བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་དང་། དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་པའི་སྤྱི་འཐུས་རྣམ་པ་དང་སྲིད་སྐྱོང་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པའི་སྣེ་འཁྲིད་འོག རཱ་ཇི་གྷ་ཊི་ (Rajghat )རུ་རྒྱ་གར་གྱི་ཆོས་ལགས་ཁག་གི་དབུ་ཁྲིད་རྣམས་དབུ་བཞུགས་ཐོག བོད་པའི་བདེན་དོན་འཐབ་རྩོད་ཁྲོད་ཚེ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་བ་སྨོན་ལམ་གསུངས་རྗེས། མི་མང་ཡོངས་ཀྱིས་ཇན་ཊིར་མན་ཊིར་བར་ཞི་བའི་གོམ་བགྲོད་གནང་ཡོད་པ་དང་། དེ་གར་སླར་ཡང་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པ་དང་གནད་ཡོད་མི་སྣ་ཚོས་བོད་དོན་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།
བདེན་པ་ཉིད་རྒྱལ་འགྱུར་ཅིག །
ཡིད་འགུལ་ཐེབས་པ་ཞིག་རེད། བོད་ཕྱི་ནང་གཉིས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། རྒྱ་ནག་བོད་ནས་མཐར་བསྐྲོད་གཏོང་། བོད་རྒྱལ་ལོ་་་་