མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་དུས་ནམ་ཡང་གཞིས་སྡོད་རྒྱ་ཆེ་མི་མང་དང་མཉམ་དུ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་གཉིས་པར་བདག་ཉིད་ཆེན་པོ་གྷན་ངྷིའི་བང་སོའི་མདུན་དུ་འཛམ་གླིང་ཆོས་ལུགས་ཁག་གི་བླ་ཆེན་ཚོས་བོད་པའི་འཐབ་རྩོད་ཁྲོད་ཀྱི་འདས་གསོན་ཡོངས་ལ་སྨོན་ལམ་གསུང་འདོན་དང་། སྲིད་སྐྱོང་མཆོག་དང་སྤྱི་འཐུས་གཙོ་གཞོན་གྱིས་སྣེ་འཁྲིད་དེ་ཞི་བའི་གོམ་བགྲོད་གནང་སོང་།  

དེ་རིང་ཕྱི་ཚེས་ ༣༡ ཉིན་སྟེ། བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་གྱི་ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཐོག རྒྱ་གར་རྒྱལ་ས་ལྡི་ལིའི་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཧིན་རྡུ་དང་ཁ་ཆེ། སིག ཡེ་ཤུ། ནང་པ། རྗེན། རྗིའུ། བྷ་ཡ་སི། བྷ་ཧེ་བཅས་ཀྱི་བླ་ཆེན་རྣམ་པ་དང་། གདན་ས་སེ་འབྲས་དགེ་གསུམ་གཙོས་པའི་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྣམ་པ། རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་མི་མང་བཅས་རཱ་ཇི་གྷ་ཊི་ (Raj Ghat) ཞེས་པའི་མེས་པོ་དམ་པ་གྷན་ངྷིའི་བང་སོའི་མདུན་དུ་འཛོམས་ཏེ། བོད་བསྟན་སྲིད་ཆེད་ཚེ་སྲོག་ཕུལ་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ཆོས་ལུགས་ཁག་གི་བླ་ཆེན་ཚོས་བསྔོ་བ་སྨོན་ལམ་གསུངས་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྣམ་པས་སྣེ་ཁྲིད་དེ། ཐེངས་འདིའི་ལས་འགུལ་བ་  ༥༠༠༠ ལྷག་རཱ་ཇི་གྷ་ཊི་ནས་ཇན་ཊིར་མན་ཊིར་བར། ལག་ཏུ་འཕྲེད་དར་དང་འབོད་ཚིག་འདྲ་མིན་སྒྲོག་བཞིན་ཞི་བའི་གོམ་བགྲོད་གནང་ཡོད་ཅིང་། མི་མང་རྣམས་ཇན་ཊིར་མན་ཊིར་ལ་འཛོམས་རྗེས་ཆོས་ལུགས་ཁག་གི་བླ་ཆེན་ཚོས་བོད་དོན་སྐོར་ལ་གཏམ་བཤད་གནང་ཡོད།

སྐབས་དེར་གསར་འགོད་པས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་ལ་བཅར་འདྲི་བྱས་པར་ཁོང་གིས། “ ང་ཚོ་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་དེ་ལས་འགན་ཞིག་དང་། དེ་རིང་ང་ཚོས་ལས་འགན་སྒྲུབ་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ནང་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་རང་སྲོག་བློས་གཏོང་གནང་གི་ཡོད་པ་རེད། ཛ་དྲག་གི་གནས་སྟངས་དེ་དང་ཁོང་ཅག་གི་མངོན་འདོད་རྒྱལ་སྤྱིའི་ཐོག་སྐྱེལ་ཆེད་ལས་འགུལ་འདི་མི་སྤེལ་ཐབས་མེད་ཆགས་ཡོད། ལས་འགུལ་འདི་འདི་བརྒྱུད་ནས་འཛམ་བུ་གླིང་ལ་ང་ཚོའི་དངོས་ཡོད་གནས་སྟངས་ག་རེ་ཡིན་མིན་བཤད་ཐུབ་ཀྱི་རེད་བསམ་པའི་ཚོར་བ་ཞིག་ཡོང་གི་འདུག ” ཅེས་གསུངས་བྱུང་།

གོ་སྒྲིག་ཚོགས་ཆུང་གི་བོད་སྐད་གསར་འགོད་འབྲེལ་མཐུད་པ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས “ ཐེངས་འདིའི་ལས་འགུལ་དེ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་རྒྱབ་གཉེར་སྙན་ཐོའི་དགོས་འདུན་གཞིར་བཟུང་། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་ནང་མི་སྤུན་མཆེད་དང་གཞིས་སྡོད་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་ལས་འགུལ་འདི་སྤེལ་གྱི་ཡོད་པ་རེད།

ཡིན་ནའང་བཀའ་སྤྱི་གཉིས་ཀ་མཉམ་རུབ་ཀྱིས་མི་མང་འདུ་འཛོམས་དང་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་འདི་ཙམ་མིན་པར། ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ཏུ་བོད་དོན་ཞུ་གཏུག་དང་བགྲོ་གླེང་བཅས་གནང་གི་ཡོད་པ་རེད། བཙན་བྱོལ་ནང་ཡོད་པའི་མི་མང་གིས་དུས་དང་རྣམ་པ་ཀུན་ཏུ་མི་མང་མཉམ་རུབ་ཀྱི་ལས་འགུལ་སྤེལ་བའི་གོ་སྐབས་རྙེད་མ་སོང་བསམ་པ་དང་། བོད་ནང་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རེ་རེ་བྱུང་སྐབས། སེམས་ནང་ཚོར་བ་ཆེན་པོ་ཞིག་ཡོང་གི་ཡོད་སྟབས། ད་རེབ་གཞུང་མང་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད།

ཐེངས་འདིར་བཀའ་ཤག་གི་བཀོད་ཁྱབ་འོག་མི་ ༤༥༠༠ ལྷག་གི་ཐོ་འབྱོར་ཡོད་ཀྱང་། རྗེས་སུའང་མི་མང་པོ་འབྱོར་བཞིན་ཡོད་སྟབས་དེ་རིང་མི་ ༧༠༠༠ ལྷག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། ང་ཚོ་དུས་ནམ་ཡང་གཞིས་སྡོད་རྒྱ་ཆེ་མི་མང་དང་མཉམ་དུ་ཡོད། བཀའ་ཤག་གི་སྲིད་སྐྱོང་མཆོག་དང་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་བཅས་གོམ་བགྲོད་ནང་མཉམ་ཞུགས་བྱས་པ་ད་རེབ་ཐོག་མ་ཆགས་ཡོད་པ་རེད། གཞིས་གཞུགས་བོད་མི་ཚོར་བྱེས་སྡོད་བོད་མི་ཚོས་དཀའ་ལས་རྒྱག་གི་ཡོད་པའི་རྣམ་པ་མཚོན་ཆེད་དང་། ལྷག་པར་དུ་རྒྱལ་སྤྱི་དང་རྒྱ་གར་གྱི་ངོས་ནས་སྔར་ལས་ལྷག་པའི་བོད་དོན་ལ་དོ་སྣང་དང་བདག་པོ་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ” ཅེས་བརྗོད་བྱུང་།

གསར་འགོད་པས་ངྷ་རམ་ས་ལ་ནས་ཕེབས་པའི་དང་བླངས་ལས་འགུལ་བ་ཚངས་དབྱངས་རྒྱ་མཚོ་ལགས་སུ་ཐེངས་འདིའི་ལས་འགུལ་ལ་སེམས་ཚོར་གང་འདྲ་ཡོང་གི་ཡོད་མེད་དྲིས་པར། “ ང་རང་ལ་མཚོན་ན་ཐེངས་འདིའི་ལས་འགུལ་དེ་བཙན་བྱོལ་ནང་ལོ་ ༧ ཕྱིན་པའི་རིང་གི་ལས་འགུལ་ཡག་ཤོས་སུ་མཐོང་གི་ཡོད། རྒྱུ་མཚན་གཙོ་བོ་ང་ཚོ་ཕྱི་སྡོད་བོད་མི་ཚོས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱས་ཏེ། རྒྱལ་སྤྱིའི་མི་མང་གིས་ཤེས་རྟོགས་ཡོང་བར་བྱ་རྒྱུ་དེ་ཡིན་སྟབས། ད་རེབ་གོ་སྒྲིག་དང་ཕྱོགས་ཡོངས་ནས་ཚགས་ཚུད་ཡོང་གི་ཡོད་པའི་རྣམ་པ་མཐོང་གི་འདུག ལྷག་པར་དུ་རྒྱལ་སྤྱི་དང་རྒྱ་གར་ནང་བོད་དོན་ཤེས་རྟོགས་ཡོང་བར་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་ཡོད། མི་མང་ནང་ལས་འགུལ་འདི་ལྟར་སྤེལ་ཚེ་བོད་ནང་མུ་མཐུད་གནས་ཚུལ་ལྷག་སྲིད་པའི་སྐད་ཆ་བཤད་མཁན་འདུག་མོད། ང་རང་གི་ངོས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་སེལ་ཆེད་ཕྱི་ཕྱོགས་ནས་འདི་དང་འདི་ལས་ལྷག་པའི་ལས་འགུལ་སྣ་མང་སྤེལ་རྒྱུ་གལ་ཆེན་རེད་བསམ་གྱི་ཡོད ” ཅེས་བརྗོད་བྱུང་།

 

གསར་འགོད་པ་དོན་གོས་རྒྱ་གར་རྒྱལ་ས་ལྡི་ལི་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་་་ རྒྱ་གར་རྒྱལ་ས་ལྡི་ལིའི་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཧིན་རྡུ་དང་ཁ་ཆེ། སིག ཡེ་ཤུ། ནང་པ། རྗེན། རྗིའུ། བྷ་ཡ་སི། བྷ་ཧེ་བཅས་ཀྱི་བླ་ཆེན་རྣམ་པ་དང་། གདན་ས་སེ་འབྲས་དགེ་གསུམ་གཙོས་པའི་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ།
    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྣམ་པ།
    རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་མི་མང་བཅས་རཱ་ཇི་གྷ་ཊི་ (Raj Ghat) ཞེས་པའི་མེས་པོ་དམ་པ་གྷན་ངྷིའི་བང་སོའི་མདུན་དུ་འཛོམས་ཏེ། བོད་བསྟན་སྲིད་ཆེད་ཚེ་སྲོག་ཕུལ་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ཆོས་ལུགས་ཁག་གི་བླ་ཆེན་ཚོས་བསྔོ་བ་སྨོན་ལམ་གསུངས་སོང་། ་་་་་་་ ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese