར་བསྲེགས་མཚམས་བཞག་ཡོད་རབས་དང་། དེའི་སྐོར་གྱི་མཚན་གནས་རྗེས་འབྲེལ་ཚང་མ་འཛིན་བཟུང་དང་གཅར་བརྡུང་། ཆད་པ་བཅད་པ། གསང་གནས་འཚོལ་མཁན་ལ་དངུལ་འབོར་ཆེན་གྱི་བྱ་དགའ་ཡོད་རབས་ཀྱི་གསལ་བསྒྲགས་སོགས་བྱས་ནས་འདྲེ་ཉལ་བ་ཕག་གིས་འདྲོགས་སློང་བའི་དཔེ་དེ་བྱས་ཡོད། དེ་བས་ཀྱང་བོད་ནང་གི་ལས་འགུལ་ཆེ་ཕྲ་ཆུང་གསུམ་དང་ལྷག་དོན་དུ་མེར་བསྲེགས་ཀྱི་ལས་འགུལ་འདི་ཏཱ་ལའི་རུ་ཚོགས་ཀྱི་ངན་སྐུལ་ཡིན་རབས་གསར་གནས་གང་སར་ཕུ་བསྒྲགས་མདའ་བསྒྲགས་བྱས་པས་༸བོད་མི་རིགས་ཀྱིས་བཟོད་མི་ཐུབ་པར་གྱུར་ཡོད།
འཇར་མན་གྱི་མོ་ནེ་ཆིའེ(Munich)ནཱ་ཙིའི་བཙོན་ར་ཆེན་མོའི་གྱང་རོའི་སྒོ་འགྲམ་ན། “གལ་ཏེ་སྲིད་གཞུང་གིས་དཔེ་ཆ་སྲེག་འོང་དུས། ངེས་པར་གདོང་དུ་ལངས་ཏེ་སྔོན་འགོག་བྱ་དགོས། དེ་ལྟར་མ་བྱས་ཚེ། དེའི་འཕྲོ་ནས་ཁོ་ཚོས་མི་སྲེག་གི་རེད”ཅེས་བྲིས་པའི་སྐད་ཆ་ཞིག་ཡོད་པ་བཞིན། དེང་སང་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་ཀྱི་ལས་གཞི་དག་མངོན་ལྐོག་ཐམས་ཅད་ནས་རྩོམ་པའི་སྐབས་འདིར། གཞོན་སྐྱེས་དཔའ་བོ་དཔའ་མོ་ཚོས་དེ་མ་བཟོད་པར་རང་ལུས་སྐྱེས་སུ་ཕུལ་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད། དོན་དངོས་ཀྱིས་བཤད་ན། སྔ་གཞུག་ཙམ་མ་གཏོགས་རྩ་མེད་བཟོ་རྒྱུ་ནི་གདུག་རྩུབ་ཅན་གྱི་སྲིད་གཞུང་དེའི་དམིགས་ཡུལ་ཡིན་པ་ཁོང་ཚོས་སྔ་མོ་ནས་ཤེས་ཡོད་པས་ཡིན།

གང་ལྟར་སྲིད་གཞུང་གི་ངོས་ནས་བོད་མི་རེ་རེའི་རྗེས་ལ་དམག་མི་རེ་རེ་གོ་སྒྲིག་མ་བྱས་ཙམ་གྱི་དམ་དྲག་སྲིད་ཇུས་ཤིག་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཐ་ན་གཞུང་གི་གསལ་བསྒྲགས་ཀྱི་ནང་དོན་ཐད་ལ་བལྟས་ན་མེར་བསྲེགས་གནང་མཁན་དང་དེའི་མཚན་གནས་རྗེས་འབྲེལ་ཐམས་ཅད་མི་གྲལ་ལས་འཕུད་ལོས་འོང་སྙམ་པའི་སྡིགས་ར་ཞིག་སྐུལ་ནའང་། ཉིས་སྟོང་བཅུ་གསུམ་གྱི་ལོ་མགོ་འདིར། ཡང་བསྐྱར་བླ་བྲང་ཨ་མཆོག་ནས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་སྲེག་ངོ་རྒོལ་གྱི་དབུ་བསླངས་བྱུང་། དཔའ་བོ་ཁོང་གི་ཡུལ་མི་ཚོར་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཐད་ནས་བོད་རང་གི་སྲོལ་རྒྱུན་གྱི་ཆོ་ག་ལྟར་སྒྲུབ་ཏུ་མ་བཅུག་པར་བཀའ་འགོད་དམ་དྲག་ཤུགས་ཆེན་བྱས་ཡོད་ཀྱང་། མེར་བསྲེགས་ལས་འགུལ་མཚམས་མི་འཇོག་པ་ཁག་ཐེག་བྱས་ཡོད།

དགྲ་བོའི་ངོས་ནས་རང་སྲེག་ལས་འགུལ་བ་ཚོའི་ནང་མིར་སྡིགས་ར་སྐུལ་བ་དང་མི་མང་གདུང་སེམས་མཉམ་སྐྱེད་ཆེད་ནང་མིར་ཐུག་འཕྲད་བྱེད་དུ་མི་འཇུག་པ། ཆོས་ལུགས་ཀྱི་བྱེད་སྒོ་གང་ཡང་སྤེལ་དུ་མི་འཇུག་པ། མེར་བསྲེགས་གནང་མཁན་གྱི་སྐུ་ཕུང་ལ་བདག་པོ་རྒྱག་མཁན་ནམ་དེར་ཐེ་ཇུས་བྱེད་མཁན་དག་འཛིན་བཟུང་སོགས་བྱས་ཏེ། མ་འོངས་པར་མེར་བསྲེགས་གནང་བར་སྔོན་འགོག་བྱེད་ཀྱི་ཡོད་ཀྱང་། བདག་གི་ངོས་ནས་བསམ་ན། དགྲ་བོའི་དམིགས་ཡུལ་དེར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་པའི་ཉི་མ་ཞིག་ཡོད་ངེས་པ་དཔའ་བོ་ཚེ་རིང་བཀྲ་ཤིས་གཅིག་བུའི་སྟེང་ནས་གསལ་བོར་ཤེས་ཐུབ།
ཡང་གཅིག་བཤད་ན། ད་ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ཧྲིལ་བོ་འཁོར་བའི་མཛད་སྒོ་ཆེན་པོ་ཞིག་འཚོགས་རྒྱུར་སྟ་གོན་བྱེད་ཀྱི་ཡོད་ལ། ལོ་སྔོན་མ་ནས་གྲ་སྒྲིག་ཨང་གསར་བྱེད་ཀྱི་ཡོད། སྐབས་དེར་མཐའ་སྐོར་གྱི་ཡུལ་སྡེ་གཙོད་འཚོ་བ་ཉེར་གཅིག་དང་འབོ་ར་ཨ་མཆོག རྡོ་དཀར་མཛོད་དགེ་སོགས་སྔ་ལོར་མེར་བསྲེགས་གནང་མཁན་དག་གི་ས་གནས་དེ་དག་གི་ནང་དུ་མུ་མཐུད་དེ་མེར་བསྲེགས་གནང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ངེས་ཡིན། སྐབས་དེར་སྔར་ལས་ལྷག་པའི་མེར་བསྲེགས་དོན་རྐྱེན་ཚབས་ཆེན་འབྱུང་རྒྱུ་ཡིན་པ་ཚོད་དཔག་བྱ་ཐུབ།

རྒྱལ་གཅེས་དཔའ་བོ་སྔོན་མ་དག་གི་སྐབས་ཀྱི་ཉམས་མྱོང་གི་ཐད་ནས་བཤད་ན། བླ་བྲང་ཟ་ཡུས་ནང་གི་དཔའ་བོ་རྡོ་རྗེ་རིན་ཆེན་མེར་བསྲེགས་སྐབས་མི་མང་དང་དྲག་དམག་གིས་སྐུ་ཕུང་འཕྲོག་རྩོད་ཀྱིས་གདོང་ཐུག་དྲག་པོ་ཞིག་བྱུང་བ་དང་། མཐའ་མར་མི་མང་གིས་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད། དགོན་པའི་རྒྱབ་ལོགས་ཀྱི་དུར་ཁྲོད་དུ་འཁུར་འགྲོ་བའི་སྐབས་སུ་མི་མང་གི་ཁྲོད་ནས་དཔའ་བོའི་སྐུ་ཕུང་རང་གི་ཁྱིམ་དུ་གདན་འདྲེན་ཞུ་དགོས་པ་རེད། དེ་རིང་བློ་ཐག་ཆོད་པོ་སུ་ཡོད་ན་ཤོག གལ་སྲིད་བློ་ཐག་མི་ཆོད་པ་སུ་ཡོད་ན་ཕྱི་ནུར་རྒྱོབས་ལབ་པས། གྲྭ་བཙུན་དང་ཕོ་མོ་རྒན་གཞོན་མང་བོས་དཔའ་ཁས་ལེན་གྱིས་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་ཡང་བསྐྱར་བསང་ཆུ་རྫོང་གི་ཁྲོམ་དཀྱིལ་ནས་འཁུར་འོང་སྐབས། གཞོན་སྐྱེས་ཕོ་གསར་ཁག་ཅིག་གིས་གྲི་མགོར་འཇུས་ཏེ་གཡས་གཡོན་ནས་སྲུང་སྐྱོབ་བྱས་ཡོད་པར་བརྗོད་ལ། སུ་ཞིག་གིས་སྔོན་འགོག་དང་སྐུ་ཕུང་བཙན་འཕྲོག་ལྟ་བུ་བྱས་ཚེ། ཆེས་ཡ་སྔ་བའི་དམར་དྲི་བྲོ་བའི་གཏམ་རྒྱུད་ཅིག་བྱུང་ཡོད་པ་ཐག་གིས་ཆོད་འདུག

དཔེ་འདི་བཞིན་དུ་སེམས་ཐག་ཆོད་པའི་བོད་མི་རིགས་ལ་མཚོན་ན། མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཁྱོད་ཤི་ང་ཤིའི་དུས་ཚོད་འདི་ལ། རང་གི་མངོན་འདོད་མ་འགྲུབ་བར་དུ་སུ་གང་གིས་བློས་གཏོང་གི་སྙིང་སྟོབས་དེ་གཞོམ་མི་ནུས་པ་ནི་ས་རུས་ཐང་གསལ་ཡིན། མི་སུམ་ཅུར་བསམ་པ་སུམ་ཅུའི་དཔེ་བཞིན། འུ་ཐུག་ན་དེ་བས་ཀྱང་ཚབས་ཆེ་བའི་མཇུག་འབྲས་ངན་པ་འབྱུང་སྲིད། བོད་པ་ཚོར་དྲག་སྤྱོད་ཀྱི་ཆ་རྐྱེན་མང་བོ་ཡོད་དེ། འུ་ཐུག་པ་དང་ཁོང་ཁྲོ་སློང་རྒྱུ་མང་དྲགས་ན། བོད་སར་ཡོད་པའི་རྒྱ་ནག་གི་སློབ་གྲྭ་དག་གི་ནང་དུ་མཆོངས་ནས་བྱིས་པ་ཚོ་དམར་གསོད་གཏོང་སྲིད་ལ། སྣུམ་མཛོད་དང་གལ་ཆེའི་གློག་མཛོད་དག་ཀྱང་གཏོར་སྲིད།

༢༠༡༣ ། ༡ ། ༡༥ ལ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 2

  1. འཇམ་གཅེས ། says:
    ལོ་ 13 སྔོན།

    ད་རིང་མིག་མི་འཛུམ་པའི་དཔྱད་རྩོམ་དོན་སྙིང་ལྡན་པ་དང་གནས་ལུགས་ཡོད་པ་ཞིག་སྤེལ་འདུག་པས་རྒྱབ་སྐྱོར་ཡོད། དེ་མིན་དུས་ཀུན་ཏུ་བོང་རྒན་ཁ་ཤས་ནི་ཕྱི་དགྲ་དང་ཐུག་དུས་མར་དང་། ནང་གཉེན་དང་ཐུག་དུས་ལྕགས་ཟེར་བ་ལྟར་་དུས་ཀུན་ཏུ་རང་གཞུང་དང་༧གོང་ས་མཆོག་སོགས་བྱས་པ་ཅན་གྱི་མི་སྣའི་གཅིག་མ་འགྲིག་གཉིས་མ་བྱས་རང་ཟེར་ནས་སྡུག་སྐད་རྒྱག་ཡ་དང་། ནང་ཁུལ་དཀྲུགས་ཤིང་སློང་གང་ཐུབ་བཟོ་མཁན་དག་གིས་ནི་འདི་ལྟ་བུ་ཞིག་བློ་ཡུལ་དུ་ཡང་ཤར་མ་མྱོང་བ་ཞིག་རེད་འདོད་

    Reply
  2. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དྲ་གྲོགས་མིག་མི་འཛུམ་ལགས། ཡུན་རིང་མ་མཇལ་སྐུ་ཁམས་བཟང་ལགས་སམ།
    རེད་ཡ། མི་འུ་ཐུག་ན་ག་རེ་ཡིན་ཡང་བྱེད་སྲིད་པ་རེད། འོན་ཀྱང་བོད་མི་རིགས་འདི་བྱམས་སྙིང་རྗེ་དང་ལྷ་ཆོས་རིང་ལུགས་ལྟ་གྲུབ་ཀྱི་སློབ་གསོ་མང་དྲག་པ་མིན་དྲོ། རེད་དེ་ཁ་ནང་ལ་བསྐོར་ཡོང་དུས་དཔའ་དམ་བཤམས་རྒྱུར་ཐེ་ཚོམས་ཅི་ཡང་མི་འདུག། དེས་ན་སྐུ་ཉིད་ཀྱིས་དངོས་ཐོག་བདེན་འཚོལ་གྱི་གཏམ་དེར་ཁ་རྩེར་བྱང་སེམས་འཁྱེར་ནས་ཁོག་ནང་ཞེ་སྡང་མེ་ལྟར་འབར་བའི་གཟན་ཤམ་གྱོན་པའི་བོང་བུ་རྨིག་རྩེ་མ་དེ་ཚོས་རྒོལ་རྒྱུ་གདོན་མི་ཟའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese