མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རྒྱུས་ཐོག་རང་བཙན་དང་འཐབ་རྩོད་ཐད་རྒྱ་ཁོངས་ཁས་ལེན་པ་དེ་ཁྱད་མཚར་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ལོ་མང་རིང་བོད་པའི་སྲིད་དོན་ལོ་རྒྱུས་སྐོར་ལ་ཉམས་ཞིབ་གནང་མཁན་ཨ་རིའི་ཨིན་ཌི་ཡ་ན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨེལ་ལི་ཁྲི་སིི་ཕེར་ལེན་ (Prof. Elliot Sperling) ལགས་སུ། བོད་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།

དྲི་བ། སྐུ་ཉིད་ཀྱིས་འདས་པའི་ལོ་མང་རིང་བོད་ཀྱི་སྲིད་དོན་ལོ་རྒྱུས་ཐོག་ལ་སློབ་སྦྱོང་དང་ཉམས་ཞིབ་གནང་བའི་དགོས་པ་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།

ལན། དེ་ལ་རྒྱུ་མཚན་དམིགས་བསལ་མེད། བོད་ཡང་འཛམ་གླིང་མི་མང་སྤྱི་དང་གཅིག་འདྲ་རེད། བོད་པའི་ལོ་རྒྱུས་ཀྱང་འཛམ་གླིང་མི་མང་གི་ལོ་རྒྱུས་དང་གཅིག་པ་རེད། དེར་བརྟེན། ངས་བོད་པའི་ལོ་རྒྱུས་སྐོར་ལ་ཉམས་ཞིབ་བྱས་པ་དེ་ང་རང་གི་སློབ་སྦྱོང་རེད། དེ་མ་གཏོགས་བོད་པ་ཆོས་ལྡན་གྱི་རྒྱལ་ཁབ་ཡིན་པ་དང་། བོད་པ་འཛམ་གླིང་ནང་གཞན་དང་མ་འདྲ་བ་ཞིག་ལ་མཐོང་བ་དེ་འདྲ་མ་རེད།

དྲི་བ། ལོ་འདི་འགར་ཉིད་ཀྱིས་བོད་རང་བཙན་སྐོར་ཤུགས་ཆེ་ཙམ་ལབ་གླེང་གནང་གི་ཡོད་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་དབུ་མའི་ལམ་གྱི་ཐ་སྙད་དེར་ང་རང་དགའ་བོ་མེད། དབུ་མའི་ལམ་གྱི་ཐ་སྙད་དེ་མི་མང་པོས་ཆོས་འདྲ་བོ་ཞིག་ལ་ཚོར་གི་ཡོད་པ་རེད། དབུ་མའི་ལམ་མི་དགོས་ཞེས་ལབ་ཐུབ་རྒྱུ་ཁག་པོ་རེད། དབུ་མའི་ལམ་ཡིན་ཟེར་མཁན་ཚོས་ཀྱང་། གནའ་སྔ་མོ་བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པ་དང་། རང་བཙན་དེ་གལ་ཆེན་པོ་ཡིན་པ་རྗོད་ཀྱི་ཡོད། ཡིན་ནའང་ད་ལྟའི་གནས་སྟངས་ལ་བལྟས་ཏེ་རང་བཙན་རྩོད་ཀྱི་མེད་ཟེར་གི་ཡོད་པ་རེད། དེ་འདྲ་ཞིག་ག་བ་ཡོད་པ་རེད། བོད་རང་བཙན་དགོས་དང་མི་དགོས་ངས་ལབ་མི་ཐུབ། ང་རང་བོད་པ་མིན་སྟབས་ངས་ལབ་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། ཡིན་ནའང་། བོད་དོན་དེ་བོད་མིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཐོག་ནས་ཐག་གཅོད་བྱེད་དགོས་པ་རེད། བོད་རྒྱ་ཁོངས་ནས་འདུག་རྒྱུ་ཡིན་ནམ། ཡང་ན་རང་བཙན་དང་ལྡན་པའི་རྒྱལ་ཁབ་ཅིག་གི་ཐོག་ནས་འདུག་རྒྱུ་ཡིན། བོད་པ་ཚོར་རང་དབང་དང་དྲང་བདེན་གྱི་སྒོ་ནས་སྐད་ཆ་དྲིས་པ་ཡིན་ན། ངས་ལྟ་ན་ཁོ་ཚོས་ལན་ཕྱི་མ་དེ་འདེམས་ཀྱི་རེད། བརྟག་དཔྱད་ཡག་པོ་བྱས་ཏེ་ཐ་སྙད་ཏག་ཏག་ཅིག་བེད་སྤྱོད་བྱ་དགོས་པ་རེད།  རྒྱ་ཁོངས་བྱེད་དགོས་ཀྱི་ཡོད་པ་དང་རྒྱ་ཁོངས་བྱེད་དགོས་ཀྱི་མེད་པ་ལ་ལན་འདེབས་དགོས་པ་རེད། 

དྲི་བ། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་རྩ་དོན་ཐོག་ལས་འགུལ་སྤེལ་ཕྱོགས་ཐོག་དགོངས་འཆར་གང་འདྲ་ཡོད་དམ།

ལན། འཐབ་རྩོད་བྱེད་ཕྱོགས་ཀྱི་ཐོག་ནས་ཁ་ཤས་ཀྱིས་དྲག་ཤུགས་བེད་སྤྱོད་གཏོང་དགོས་པར་འདོད་པ་དང་། ཡང་ཁ་ཤས་ཀྱིས་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱེད་དགོས་པར་འདོད་ཀྱི་ཡོད། ང་རང་གིས་འཚེ་མེད་ཞི་བའི་ལས་འགུལ་གལ་ཆེ་ཤོས་སུ་མཐོང་གི་ཡོད། རྒྱ་གར་རང་བཙན་གྱི་འཐབ་རྩོད་དེ་འཚེ་བ་མེད་པའི་ལས་འགུལ་ཐོག་ནས་གནང་བ་རེད། ཡིན་ནའང་། དེ་དུས་དང་གནས་སྟངས་ཅུང་འདྲ་བ་མ་རེད། དབྱིན་ཇི་དེ་དམངས་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། འཐབ་རྩོད་ཀྱི་ཕྱོགས་ནས་དབྱིན་ཇི་ཁོ་རང་ཚོས་ཀྱང་དམངས་གཙོ་དང་བསྟུན་པ་བྱེད་དགོས་ཀྱི་ཡོད། རྒྱ་ནག་དམངས་གཙོའི་རྒྱལ་ཁབ་མ་རེད། མ་གཞི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་སྣ་ཚོགས་ཡོད་ཀྱང་། བོད་པ་ཚོས་སོ་སོ་ལ་འཚམ་པའི་ལས་ཀ་བྱེད་ཕྱོགས་གཏན་འབེབས་བྱ་དགོས་པ་རེད། 

དྲི་བ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ད་ལྟའི་གནས་སྟངས་ལ་གཞིགས་པ་ཡིན་ན། བོད་རང་བཙན་རག་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དེར་དགོངས་ཚུལ་གང་འདྲ་ཡོད།

ལན། རང་བཙན་འཐབ་རྩོད་བྱེད་རྒྱུ་དེ་ཁག་པོ་རེད་ཟེར་ནས་གཡུགས་བཞག་ན། ལོ་རྒྱུས་ཀྱི་ངོས་ནས་དྲང་བདེན་ཆགས་ཡོད་པ་མ་རེད། འཐབ་རྩོད་ཚང་མ་ཁག་པོ་ཡོད་པ་རེད། མི་རིགས་ཀྱི་འཐབ་རྩོད་ལ་དུས་རབས་དང་མི་རབས་མང་པོ་དགོས་པ་རེད། འཛམ་གླིང་ཐོག་གི་མི་རིགས་ཀྱི་འཐབ་རྩོད་གང་ཞིག་ཡིན་རུང་ལས་སླ་པོས་འགྲུབ་སོང་བ་དེ་འདྲ་ཡོད་པ་མ་རེད། འཐབ་རྩོད་ཟེར་དུས་ཐ་སྙད་རང་ངོས་ནས་ཀྱང་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་ཞིག་བསྟན་ཡོད། མི་རབས་སྔ་མའི་འཐབ་རྩོད་ག་རེ་བྱས་འདུག ད་ལྟའི་མི་རབས་འདིས་ག་རེ་བྱེད་དགོས་ཀྱི་འདུག མི་རབས་རྗེས་མར་ཇི་ལྟར་རྩིས་སྤྲོད་རྒྱུ་ཡིན་པ་སོགས་ལ་བསམ་བློ་གཏོང་དགོས་པ་རེད།

མདོར་བསྡུས་ནས་བཤད་ན། ཁྱེད་རང་ཚོ་འཛམ་གླིང་མི་མང་དང་གཅིག་པ་རེད། མི་རེད། ཐོབ་ཐང་གཅིག་པ་ཡོད་དགོས་པ་རེད། ཁྱེད་རང་ཚོ་ཆོས་ལྡན་གྱི་མི་རིགས་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་པ་ལྟར་གཞན་དོན་ལ་སོ་སོའི་འདོད་པ་དང་འདུན་པ་གཡུགས་དགོས་པ་ཞིག་མ་རེད། ཁྱེད་རང་ཚོར་སོ་སོའི་རྒྱལ་ཁབ་དང་རང་དབང་དགོས་པ་རེད། སོ་སོའི་ནང་མི་དང་མཉམ་དུ་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་རོལ་རྒྱུའི་འདུན་པ་དེ་ཡོད་དགོས་པ་རེད།

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་སྒེར་གྱི་ལྟ་བ་ལངས་ཕྱོགས་མཁྲེགས་པོ་བྱེད་མཁན་ཚོར་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲོད་པ་དང་གླེང་ཕྱོགས་འདྲ་མིན་ཡོང་གི་ཡོད་པའི་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ། 

ལན། དེ་ནི་སྤྱི་ཚོགས་ནང་ལོགས་ཀྱི་འཐབ་རྩོད་ཅིག་རེད། ངས་བོད་པའི་སྤྱི་ཚོགས་ནང་ལོགས་ཀྱི་འཐབ་རྩོད་ལ་ཇུས་གཏོགས་བྱེད་ཀྱི་མེད། ང་བོད་པ་མིན། སྤྱི་ཡོངས་ནས་བལྟས་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཅིག་རེད། ཐོབ་ཐང་དེ་མི་ཚང་མ་འདྲ་མཉམ་གྱིས་ཡོད་དགོས་པ་ཞིག་རེད། བོད་པའི་འཐབ་རྩོད་དེ་དྲང་བདེན་ཡིན་དང་མིན། བོད་རྒྱ་ཁོངས་ཡིན་ལབ་ན་དྲང་བདེན་ཡིན་དང་མིན་སྐད་ཆ་འདྲི་དགོས་པ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ངོས་ལེན་ཡོད་ན། ད་ལྟ་བོད་རང་བཙན་ལབ་མི་ཆོག ལྟ་བ་མ་འདྲ་བ་འཁྱེར་མི་ཆོག་ཟེར་ན་ཁྱད་མཚར་རེད། དེ་འདྲ་ཞིག་རིག་པའི་གཞུང་ལུགས་གང་གི་ཐོག་ནས་ཀྱང་སྒྲུབ་བྱེད་འགྲོ་གི་མ་རེད། 

དྲི་བ། བོད་མི་མང་པོ་ཞིག་གིས་ད་ལྟའི་ཆར་རང་བཙན་འཐབ་རྩོད་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་མིན་ལ་བློ་དོགས་བྱེད་ཀྱི་ཡོད་པའི་ཐད་བསམ་ཚུལ་ག་རེད་ཡོད།

ལན། དེ་གཙོ་བོ་སོ་སོར་རག་ལས་ཡོད་པ་རེད་མ་གཏོགས། གཞན་པས་རོགས་རམ་བྱེད་ཀྱི་མ་རེད། དེ་གསལ་པོ་རེད། རྒྱལ་སྤྱིའི་ཐོག་གི་རྒྱབ་སྐྱོར་ཁྱོད་རང་ཚོས་མེད་པ་བཟོས་པ་རེད། ཁྱོད་རང་ཚོས་ང་ཚོས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་གཞུང་གི་འོག་ནས་འདུག་རྒྱུ་ཡིན། རྒྱ་ནག་གི་འོག་ནས་ཁེ་ཕན་མང་བ་རག་གི་རེད་ལབ་བསྡད་ན། ཕྱི་ལོགས་ཀྱི་མི་མང་པོ་ཞིག་གིས་བོད་སྐོར་ཞེ་དྲག་ཤེས་ཀྱི་མེད་དུས། བོད་མི་ཚོས་རྒྱ་ཁོངས་ནས་འདུག་རྒྱུ་ཡིན་ལབ་ཀྱི་འདུག དེ་རྒྱ་ནག་ནང་ལོགས་ཀྱི་གནད་དོན་རེད། དེ་འཐབ་རྩོད་མ་རེད་ཟེར་ནས་རོགས་རམ་བྱེད་མཁན་ཡོང་གི་མ་རེད། དེ་ལ་ཇུས་གཏོགས་བྱེད་མཁན་རག་གི་མ་རེད། སོ་སོ་རང་ངོས་ནས་ལ་རྒྱ་མེད་ན། ཕྱི་ལོགས་གི་མིས་ཀྱང་ཆ་འཇོག་དང་གུས་ཞབས་ཡོང་གི་མ་རེད།

དྲི་བ། བོད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་དམིགས་ཡུལ་ལངས་ཕྱོགས་ཐོག་འགྱུར་བ་ཁ་ཤས་ཕྱིན་པ་དེ་རྒྱལ་ཁ་དང་ཕམ་ཁ་གང་ལ་ངོས་འཛིན་གནང་གི་ཡོད་དམ།

ལན། སྔོན་ཆད་བོད་པས་དོན་ཚན་བཅུ་བདུན་གྱི་གྲོས་དོན་དེ་ལ་ས་རྟགས་བརྒྱབ་པ་དེས་རྒྱ་ཁོངས་ཡིན་པ་ཁས་བླངས་པ་རེད། ༡༩༥༩ ལོར་རྒྱ་ནག་རང་གིས་གྲོས་དོན་དེ་ལ་རྒྱབ་འགལ་བྱས་པ་རེད། བོད་པ་ཚོས་ཀྱང་ང་ཚོ་རང་བཙན་ཡིན། གྲོས་ཆོད་དོན་ཚན་བཅུ་བདུན་ནི་བཙན་དབང་འོག་ནས་བཞག་པ་རེད་ལབ་ཡོད། དེ་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོས་ངོས་འཛིན་གནང་གི་ཡོད་པ་རེད། ད་ལྟ་བོད་གཞུང་གིས་ཡང་བསྐྱར་ང་ཚོ་རྒྱ་ཁོངས་ཡིན་ཟེར་གྱི་ཡོད། འཛམ་གླིང་མི་མང་གིས་ཐེངས་ག་ཚོད་ཅིག་ལ་བོད་པའི་ཡར་བཤད་མར་བཤད་ཚང་མར་གདེང་འཇོག་བྱེད་ཐུབ་ཀྱི་རེད། གལ་སྲིད་རྒྱ་ནག་གི་ཆ་ཤས་ཆགས་རྗེས་སྡུག་ཅག་ཆགས་ཡོང་དུས། ཡང་བསྐྱར་ང་ཚོར་རང་བཙན་དགོས་ཀྱི་ཡོད་ལབ་པ་ཡིན་ན། མི་མང་པོས་ཡིད་ཆེས་གནང་གི་མ་རེད། དེར་བརྟེན། བོད་མི་ཚོས་གོམ་པ་སྤོ་ས་དེ་ནོར་ཉན་གི་མ་རེད།

དྲི་བ། རྒྱལ་སྤྱིའི་ཐོག་གི་མཁས་དབང་དང་ཆབ་སྲིད་དབྱེ་ཞིབ་པ་བློ་གཟུ་བོར་གནས་པ་ཚོས་བོད་དོན་ཟེར་དེ་གང་འདྲ་ཞིག་ལ་ལྟ་བཞིན་ཡོད་དམ། 

ལན། ལོ་རྒྱུས་ཀྱི་གནས་སྟངས་ཐོག་ནས་ག་འདྲ་ཡིན་མིན་དེ། དུས་རབས་བཅོ་བརྒྱད། བཅུ་དགུ། ཉི་ཤུ་བཅས་ཀྱི་ནང་བོད་གཞུང་གིས་འཛམ་གླིང་ཡུལ་ཕྱོགས་སོ་སོར་གནས་ཚུལ་ག་རེ་བྱུང་བཞིན་པ་གསལ་པོ་ཤེས་ཀྱི་ཡོད་པ་མ་རེད། གནའ་སྔ་མོ་བཙན་རྒྱལ་རིང་ལུགས་པའི་དུས་སྐབས་ལ། དབྱིན་ཇི་བཙན་རྒྱལ་རང་ལུགས་པ་དང་། ཧྥ་རན་སི་བཙན་རྒྱལ་རིང་ལུགས་པ། ཉི་ཧོང་བཙན་རྒྱལ་རང་ལུགས་པ་ཁོང་ཚོ་ནི། མི་རིགས་མང་པོ་ཡོད་པའི་བཙན་རྒྱལ་རིང་ལུགས་པ་ནང་བཞིན་ཡོད་པ་མ་རེད། རྒྱ་ནག་གིས་ཁྱེད་རང་ཚོ་ཚང་མ་ཀྲུང་གོ་རང་རེད་རྗོད་ཀྱི་ཡོད་སྟབས། ཁོང་ཚོས་མི་རིགས་ཀྱི་ས་མཚམས་དེ་གང་བྱུང་མང་བྱུང་བྱས་ཡོད། དཔེར་ན། དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱེད་དུས། དབྱིན་ཇིས་རྒྱལ་ཁབ་དེ་དབྱིན་ཇི་མི་རིགས་རང་རེད། རྒྱ་གར་དབྱིན་ཇི་མི་རིགས་མ་རེད་དབྱིན་ཁོངས་རེད། རྒྱ་གར་གྱི་མི་རིགས་ངོས་འཛིན་ལ་རྙོག་དྲ་ཡོད་པ་མ་རེད། དབྱིན་ཇིས་རྒྱ་གར་བཙན་འཛུལ་འོག་ཡོད་པ་ཁས་ལེན་གྱི་རེད། རྒྱ་ནག་གིས་ཐ་སྙད་ཀྱི་ཐོག་ནས་འཛམ་གླིང་ལ་མགོ་སྐོར་བཏང་སྟེ་ཁོངཚོ་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་ལབ་ཀྱི་ཡོད་པ་རེད། བོད་གཞུང་གིས་འཛམ་གླིང་གི་གནས་ཚུལ་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། བཙན་རྒྱལ་རིང་ལུགས་པ་ཚོས་གནས་ཚུལ་ག་རེ་བྱུང་བ་དེ་ཤེས་ཀྱི་ཡོད་པ་མ་རེད།

དྲི་བ།  འདས་པའི་ལོ་རྒྱུས་ཁྲོད་བོད་དང་རྒྱལ་ཁབ་གཞན་པའི་བར་ཆིངས་ཡིག་ཁག་ཅིག་བཞག་ཡོད་པ་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་གང་འདྲ་ཡོད་དམ།

ལན། འཛམ་གླིང་རྒྱལ་ཁབ་གཞན་པ་དེ་ཚོས། ཆིངས་ཡིག་དེ་གལ་ཆེན་པོ་རེད་ཟེར་ནས་ཁས་ལེན་གྱི་མ་རེད། ཡིན་ནའང་། བོད་སོག་གི་ཆིངས་ཡིག་དེ་ ༡༩༡༣ ལོར་བོད་དང་སོག་ཡུལ་ཕན་ཚུན་རང་བཙན་གྱི་རྒྱལ་ཁབ་ཡིན་པ་ཁས་བླངས་ཡོད་པ་རེད། སིམ་ལའི་ཆིངས་ཡིག་དེར་རྒྱ་ནག་གིས་ས་རྟགས་བརྒྱབ་མེད་སྟབས་བོད་དང་རྒྱ་ནག་བར་གྱི་ཆིངས་ཡིག་ཆགས་མེད། ཆིངས་ཡིག་དེའི་ནང་དམིགས་བསལ་བོད་རང་བཙན་གྱི་ཐ་སྙད་ཀྱང་བེད་སྤྱོད་བྱས་མེད། ཆིངས་ཡིག་དེར་དབྱིན་ཇུ་དང་རྒྱ་གར་རྒྱབ་རྟེན་ལྟ་བུ་ཆགས་བསྡད་ཡོད། རྒྱ་གར་ལ་སྙན་པོ་ཡོད་པ་རེད། ཆིངས་ཡིག་དེའི་ནང་ཨ་རི་ཎ་ཅལ་མངའ་སྡེའི་ས་མཚམས་སོགས་ཚུད་ཡོད། རྒྱ་གར་ལ་དཀའ་ངལ་ཅིག་ཡོད་པ་ནི། ཕྱོགས་གཅིག་ནས་ཁོ་ཚོས་ཨ་རི་ཎ་ཅལ་མངའ་སྡེ་ས་མཚམས་ཆིངས་ཡིག་དེའི་ཐོག་ནས་ཁས་ལེན་གྱི་རེད། བོད་དང་རྒྱ་ནག་གི་འབྲེལ་བ་ཆིངས་ཡིག་དེའི་ཐོག་ནས་ཁས་ལེན་གྱི་ཡོད་པ་མ་རེད། ཆིངས་ཡིག་དེའི་ནང་རྒྱ་ནག་གིས་ས་རྟགས་བརྒྱབ་མེད་སྟབས། ཁོ་ཚོར་ཆིངས་ཡིག་དེའི་ཐོག་ནས་ཐོབ་ཐང་གང་ཡང་རག་གི་ཡོད་པ་མ་རེད། 

དྲི་བ།  མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་རང་བཙན་དང་དབུ་མ། ཡང་ན་ཁ་ཕྱོགས་གཞན་གང་འདྲ་ཞིག་ལ་འགྱུར་སྲིད་པར་མཐོང་གི་ཡོད་དམ། 

ལན། ང་ཚོ་ཚང་མས་དྲང་བདེན་དང་མཐུན་པ་བྱེད་དགོས་ཀྱི་ཡོད་པ་རེད། གཅིག་བྱས་ན་བོད་པར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རག་གི་རེད། གཅིག་བྱས་ན་རྩ་བ་ཉིད་ནས་རག་གི་མ་རེད། འདས་པའི་ལོ་རྒྱུས་ཀྱི་ཐོག་ལ་འཛམ་གླིང་ཐོག་རྒྱལ་ཁབ་མང་པོ་འཐོར་ཞིག་ཏུ་སོང་རྗེས་སླར་གསོ་བྱུང་ཡོད་པ་མ་རེད། དེར་བརྟེན། ཁྱོད་རང་ཚོར་མ་འོངས་པར་རེ་བ་ཡོད་མེད་བཤད་ཁག་པོ་རེད། ང་ནི་མངོན་ཤེས་ཅན་ཞིག་མིན། མ་འོངས་པ་དེ་ངས་བཤད་ཤེས་ཀྱི་མེད། ད་ལྟ་ག་རེ་བྱེད་དགོས་ཀྱི་འདུག་དེ་གལ་ཆེན་པོ་རེད། གལ་སྲིད། མ་འོངས་པར་རེ་བ་མེད་པ་ཆགས་ཀྱང་ལོ་རྒྱུས་ཐོག་དྲང་བདེན་དང་འགལ་འོས་པ་ཞིག་མ་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་ལ་རྩོད་གླེང་ཡོད་པ་མ་རེད། ད་ལྟ་མི་ཁ་ཤས་ཀྱིས་འཐབ་རྩོད་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པ་ཁས་ལེན་དང་། ལོ་རྒྱུས་ཐོག་རང་བཙན་ཡིན་པ་དེ་ཁས་ལེན་གྱི་ཡོད། དེ་ཁྱད་མཚར་རང་རེད། 

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་གསར་ཤོག་ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 15

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ ཁྱོད་ནི་དེ་ལ་བལྟས་ནས་སེམས་ནས་གང་དྲན་ཁ་ནས་བཤད་མཁན་ཞིག་རེད། ཆོས་ཡིན་ཡང་ཆོག འཇིགས་རྟེན་ཡིན་ཡང་ཆོག གང་ལྟར་དབུ་མའི་ལམ་གྱི་སྲིད་ཇུས་ལས་དགེ་མཚན་ཆེ་བ་ཞིག་བོད་པ་ཚང་ལ་དུས་ནམ་ཡང་མི་འཚམས། དེ་ལས་རང་ཚུགས་མ་ཤོར་བ་བྱོས་ཤིག ། ་་་་་་ཟེར།

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 13 སྔོན།

    ད་ལྟ་བོད་གཞུང་གིས་ཡང་བསྐྱར་ང་ཚོ་རྒྱ་ཁོངས་ཡིན་ཟེར་གྱི་ཡོད། འཛམ་གླིང་མི་མང་གིས་ཐེངས་ག་ཚོད་ཅིག་ལ་བོད་པའི་ཡར་བཤད་མར་བཤད་ཚང་མར་གདེང་འཇོག་བྱེད་ཐུབ་ཀྱི་རེད། གལ་སྲིད་རྒྱ་ནག་གི་ཆ་ཤས་ཆགས་རྗེས་སྡུག་ཅག་ཆགས་ཡོང་དུས། ཡང་བསྐྱར་ང་ཚོར་རང་བཙན་དགོས་ཀྱི་ཡོད་ལབ་པ་ཡིན་ན། མི་མང་པོས་ཡིད་ཆེས་གནང་གི་མ་རེད། དེར་བརྟེན། བོད་མི་ཚོས་གོམ་པ་སྤོ་ས་དེ་ནོར་ཉན་གི་མ་རེད།

    Reply
  3. འཇམ་གཅེས ། says:
    ལོ་ 13 སྔོན།

    ཁ་ནས་བཤད་པ་ཙམ་ལས་འགན་ཁུར་མི་དགོས་པའི་སྐད་ཆ་རང་རེད། གཞས་འཁྲབ་མཁན་དང་ལྟད་མོ་གཟིགས་མཁན་གཉིས་ཧ་ཅང་ཐ་དད་རེད། གཞས་འཁྲབ་མཁན་ནི་མགོ་ལུས་ཡོངས་རྫོགས་དངུལ་ཆུའི་ཁེངས་ནས་འཁྲབ་ཀྱི་ཡོད་པ་རེད། དེ་ལས་ལྡོག་ཏེ་གཟིགས་མོ་བ་དག་གིས་ནི་རྐུབ་སྟེབས་སྒང་དུ་རྐང་པའི་གོང་དུ་རྐང་པ་བཞག་ནས་ལྟད་མོ་ལ་རོལ་གྱི་ཡོད། ངོ་ཚོ་ནི་ཚེ་སྲོགས་ཀྱིས་འགྲོ་སོང་བཏང་མཁན་གྱི་འཐབ་རྩོད་པ་ཞིག་རེད་ལ། ཁྱོད་ནི་དེ་ལ་བལྟས་ནས་སེམས་ནས་གང་དྲན་ཁ་ནས་བཤད་མཁན་ཞིག་རེད། ཆོས་ཡིན་ཡང་ཆོག འཇིགས་རྟེན་ཡིན་ཡང་ཆོག གང་ལྟར་དབུ་མའི་ལམ་གྱི་སྲིད་ཇུས་ལས་དགེ་མཚན་ཆེ་བ་ཞིག་བོད་པ་ཚང་ལ་དུས་ནམ་ཡང་མི་འཚམས། དེ་ལས་རང་ཚུགས་མ་ཤོར་བ་བྱོས་ཤིག །

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    དྲ་གྲོགས་ཀླུ་སྨོན་གྱི་སྨྱོ་གཏམ་དེ་ཡང་ཧ་ཅང་འཐད། ཚེ་རིང་རྒྱལ་ལགས་ཀྱིས་བཅར་འདྲི་འདིར་བཏག་པའི་མིང་དེ་ཡང་ཧ་ཅང་འོས་པོ་འདུག

    Reply
  5. གངས་རྡེའུ། says:
    ལོ་ 13 སྔོན།

    མགོ་སེར་སྐད་ཆ་སྦོམ་པོ་བཤད་མཁན་ཅིག་རེད། འབྲེལ་བ་མེད་ཁུལ་བྱས་ནས་མི་དགའ་ཁུལ་ཡང་བྱས་འདུག་ལ། འཕྱ་སྨོད་ཡང་བྱས་འདུག རྡོ་དོན་ཞིབ་འཇུག་ཟེར་བའི་མིང་དེ་ཆེ་བ་ལས་ཅི་ཡང་ཤེས་མི་འདུག འདི་དག་གི་སྐད་ཆ་རྩ་འཛིན་བྱེད་ས་གང་ཡང་ཡོད་མ་རེད། དྲང་མོ་བཤད་ན་འདི་དག་གིས་ང་ཚོ་ལ་ཤ་ཚ་བའི་སྐད་ཆ་བཤད་མཁན་དཀོན་པོ་རེད། ཁོང་ཚོ་ནི་གནས་སྐབས་གནས་སྐབས་ཀྱི་སྙན་གྲགས་དང་སྒོར་མོ་ཙམ་ལས་གཞན་ཕན་ཟེར་བ་དེ་རྩ་བ་ཉིད་ནས་ཡོད་པ་མ་རེད། ཁོང་ཚོས་སློབ་ཁྲིད་ཀྱང་མཐར་གཏུགས་ན་ཨ་སྒོར་གྱི་ཆེད་ཁོ་ན་ཉིན་པ་ལས་རྒྱ་ཆེ་བའི་བསལ་བློ་གང་ཡང་མི་འདུག

    Reply
  6. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    གཟུར་གནས་དྲ་གྲོགས་རྣམས།
    གཤམ་དུ་དྲངས་བའི་བརྗོད་པ་ཁག་ཁོ་བོས་སེམས་ལ་འཐད་པའི་གཏམ་རྣམས་ཡིན། ངས་ཀྱང་དུས་རྒྱུན་དུ་འདི་ལྟར་བསམ་བཞིན་ཡོད། བརྗོད་པ་འདི་དག་ནི་བཅར་འདྲི་་འདིའི་ནང་དུ་ཐོན་པའི་མཁས་པའི་གསུང་རྙིང་པོ་དེ་ཡིན་པར་བསམ།
    “རྒྱ་ཁོངས་བྱེད་དགོས་ཀྱི་ཡོད་པ་དང་རྒྱ་ཁོངས་བྱེད་དགོས་ཀྱི་མེད་པ་ལ་ལན་འདེབས་དགོས་པ་རེད།”
    “མདོར་བསྡུས་ནས་བཤད་ན། ཁྱེད་རང་ཚོ་འཛམ་གླིང་མི་མང་དང་གཅིག་པ་རེད། མི་རེད། ཐོབ་ཐང་གཅིག་པ་ཡོད་དགོས་པ་རེད། ཁྱེད་རང་ཚོ་ཆོས་ལྡན་གྱི་མི་རིགས་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་པ་ལྟར་གཞན་དོན་ལ་སོ་སོའི་འདོད་པ་དང་འདུན་པ་གཡུགས་དགོས་པ་ཞིག་མ་རེད། ཁྱེད་རང་ཚོར་སོ་སོའི་རྒྱལ་ཁབ་དང་རང་དབང་དགོས་པ་རེད། སོ་སོའི་ནང་མི་དང་མཉམ་དུ་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་རོལ་རྒྱུའི་འདུན་པ་དེ་ཡོད་དགོས་པ་རེད།”
    “གཙོ་བོ་སོ་སོར་རག་ལས་ཡོད་པ་རེད་མ་གཏོགས། གཞན་པས་རོགས་རམ་བྱེད་ཀྱི་མ་རེད། དེ་གསལ་པོ་རེད། རྒྱལ་སྤྱིའི་ཐོག་གི་རྒྱབ་སྐྱོར་ཁྱོད་རང་ཚོས་མེད་པ་བཟོས་པ་རེད། ཁྱོད་རང་ཚོས་ང་ཚོས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་གཞུང་གི་འོག་ནས་འདུག་རྒྱུ་ཡིན། རྒྱ་ནག་གི་འོག་ནས་ཁེ་ཕན་མང་བ་རག་གི་རེད་ལབ་བསྡད་ན། ཕྱི་ལོགས་ཀྱི་མི་མང་པོ་ཞིག་གིས་བོད་སྐོར་ཞེ་དྲག་ཤེས་ཀྱི་མེད་དུས། བོད་མི་ཚོས་རྒྱ་ཁོངས་ནས་འདུག་རྒྱུ་ཡིན་ལབ་ཀྱི་འདུག དེ་རྒྱ་ནག་ནང་ལོགས་ཀྱི་གནད་དོན་རེད། དེ་འཐབ་རྩོད་མ་རེད་ཟེར་ནས་རོགས་རམ་བྱེད་མཁན་ཡོང་གི་མ་རེད། དེ་ལ་ཇུས་གཏོགས་བྱེད་མཁན་རག་གི་མ་རེད། སོ་སོ་རང་ངོས་ནས་ལ་རྒྱ་མེད་ན། ཕྱི་ལོགས་གི་མིས་ཀྱང་ཆ་འཇོག་དང་གུས་ཞབས་ཡོང་གི་མ་རེད།”

    Reply
  7. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    སློབ་དཔོན་ཆེན་མོ་ཨེལ་ལི་ཁྲི་སིི་ཕེར་ལེན་ (Prof. Elliot Sperling) ཁོང་སློབ་དཔོན་ནང་གི་ཡང་རྩེ་རེད་ཟེར་ན་མ་འགྲིག་པར་མི་འདུག ཆབ་སྲིད་ལ་མཁྱེན་རྒྱ་ཆེས་ཆེར་ཡངས་པའི་ཁོང་ལྟ་བུ། ད་བར་མཇལ་མ་མྱོང་། ཁོང་གི་བཀའ་སློབ་ལ་བོད་པ་ཚོས་ཞིབ་ཏུ་དཔྱོད་དགོས་ཀྱི་འདུག དངོས་གནས་ཉན་ཤེས་ན་གནད་དུ་འཁེལ་བ་གསུངས་འདུག ད་དུང་བཀའ་སློབ་མ་ཙམ་གནང་བའི་རེ་བ་ཆེ་པོ་ཡོད། ཁོང་ལྟ་བུ་རང་རེའི་སྤྱི་ཚོགས་ནང་དུ་ལམ་ལྟོན་གནང་མཁན་ཁ་ཤས་ཡོད་ན། ང་ཚོ་བོད་པར་ཏོག་ཙམ་རེ་བ་ཡོང་སྲིད། ཐུགས་རྗེ་ཆེ་གསར་འགོད་པ། ད་དུང་ཁོང་ལ་བཀའ་འདྲི་མང་ཙམ་གནང་སྟེ། དུས་བབ་ཐོག་ཏུ་བལྟོན་རོགས་ཞུའོ།།
    Thanks very much (Perfection Elliot Sperling) for sharing your logic and advice. your speech is really logical and truly great, we need more your advice, could you share your right opinion for us next-time please!!! Thanks.

    Reply
  8. སྐར་མདའ། says:
    ལོ་ 13 སྔོན།

    དྲང་བདེན་གཞིར་བཞག་གིས་གོ་རྒྱུ་ཅན་ཞིག་བཤད་འདུག བོད་རིགས་མང་པོར་ཕྱི་གླིང་བ་ཁོང་ནང་བཞིན་བོད་དང་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་ཡོད་ན་ཇི་འདྲའི་དགའ་བ་ལ་ཨང་། ང་ཚོ་བོད་རིགས་ཡིན་མོད་ཀྱང་སོ་སོའི་ལོ་རྒྱུས་ཀྱི་སྤྱི་ཁོག་ཙམ་ཡང་ཤེས་རྟོགས་ཡོང་གི་མེད། བོད་དོན་འཐབ་རྩོད་ཀྱི་ཐད་ནས་ཀྱང་ཡག་པོ་བརྗོད་འདུག

    Reply
  9. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    སློབ་དཔོན་ཆེན་མོ་ཨེལ་ལི་ཁྲི་སིི་ཕེར་ལེན་ (Prof. Elliot Sperling) ཁོང་སློབ་དཔོན་ནང་གི་ཡང་རྩེ་རེད་ཟེར་ན་མ་འགྲིག་པར་མི་འདུག ཆབ་སྲིད་ལ་མཁྱེན་རྒྱ་ཆེས་ཆེར་ཡངས་པའི་ཁོང་ལྟ་བུ། ད་བར་མཇལ་མ་མྱོང་། ཁོང་གི་བཀའ་སློབ་ལ་བོད་པ་ཚོས་ཞིབ་ཏུ་དཔྱོད་དགོས་ཀྱི་འདུག དངོས་གནས་ཉན་ཤེས་ན་གནད་དུ་འཁེལ་བ་གསུངས་འདུག ད་དུང་བཀའ་སློབ་མ་ཙམ་གནང་བའི་རེ་བ་ཆེ་པོ་ཡོད། ཁོང་ལྟ་བུ་རང་རེའི་སྤྱི་ཚོགས་ནང་དུ་ལམ་ལྟོན་གནང་མཁན་ཁ་ཤས་ཡོད་ན། ང་ཚོ་བོད་པར་ཏོག་ཙམ་རེ་བ་ཡོང་སྲིད། ཐུགས་རྗེ་ཆེ་གསར་འགོད་པ། ད་དུང་ཁོང་ལ་བཀའ་འདྲི་མང་ཙམ་གནང་སྟེ། དུས་བབ་ཐོག་ཏུ་བལྟོན་རོགས་ཞུའོ།།

    Reply
  10. གནས་ཚང་། says:
    ལོ་ 13 སྔོན།

    ད་དེ་ག་རང་རེད། དྲང་མོར་བཤད་འདུག་ལ། གདོང་ལྤགས་ཀྱང་བཤུས་འདུག ད་ལྟ་བོད་ལ་རྒྱབ་བསྐྱོར་རེག་གི་མེད་དོན་ནི་ཁོང་གིས་གསུང་བ་ལྟར་རང་རེད། དེ་མིན་བོད་མི་རེ་འགས་སྐད་ཅོར་རྒྱག་དོན་ཡང་རྒྱ་སྒོར་རེ་འགའ་རེག་གི་ཡོད་པས་རེད་ལ། རང་བཙན་ཁ་གཏད་ཚོགས་ཆུང་གི་རྣམ་པ་ཞིག་གྲུབ་འདུག དཔེར་ན། མི་འདི་རིགས་ལ་འགྲོ་སོང་གཏོང་དུས། སྐུ་སྒེར་ཡིག་ཚང་གི་མིང་བེད་སྤྱོད་བྱེད་ཀྱིན་པས། དྲི་བ་ཆེན་པོ་ཞིག་ཡོང་བཞིན་པ་རེད། དེ་བས། ལོ་རྒྱུས་ཀྱིས་བོད་ལ་སྐུ་རྩེད་གནང་བཞིན་པའམ། བོད་མི་ཚོས་ལོ་རྒྱུས་ལ་སྐུ་རྩེད་ཞུ་བཞིན་པ་གང་ཡིན་ཧ་གོ་ཁག་པོ་འདུག

    Reply
  11. བྱ་སྨྱོན་པ། says:
    ལོ་ 13 སྔོན།

    སྐད་ཆ་བཤད་སྟངས་ཙམ་གྱི་མ་འགྲིག་པ་ལས། རྒད་པོ་ངར་བ་ཞིག་ཡིན་ཐ།

    Reply
  12. ཀླུ་སྨྱོན། says:
    ལོ་ 13 སྔོན།

    བོད་རང་བཙན་ཞེས་པའི་ཐ་སྙད་འདིས་ཚོགས་ག་རེ་མ་བསགས་པ་ཡིན་ན། འདིའི་མིང་ནས་བཟུང་ན་རྒྱ་མི་ཕར་ཞོགས་བོད་པ་མང་པོ་ཞིག་ཀྱང་ཕ་བསད་ཀྱི་ལག་དམར་གྱི་མིང་ནས་བཟུང་བ་བཞིན་དགའ་གི་མི་འདུག

    Reply
  13. སྣང་རྒྱལ་ཤེར་དགེ says:
    ལོ་ 13 སྔོན།

    དབྱིན་ཇི་འདི་ཚོ་མཁས་མདོག་སྟོན་རྒྱུར་ཤིན་ཏུ་དགའ་སྟེ། འཇིག་རྟེན་འདིའི་སྟེང་དུ་ཁོ་ཚོ་ལས་ཤེས་རབ་ཆེ་བ་དང་ཁོ་ཚོ་ལས་རིན་ཐང་ཆེ་བ་མེད་པར་རློམ་བཞིན་ཡོད། དེ་ལྟར་ཟེར་བཞིན་ཟེར་བཞིན་ལྐུགས་རྟགས་མང་པོ་སྟོན་ཡོང་བ་མང་པོ་ཡོད་ཅིང་། ཁོ་ཡང་དེའི་གྲས་ཀྱི་གཅིག་རེད། སྐད་ཆ་འདིའི་(རྒྱ་ཁོངས་བྱེད་དགོས་ཀྱི་ཡོད་པ་དང་རྒྱ་ཁོངས་བྱེད་དགོས་ཀྱི་མེད་པ་ལ་ལན་འདེབས་དགོས་པ་རེད། )ཐོག་ནས་ཁོས་བོད་ཀྱི་ད་ལྟའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་ཞིབ་འཇུག་བྱེད་ཤེས་མེད་པ་གསལ་པོར་གྱུར་འདུག བོད་དོན་འཐབ་རྩོད་བྱེད་མཁན་སུ་ཡིན་རུང་བོད་རྒྱ་ཁོངས་བྱེད་དགོས་ཟེར་མཁན་གཅིག་ཀྱང་མེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་ལམ་འདི་ཆེས་ཐ་མའམ་སྡུག་ལ་ཐུག་པའི་ལམ་ཁ ཞིག་ཏུ་འདོད་བཞིན་ཡོད་པ་ལས་དགའ་བཞིན་སྤྲོ་བཞིན་དུ་དང་ལེན་བྱས་མེད། སློབ་དཔོན་ཆེན་མོ་བ་ཁོས་མཐོ་ས་མཐོ་ས་ཞིག་ནས་འཆད་ཁུར་བྱས་པ་ལས་མཐོ་སར་དགའ་དྲགས་ནས་གཏིང་རུམ་མཐོང་མི་འདུག དེ་བས་ཀྱང་སྐད་ཆ་འདི་(ད་ལྟ་བོད་རང་བཙན་ལབ་མི་ཆོག ལྟ་བ་མ་འདྲ་བ་འཁྱེར་མི་ཆོག་ཟེར་ན་ཁྱད་མཚར་རེད། )ཐག་རིང་ཐག་རིང་ཞིག་ནས་བལྟས་པའི་གཏམ་ལྟ་བུ་ཞིག་ཡིན་ཏེ། གཞུང་འབྲེལ་དང་གཞུང་འབྲེལ་མ་པའི་ཚོགས་པ་དང་གལ་ཆེའི་མི་སྣ་སུ་གང་གིས་ཀྱང་རང་བཙན་ལབ་མི་ཆོག་ཟེར་མྱོང་མེད། བོད་དོན་གྱི་སྐོར་ལ་འདི་འདྲ་ཞིག་ལས་རྒྱུས་མངའ་མེད་བཞིན་དུ་ད་དུང་རང་ཉིད་མཐོ་ས་མཐོ་ས་ཞིག་ཡིན་པའི་ཁུལ་གྱིས་ང་ཚོ་དམའ་ས་དམའ་ས་ཞིག་ལ་བཤད་ཁུལ་བྱས་པ་འདི་ནི་སྙིང་ན་བྱེད་ཙམ་ལས་གང་ཡང་མ་རེད། ད་དུང་ཞིབ་འཇུག་པ་ཡིན་ན་ཅིག ཧམ་གཏམ་རང་རེད།

    Reply
  14. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    Prof. འདིས་ ༼ཁྱོད་རང་ཚོར་མ་འོངས་པར་རེ་བ་ཡོད་མེད་བཤད་ཁག་པོ་རེད།༽ཅེས་བཤད་བཞྀན་དུ་ངེས་པར་ད་ལྟ་ནས་རང་བཙན་རྩོད་དགོས་པ་རེད་ཅེས་ཟེར། མགོ་སེར་ཁྱེད་ལྟ་བུ་ལ་བོད་མི་རིགས་བརླག་དང་མ་བརླག་ལ་སེམས་ཁྲལ་གལ་མེད་རུང་། ང་ཚོ་བོད་པ་ཚོས་རང་མི་རིགས་འདི་དུས་ནམ་ཡང་འཛམ་གླིང་འདིར་ཤི་བར་མི་འདོད་དོ། །ལོ་རྒྱུས་སྟེང་ཡོད་པའི་ཐོབ་ཐང་དེ་དུས་ནམ་ཡང་རྩོད་ཆོག་པའི་ཐོབ་ཐང་ཡོད་ཡོད་པ་ཡིན། ཤེས་པར་གྱིས།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་ལ་རྩོད་གླེང་ཡོད་པ་མ་རེད། ད་ལྟ་མི་ཁ་ཤས་ཀྱིས་འཐབ་རྩོད་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པ་ཁས་ལེན་དང་། ལོ་རྒྱུས་ཐོག་རང་བཙན་ཡིན་པ་དེ་ཁས་ལེན་གྱི་ཡོད། དེ་ཁྱད་མཚར་རང་རེད། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese