མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༩༣༥ ལོ་ནས་རྒྱ་ནག་གིས་བོད་རྩ་མེད་བཟོ་བའི་སྲིད་བྱུས་སྤེལ་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཉིན་རྒྱབ་རྒྱལ་ས་ལྡི་ལིའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཞེས་པའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་རྒྱ་གར་གྱི་གནད་ཡོད་མི་སྣ་བརྒྱ་ལྷག་ལྷན་བཞུགས་ཀྱིས་བོད་དོན་གཏམ་བཤད་བགྲོ་གླེང་ཞིག་ཚོགས་ཡོད་འདུག

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢ ཐོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(India International Center)ཞེས་པའི་ཚོགས་ཁང་དང་པོའི་ནང་། གྷན་དྷི་ཞི་བདེ་དགེ་རྩས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག གཞན། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ། (Mr. Lalit Mansingh)མཆོག་དང་། རྒྱ་གར་བཀའ་དྲུང་ལས་ཁུངས་ཀྱི་དྲུང་འཕར་ཟུར་པ(Mr. Jayadeva Ranade)སོགས་མཁས་དབང་དང་ཉམས་ཞིབ་པ་དང་། རྩོམ་པ་པོ། དེ་མིན་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་གཞུང་ཚབ་ཁག་གི་གནད་ཡོད་མི་སྣ་བཅས་སྐུ་མགྲོན་ ༡༠༠ ལྷག་འདུ་འཛོམས་ཀྱིས་༼ ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

སྤྱི་འཐུས་ལྷན་ཁང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། བགྲོ་གླེང་དབུ་འཛུགས་ཐོག་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་ནས་ཚོགས་འདུ་གཙོ་སྐྱོང་གིས་ཐོག་མར་གསུང་བཤད་གནང་མཁན་ཚོའི་ལོ་རྒྱུས་ངོ་སྤྲོད་གྲུབ་རྗེས། སྲིད་སྐྱོང་མཆོག་གིས་སིམ་ལའི་ཆིངས་ཡིག་གི་དགོངས་དོན་འགྲེལ་བརྗོད་དང་བོད་དེ་ལོ་རྒྱུས་ཐོག་རང་བཙན་ཡིན་པ། རྒྱ་དཀར་ནག་གཉིས་ཀྱི་བར་གནས་རྒྱལ་ཁབ་ཙམ་དུ་མ་ཟད། (Mac Mahon line)མེག་མོ་ཧན་ས་ཐིག་གིས་བོད་དང་རྒྱ་གར་བར་གྱི་ས་མཚམས་གསལ་བོར་བཟོས་ཡོད་སྐོར། བོད་དེ་རྒྱ་དཀར་ནག་བར་ཆབ་སྲིད་དང་ལོ་རྒྱུས། ཁོར་ཡུག ས་མཚམས། རྒྱུག་ཆུ་སོགས་གནད་དོན་མང་པོའི་ཐོག་ཧ་ཅང་གལ་ཆེན་ཆགས་ཡོད་པའི་རྒྱུ་མཚན་ཞིབ་བརྗོད་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གལ་ཆེ་ལུགས་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་ནས་སེལ་ཐབས་ཡོང་བ་ལ། ཁྲིམས་ཀྱི་ཐོག་ནས་བཤད་ཀྱང་རྒྱ་གཞུང་གིས་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ལག་བསྟར་དགོས་པ། བོད་པའི་གནད་དོན་གཙང་སེལ་བྱུང་བ་ཡིན་ན།  དེས་རྒྱ་དཀར་ནག་གི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་ལ་ཡང་ཁེ་ཕན་ཡོད་སྐོར་སོགས་གསུངས་ཡོད་འདུག

གནས་ཚུལ་ནང་མུ་མཐུད་དུ་བཀོད་པར། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་ནང་ཕྱི་ལོ་ ༢༠༠༩ ལོ་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དང་པོ་བྱུང་ས་དང་། དེ་བཞིན། རང་ལུས་མེར་བསྲེགས་མང་པོ་གཏོང་སའང་ངའི་ཕ་ཡུལ་ཨ་མདོ་རྔ་པའི་ས་ཁུལ་ཆགས་དགོས་པའི་རྒྱུ་མཚན་གཙོ་བོ། ཕྱི་ལོ་ ༡༩༣༥ ལོར་མའོ་ཙེ་ཏུང་གིས་མགོ་འཁྲིད་པའི་དམར་དམག་རྒྱང་སྐྱོད་ཟེར་བས་ཨ་མདོ་རྔ་པའི་ས་ཁུལ་བརྒྱུད་བོད་སར་ཐོག་མར་བཙན་འཛུལ་བྱས་པ་དང་། ཕྱི་ལོ་༢༠༠༨ ལོར་བོད་མིའི་ཞི་རྒོལ་སྐབས་རྔ་པའི་མི་མང་ཐོག་མེ་མདའ་གང་བྱུང་བརྒྱབ་སྟེ་མི་ ༢༣ དམར་གསོད་བཏང་དང་། དེ་ལས་མང་བར་རྨས་སྐྱོན་ཕོག་པ། དམ་དྲག་དང་གདུག་རྩུབ་ཀྱིས་རྔ་པ་ཀིརྟི་དགོན་པ་བཙོན་ཁང་དང་། གྲྭ་བ་རྒན་གཞོན་བར་གསུམ་དུས་གཅིག་ལ་བཙོན་པའི་ངོ་བོ་ལྟ་བུར་བསྒྱུར་བར་བརྟེན་ནས་ད་ལྟའི་ཛ་དྲག་གི་དོན་རྐྱེན་འདིའི་མགོ་བཙུགས་པ་ཞིག་ཡིན་སྐོར་སོགས་གསུངས་ཡོད་འདུག  

ཁོང་གིས་མུ་མཐུད་དུ། རྒྱ་གཞུང་གིས་ ༡༩༣༥ ལོ་ནས་རྒྱུན་མ་ཆད་པར་བོད་མི་རིགས་རྩ་མེད་དུ་གཏོང་བའི་སྲིད་བྱུས་དོན་ཚན་ ༡༣ ལག་བསྟར་བྱེད་ཀྱིན་པའི་སྐོར་ངོ་སྤྲོད་གནང་དོན། ༡༽འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་རྩ་གཏོར་གཏོང་བའི་སྲིད་བྱུས། ༢༽ བོད་མིའི་སྐྱེ་སྒོ་བཀག་སྟེ་བོད་མི་རིགས་ཀྱི་འཕེལ་ཚད་དམའ་རུ་གཏོང་བའི་སྲིད་བྱུས། ༣༽ བོད་མིའི་འཕྲོད་བསྟེན་ཇེ་ཞན་དུ་བཏང་ནས་བོད་མི་གྲོངས་པའི་གྲངས་ཚད་མཐོ་རུ་གཏོང་བའི་སྲིད་བྱུས། ༤༽ རྒྱ་མི་རིགས་གནས་སྤོར་གྱིས་བོད་ཡུལ་དུ་བོད་མི་གྲངས་ཉུང་མི་རིགས་སུ་བསྒྱུར་པའི་སྲིད་བྱུས།  ༥༽ བོད་མིའི་གནས་ཡུལ་གྱི་ས་གནས་རྒྱ་ཆུང་དུ་གཏོང་བའི་སྲིད་བྱུས། ༦༽ བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་བའི་སྲིད་བྱུས། ༧༽བོད་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའི་སྲིད་བྱུས།  ༨༽ བོད་མིའི་ཡུལ་གོམས་གཤིས་ལུགས་བཙན་བསྒྱུར་བྱེད་པའི་སྲིད་བྱུས།  ༩༽ རྒྱ་མི་རིགས་ཆེན་པོའི་ལྟ་བའི་འོག་ནས་བོད་མི་རིགས་བྲན་གཡོག་ཏུ་བསྒྱུར་བའི་སྲིད་བྱུས། ༡༠༽ བོད་རྒྱ་མི་རིགས་གཉིས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་མེད་པའི་སྲིད་བྱུས། ༡༡༽ བོད་རྒྱ་མི་རིགས་གཉིས་ལ་ལས་ཀའི་ཐོག་ཐོབ་ཐང་དང་ཡིད་ཆེས་འདྲ་མཉམ་མེད་པའི་སྲིད་བྱུས། ༡༢༽ བོད་རྒྱ་མི་རིགས་གཉིས་ལ་དཔལ་འབྱོར་གྱི་ཐོབ་ཐང་འདྲ་མཉམ་མེད་པའི་སྲིད་བྱུས། ༡༣༽ རྒྱ་གཞུང་གིས་བོད་དང་བོད་མིར་རོགས་རམ་དང་འཛུགས་སྐྲུན་ཟེར་བ་སོགས་ལྷག་བསམ་རྣམ་དག་མིན་པའི་སྲིད་བྱུས་སོགས་ལག་བསྟར་བྱས་པའི་དབང་གིས། བོད་མི་ཚོ་ཨུ་ཐུག་ཐབས་ཀྱིས་གསོན་པ་ལས་ཤི་བ་བདམས་ཏེ། འཚེ་མེད་ཞི་བའི་ལས་འགུལ་མཐར་ཐུག་རང་ལུས་མེར་བསྲེགས་ཀྱིས་ཞུ་འབོད་འདི་ལྟར་མི་བྱེད་ཐབས་མེད་ཆགས་ཚུལ་སོགས་གསུངས་ཡོད་འདུག  

གདན་ཞུའི་སྐུ་མགྲོན (Lalit Mansingh) མཆོག་ནས། དེང་སྐབས་ཨ་རི་དང་རྒྱ་ནག་ལ་མགོ་ཁྲིད་གསར་བ་སླེབས་ཡོད་པ་དང་།  རྒྱ་གར་ལ་ལོ་རྗེས་མར་བསླེབ་འཆར་ཡོད་པ་སོགས་ཆབ་སྲིད་ཀྱི་མགོ་ཁྲིད་འཕོ་འགྱུར་འགྲོ་བཞིན་ཡོད་པས། ཆབ་སྲིད་ཐོག་ཀྱང་ཏན་ཏན་འགྱུར་བ་འགྲོ་ངེས་ཡིན་པ་དང་། བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་དག་འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་ཡོང་གི་ཡོད་སྐོར་དང་། དེང་སྐབས་བོད་ནང་སེམས་ཤུགས་ཆིག་སྒྲིལ་དང་།  ལ་རྒྱ་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དེར་རེ་བ་ཆེན་པོ་ཡོད་སྐོར། རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ལ་བརྟེན་ནས་མཐའ་མཚམས་ཀྱི་དཀའ་ངལ་དང་། ཁོར་ཡུག འཐུང་ཆུ། རྒྱལ་མཚམས་བཀག་སྡོམ་སོགས་ཀྱི་སྐོར་དང་བོད་ནང་དམག་སྒར་མང་པོ་བཙུགས་དང་འཛུགས་བཞིན་པ་དེས་འབྱུང་འགྱུར་རྒྱ་གར་ལ་དཀའ་ངལ་འཕྲད་གཞི་ཆགས་ངེས་ཡིན་སྐོར། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཚད་མེད་བཏང་དང་གཏོང་བཞིན་པ་དེར་རྒྱ་གར་གྱིས་ཀྱང་ངོ་རྒོལ་བྱེད་དགོས་སྐོར་སོགས་གསུངས་པ་དང་།

གདན་ཞུའི་སྐུ་མགྲོན (Jayadeva Ranade) མཆོག་ནས། དེང་སྐབས་རྒྱ་ནག་ནང་ཆབ་སྲིད་ཀྱི་དཀའ་ངལ་དང་། དཔལ་འབྱོར་ཐོག་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ། བརྟན་བརླིང་མེད་པའི་དཀའ་ངལ་སོགས་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་དང་། བོད་ནང་དམག་གི་རྟེན་གཞི་ ༦༩༠༠ ལྷག་བཙུགས་ཡོད་སྐོར་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་མིའི་དཔོན་རིགས་མང་པོ་ཆེད་གཏོང་གི་ལས་གཞི་སྤེལ་བཞིན་པ་དེས་བོད་ཀྱི་ས་ཁུལ་བརྟན་བརླིང་ཡོང་རེ་བྲལ་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་གསུང་བཤད་གལ་ཆེན་གནང་བ་དང་། ཚོགས་ཞུགས་པ་མང་པོས་དྲི་བ་ལ་གསུང་བཤད་གནང་མཁན་ཚོས་དྲིས་ལན་ཡང་གནང་ཡོད་པ་དང་། མཇུག་ཏུ། གྷན་དྷིའི་ཞི་བདེ་དགེ་རྩ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ (Ms. Radha Bhatt) མཆོག་ནས་བོད་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡོད་པ་དང་། གལ་ཏེ་འདི་བརླག་པ་ཡིན་ན།  བོད་གཅིག་པུའི་གྱོང་གུད་ཙམ་མིན་པར་འཛམ་གླིང་གི་གཅེས་ནོར་རྩ་ཆེན་པོ་ཞིག་བརླག་འགྲོ་བཞིན་ཡོད་པས།  རྒྱ་གར་མི་མང་ཚང་མས་བོད་དོན་ཐོག་ཚོར་ཤུགས་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེ་སྐོར་བཅས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་སྦྲགས་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་བགྲོ་གླེང་ཚོགས་འདུ་མཇུག་བསྡུས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༨ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གལ་ཆེ་ལུགས་དང་། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་དབུ་མའི་ལམ་ནས་སེལ་ཐབས་ཡོང་བ་ལ།
    ཁྲིམས་ཀྱི་ཐོག་ནས་བཤད་ཀྱང་རྒྱ་གཞུང་གིས་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་ལག་བསྟར་དགོས་པ། བོད་པའི་གནད་དོན་གཙང་སེལ་བྱུང་བ་ཡིན་ན།
    དེས་རྒྱ་དཀར་ནག་གི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པ་ལ་ཡང་ཁེ་ཕན་ཡོད་སྐོར་སོགས་གསུངས་ཡོད་འདུག ་་་་་ཟེར།

    Reply
  2. ཚེ་རིང་སྒྲོལ་མ། says:
    ལོ་ 13 སྔོན།

    བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཉིས་ལ་མ་འགྲིག་མ་འཐུས་པ་ཞུ་ཡག་མེད། ད་རེས་དངོས་ནས་དྲང་གནས་མི་མང་ནང་ཕེབས་ཏེ་བཀའ་བློན་རྣམ་པ་དང་སྤྱི་ཚོགས་གཙོ་གཙོ་སོགས་དངོས་སུ་ལས་འགུལ་ནང་མཉམ་ཞུགས་གནང་གི་ཡོད་པ་མཇལ་ན་མིག་ཆུ་ཤོར་བ་ཞིག་རེད། ཡིན་ནའང་རྩ་བའི་ཆ་ནས་འདི་བོད་དོན་སེལ་བའི་ཐབས་ལམ་ཞིག་ཡིན་མིན་བཤད་ཡག་ཁེག་པོ་ཞེ་དྲག་རེད། ལྷག་དོན་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐབས་ལ་འདི་ལྟར་གནང་བ་ཡིན་ན་མེ་ཡི་ནང་དུ་རླུང་བརྒྱབ་པ་ནང་བཞིན་གནས་སྟངས་ཅི་ཆགས་བཤད་ཚོད་མ་ཐུག་པ་ཞིག་ཡོང་སྲིད་པ་རེད་སྙམ་པའི་སེམས་འཚབ་དང་ཞེད་སྣང་ཤིག་ཀྱང་ཡོང་གི་འདུག

    Reply
  3. ཚེ་རིང་བཟང་པོ། says:
    ལོ་ 13 སྔོན།

    ད་རེས་བཀའ་སྤྱི་གཉིས་ལ་རྗེས་སུ་ཡི་རངས་བསྔགས་བརྗོད་ཡོད། དངོས་ནས་ཤུགས་བརྒྱབ་ཐལ། དེ་དང་མཉམ་དུ་བོད་ཀྱི་དུས་བབ་གསར་འགོད་པ་ཚོ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གནད་འགག་ལ་ཐུག་ཡོང་དུས་དངོས་ནས་ཁ་ཡོད་ལག་ཡོད་རང་རེད་ཞག་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese