༸གོང་ས་མཆོག་གིས་མུམ་བྷེ་སེན་ཛེ་ཝིར་ཡི་ཤུའི་གཙུག་ལག་སློབ་གྲྭ་དང་ཇེར་པུར་རྩོམ་རིག་དུས་སྟོན་ཐོག་བཀའ་སློབ་བསྩལ་ཏེ། ད་ནངས་སྔ་དྲོ་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་ཕེབས་བསུའི་འོག་ཕྱིར་བཞུཊ་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་།
རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་གོ་སྒྲིག་ཞུས་པའི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ཉེར་དྲུག་པ་ལེགས་པར་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་མུམ་བྷེ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སེན་ཛེ་ཝིར་ཡི་ཤུའི་གཙུག་ལག་སློབ་གྲྭར་ (St Xavier’s College Mumbai) ཆིབས་བསྒྱུར་གྱིས། སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་ཚོར་དེང་དུས་ཤེས་ཡོན་སློབ་སྦྱོང་དང་ལྷན་དུ་བཟང་སྤྱོད་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བཀའ་སློབ་བསྩལ་ཡོད་འདུག
མཛད་སྒོའི་ཐོག་མར་གཙུག་ལག་སློབ་གྲྭའི་སློབ་སྤྱི་སྐུ་ཞབས་ཧྥ་རེ་ཛར་མ་སི་ཀར་རན་ཧ་སི་ (Fr Frazer Mascarenhas) ལགས་ཀྱིས། ཏཱ་ལའི་བླ་མ་མཆོག་གི་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་གོང་འཕེལ་གཏོང་ཐབས་སྐོར་གྱི་བཀའ་སློབ་དེ། ཇེ་སུ་ཊི་ (Jesuit tradition) སྲོལ་རྒྱུན་རིག་གཞུང་དང་གཅིག་མཚུངས་ཡིན་ཞིང་། ཏཱ་ལའི་བླ་མ་མཆོག་ནི་དེང་སྐབས་འཛམ་གླིང་འདིའི་སྟེང་སྐྱེས་བུ་དམ་པ་ཉུང་ཤས་ཤིག་བཞུགས་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་ཚུལ་དང་། སྐྱེས་བུ་ཆེན་པོ་འདིའི་བཀའ་སློབ་ནི་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་ཚོར་གལ་གནད་ཆེན་པོ་ཆགས་ཡོད་སྐོར་ངོ་སྤྲོད་གནང་ཡོད་འདུག
སྐབས་དེར། ༸གོང་ས་མཆོག་གིས་ཁོང་ནི་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ཏེ་མི་སུ་འདྲ་ཞིག་དང་ཐུག་འཕྲད་གནང་ཡང་། མི་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་ཚོར་སྣང་ཡོང་བཞིན་ཡོད་ཅིང་། འགྲོ་བ་མི་ཚང་མར་ལུས་སེམས་ཀྱི་བདེ་སྡུག་ཚོར་བ་གཅིག་མཚུངས་དང་། མི་ཚང་མས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་སྐྱེལ་འདོད་ཡོད་པ་མ་ཟད། ཚང་མར་བདེ་སྐྱིད་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་ཡོད་ཚུལ། འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མི་རང་ཉིད་ཀྱིས་བཟོས་པ་ཞིག་དང་། དཀའ་ངལ་དེ་དག་ནི་ཕན་ཚུན་བར་རིཊ་རུས་དང་མི་རིགས། ཆོས་ལུཊ་དད་མོས། དབུལ་ཕྱུག ཤེས་ཡོིན་ཡོད་མེད་སོཊ་ཀྱི་རྒྱུ་མཚན་ལྟར་སྣང་ཙམ་ལ་ཞེན་ཆཊ་ཏེ་འབྱུང་བཞིན་ཡོད་ཅིང་། ཞེན་ཆཊ་དེའི་དབང་གིས་འགྲོ་བ་མི་རྣམས་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུའི་དངོས་ཡོད་གནས་སྟངས་སྣང་མེད་དུ་བཞག་སྟེ། སྤུན་ཟླའི་འགྲོ་བ་མིའི་རིཊ་ཕན་ཚུན་བར་མགོ་སྐོར་གཏོང་བ་དང་ཐུབ་ཚོད་བྱེད་པ་སྣ་ཚོཊ་ཡོང་བཞིན་ཡོད་སྐོར། འགྲོ་བ་མི་རིཊ་ནི་སྤྱི་ཚོཊ་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། ཕྱིའི་དངོས་པོའི་མཐུན་རྐྱེན་གཅིག་པུས་ཁོང་ཚོར་བདེ་སྐྱིད་ནམ་ཡང་བསྐྲུན་ཐུབ་ཀྱི་མེད་ཅིང་། སྐབས་རེར་ཁོང་ལ་དུད་འགྲོའི་རིཊ་ལ་འཇིཊ་སྐྲག་དང་ཉེན་ཁ་མེད་པའི་གནས་སྐབས་སུ་མི་ལས་བདེ་སྐྱིད་ཆེ་བ་ཡོད་པའི་ཚོར་སྣང་ཡོང་བཞིན་པ། མིའི་ཀླད་པ་ནི་ངོ་མཚར་ཅན་ཞིག་དང་ཀླད་པ་དེས་ལེཊ་ཉེས་བླང་དོར་འབྱེད་ཤེས་པ་དང་། ཤེས་ཡོན་བརྒྱུད་ཐོག་མིའི་ཤེས་རབ་ཀྱི་སྒོ་མོ་ཡངས་པོར་འབྱེད་ཐུབ་ཀྱང་དེང་དུས་ཤེས་ཡོན་ལམ་ལུཊ་ནང་བཟང་སྤྱོད་ཀྱིས་མ་འདང་པའི་ཆ་ཞིག་ལྷག་ཡོད་པ་དེར་ངེས་པར་བསམ་བློ་གཏོང་དགོས་སྐོར་ནན་གསུངས་གནང་འདུག
ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་རཱ་ཇི་སི་ཐཱན་མངའ་སྡེའི་གྲོང་ཁྱེར་ཇེར་པུར་དུ་ (Jaipur) གོ་སྒྲིག་ཞུས་པའི་༼རྩོམ་རིག་སྒྱུ་རྩལ་དུས་སྟོན༽གྱི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས། ཡུ་རོབ་དང་ཨ་རི། ཨེ་ཤི་ཡ། ཨ་ཧྥི་རི་ཀ་གཙོས་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་ཚོགས་ཞུཊ་མཁས་དབང་དང་རྩོམ་པ་པོ་གཙོས། སྡེ་ཚན་འདྲ་མིན་གྱི་གནད་ཡོད་མི་སྣ་བརྒྱ་ལྷག་ལ། ༼སྟོན་པ་ཤཀྱཱ་ཐུབ་པའི་གསུང་རབ་ཀྱིས་རྩོམ་རིག་སྒྱུ་རྩལ་ཐོག་ཤུཊ་རྐྱེན་ཇི་ལྟར་ཐེབས་མིན་༽སྐོར་བཀའ་སློབ་བསྩལ་ཏེ། “ང་རང་ལོ་ན་ཆུང་དུས་ནས་དཔེ་དེབ་ལྟ་ཀློག་བྱ་རྒྱུར་ཧ་ཅང་གལ་ཆེན་ཏུ་བརྩི་བཞིན་ཡོད་ལ། དཔེ་དེབ་ལྟ་ཀློག་བྱས་པ་བརྒྱུད་རྩོམ་རིག་གིས་ངོས་ཀྱི་མི་ཚེའི་ནང་ཤུཊ་རྐྱེན་ཆེན་པོ་ཐེབས་སོང་། སྔོན་བྱོན་མཁས་པ་དང་ལོ་ཙཱ་བ་ཚོས་སྟོན་པའི་བཀའ་མང་དག་ཅིག་བོད་སྐད་ཐོག་ཕབ་བསྒྱུར་གནང་ཡོད་པ་དེར་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད། ” གསུངས་འདུག
མུམ་བྷེ་དང་རཱ་ཇི་སི་ཐཱན་ཁུལ་གྱི་མཛད་འཆར་ཁག་ལེཊ་པར་གྲུབ་སྟེ། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ངྷ་སའི་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུའི་འོག་ཕྱིར་བཞུཊ་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་སོང་།
ཕྱི་ཟླ་ ༢ ཚེས་ ༢༥ ཉིན་༸གོང་ས་མཆོག་གིས་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སེར་སྐྱ་མང་ཚོགས་ལ་སྐྱེས་རབས་བཀའ་ཁྲིད་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
་་་་ འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་མི་རང་ཉིད་ཀྱིས་བཟོས་པ་ཞིག་དང་། དཀའ་ངལ་དེ་དག་ནི་ཕན་ཚུན་བར་རིཊ་རུས་དང་མི་རིགས། ཆོས་ལུཊ་དད་མོས། དབུལ་ཕྱུག ཤེས་ཡོིན་ཡོད་མེད་སོཊ་ཀྱི་རྒྱུ་མཚན་ལྟར་སྣང་ཙམ་ལ་ཞེན་ཆཊ་ཏེ་འབྱུང་བཞིན་ཡོད་ཅིང་། ཞེན་ཆཊ་དེའི་དབང་གིས་འགྲོ་བ་མི་རྣམས་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུའི་དངོས་ཡོད་གནས་སྟངས་སྣང་མེད་དུ་བཞག་སྟེ། སྤུན་ཟླའི་འགྲོ་བ་མིའི་རིཊ་ཕན་ཚུན་བར་མགོ་སྐོར་གཏོང་བ་དང་ཐུབ་ཚོད་བྱེད་པ་སྣ་ཚོཊ་ཡོང་བཞིན་ཡོད་སྐོར། ་་་་་གསུངས་འདུག་ཟེར།