མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༢༦ པ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འདི་འགར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ཉེར་དྲུག་པ་མགོ་འཛུགས་གནང་འདུག

ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༢ ཉིན་བར་དུས་ཡུན་བདུན་ཕྲག་གཅིག་ཙམ་རིང་། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་༼སེམས་དང་སྲོག་གི་བགྲོ་གླེང་༽ ཚོགས་འདུ་ཐེངས་ ༢༦ པ་འཚོགས་བཞིན་ཡོད་འདུག་ལ། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཨ་རི་དང་ཡུ་རོབ། རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཚན་རིག་པ་དང་ཆེད་ལས་མཁས་པ་ ༧༠ ཙམ་དང་། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་གཡུང་དྲུང་བོན་བཅས་ཀྱི་བླ་སྤྲུལ་དགེ་བཤེས་དང་། དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་ཚོགས་ཞུགས་པ་ ༡༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་གདན་ས་འབྲས་སྤུངས་དགོན་པ་ནི་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཆགས་ཡོད་པ་དང་། ཐེངས་འདིར་ཕྱི་རོལ་རྒྱང་འཕེན་པ་སྐོར་ཞིག་སྐད་བཏང་སྟེ་ལྟ་གྲུབ་བགྲོ་གླེང་གནང་བཞིན་ཡོད་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། དང་ཐོག་ཁོང་གིས་ཚན་རིག་པར་འབྲེལ་བ་བྱེད་སྐབས་ཕྱི་རྒྱལ་ངོ་ཤེས་རེ་ཟུང་གིས་ཚན་རིག་པར་འབྲེལ་བ་བྱས་ན་ནང་ཆོས་ལ་ཉེན་ཁ་འཕྲད་སྲིད་སྐོར་བཤད་མྱོང་ཡང་། ནང་ཆོས་ཀྱིས་ཀྱང་ཚན་རིག་ལྟར་བདེན་པ་དངོས་འཚོལ་གྱི་ཡོད་སྟབས་ཉེན་ཁ་དང་དཀའ་ངལ་གང་ཡང་འཕྲད་མེད་ལུགས་དང་། གཟུགས་ཅན་གྱི་ཆོས་ལ་ཚན་རིག་པས་འགྲེལ་བཤད་བརྒྱབ་པ་ཧ་ཅང་ཞིབ་ཚགས་དང་། ལྷག་པར་དུ་ཚན་རིག་འཕྲུལ་ཆས་ཐོག་གཟུགས་ཅན་ལ་ལྟ་སྐབས་རྫས་ཕྲ་མོ་རྣམས་སྐད་ཅིག་སྐད་ཅིག་ལ་གཡོ་འགུལ་ཐེབས་བཞིན་པ་མངོན་སུམ་གྱིས་མཐོང་ཐུབ་ཅིང་། སེམས་ཀྱི་རྣམ་རྟོག་འདྲ་མིན་ཐོག་སེམས་ནང་ཞི་བདེ་ཡོང་ཐུབ་མིན་ཐོག་ནང་ཆོས་ལས་གསུངས་པའི་འགྲེལ་བཤད་རྣམས་ཞིབ་ཚགས་ཡོད་སྟབས། ནང་ཆོས་དང་ཚན་རིག་བར་བགྲོ་གླེང་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ་ནན་གསུངས་གནང་འདུག

སྐབས་དེར་༸གོང་ས་མཆོག་གིས་མུ་མཐུད་དུ་ནང་ཆོས་དང་ཚན་རིག་བར་ལྟ་གྲུབ་བགྲོ་གླེང་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་རུང་། ཁོང་གི་གྲོགས་པོ་ཚུད་པའི་ཚན་རིག་པའི་ཁྲོད་སོ་སོའི་ངོས་ནས་འགྲོ་བ་མིའི་སེམས་ཀྱི་རྣམ་རྟོག་སྐོར་ཞིབ་འཇུག་གནང་བཞིན་དུ་སེམས་ནང་ད་དུང་སེམས་ཁྲལ་གྱིས་ཁེངས་བསྡད་ཡོད་ཚུལ་དང་། ཚན་རིག་པ་རྣམས་བདེ་སྡུག་མྱོང་ཚོར་སྐོར་རྒྱུས་མངའ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་སྔོན་ལ་སོ་སོའིོ་སེམས་ཞི་བདེ་བཟོ་དགོས་སྐོར། ཁོང་ཆུང་དུས་ནས་ཚན་རིག་ལ་དོ་སྣང་ཡོད་ཀྱང་དུས་ཚོད་མང་ཆེ་ཤོས་བྱང་ཆུབ་སེམས་དང་སྟོང་པ་ཉིད་སྒོམ་རྒྱུ། ནང་པའི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱས་ཏེ་བསྐྱལ་ཡོད་པ་ལྟར། གདན་ས་ཁག་གཙོས་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་ཀྱང་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱ་རྒྱུར་གཞི་རྩར་བཞག་སྟེ། ཚན་རིག་ལ་ཞོར་འཕྲོས་ཀྱི་དོ་སྣང་དང་སློབ་སྦྱོང་བྱས་ན་འགྲིག་གི་ཡོད་སྐོར་གསུངས་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ཚན་རིག་པ་དང་ཆེད་ལས་མཁས་པ་ ༧༠ ཙམ་དང་། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་གཡུང་དྲུང་བོན་བཅས་ཀྱི་བླ་སྤྲུལ་དགེ་བཤེས་དང་། དགོན་སྡེ་ཁག་གི་སྐུ་ཚབ་བཅས་ཁྱོན་ཚོགས་ཞུགས་པ་ ༡༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག ་་་ཟེར།
    ཡང་།
    གདན་ས་ཁག་གཙོས་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་ཀྱང་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱ་རྒྱུར་གཞི་རྩར་བཞག་སྟེ། ཚན་རིག་ལ་ཞོར་འཕྲོས་ཀྱི་དོ་སྣང་དང་སློབ་སྦྱོང་བྱས་ན་འགྲིག་གི་ཡོད་སྐོར་གསུངས་ཡོད་འདུག ་་་ཟེར།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཚན་རིག་གི་བགྲོ་གླེང་འདི་ཚོགས་ནས་དེ་རིང་ཉིན་གཉིས་པ་དེ་ཡིན་ས་རེད། ངས་ཁ་སང་དེ་རིང་གཉིས་ལ་ཐད་གཏོང་ནས་ཉན་པ་ཡིན། ཚོགས་ཡུལ་དེ་བློ་གླིང་འདུ་ཁང་ཡིན་མིན་དང་འབྲས་སྤུངས་བླ་སྤྱི་རེད་ཟེར་བ་སོགས་ཀྱི་སྐོར་ལ་ཁ་སང་ངོ་དེབ་ནང་དུ་རྩོད་པ་བྱེད་ཀྱིན་འདུག མཐར་འབྲས་སྤུངས་བླ་སྤྱི་ཡིན་པར་ཁ་འཆམ་སོང་།
    གསར་འགྱུར་དང་འབྲེལ་ཡོད་ཐད་གཏོང་དྲ་ཐག་འདི་གལ་ཆེན་དུ་མཐོང་ནས་མཆན་བུ་དང་སྦྲགས་འདིར་བཀོད་པ་ཡིན། སང་ཉིན་དུས་ཚོད་དགུ་བ་ནས་བགྲོ་གླེང་དབུ་འཛུགས་རྒྱུ་རེད། རྣམ་པ་ཚོར་དུས་ཁོམ་ཡོད་ཚེ་མཉམ་ཞུགས་གནང་རོགས།
    http://www.ustream.tv/dalailamaliveenglish

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese