གཟའ་ཟླ་བའི་ཉིན་བལ་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་གྲོས་མཐུན་འོག་རྩ་ཁྲིམས་གཏན་འབེབ་བྱས་ཏེ། དཀའ་རྙོག་སེལ་ཆེད་འབྱུང་འགྱུར་ཕྱི་ཟླ་དྲུག་པའི་འོས་བསྡུ་ཐད་ཚོགས་ཆུང་གསར་འཛུགས་བྱས་འདུག
ཕྱི་ཚེས་ ༡༨ ཉིན་བལ་ཡུལ་ཆབ་སྲིད་ཚོགས་པ་ཆེ་ཤོས་བཞི་ཡིས་ད་ལྟའི་བལ་ཡུལ་རྩ་ཁྲིམས་གཏན་འབེབ་ཀྱི་དཀའ་རྙོག་གང་མགྱོགས་ཐག་གཅོད་ཐུབ་ཆེད། འབྱུང་འགྱུར་ཕྱི་ཟླ་ ༦ པའི་ནང་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་དང་། རྒྱལ་ཡོངས་འོས་བསྡུའི་འགན་འཁུར་དུ་ཆེ་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་རཱེཀ་མཱེ་ (Khilaraj Regmi) ཡིས་སྣེ་ཁྲིད་པའི་མི་ ༡༡ ལས་གྲུབ་པའི་ཚོགས་ཆུང་ཞིག་གཏན་ཁེལ་བྱས་ཡོད་པ་མ་ཟད། ཚོགས་ཆུང་དེ་ནི་བར་བརྒལ་གཞུང་གི་ངོ་ཚབ་རང་བཞིན་ཞིག་གི་ཐོག ཚོགས་ཆུང་གི་མི་སྣ་ཚང་མ་ཆབ་སྲིད་ཚོགས་པ་གང་ལའང་འབྲེལ་བ་དང་ཤུགས་རྐྱེན་མེད་པའི་ཁྲིམས་དཔོན་དང་། གཞུང་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་མགོ་ཁྲིད་ཟུར་པ་རྐྱང་ཡིན་འདུག
བལ་ཡུལ་ཀཱང་རེ་སི་ (Congress) ཚོགས་པའི་མགོ་ཁྲིད་ནེ་ཌེ་ (Bimalendra Nidhi) ནི་ཁ་འཆམ་གྲོས་མཐུན་ཡིག་ཆ་བཟོ་མཁན་གྱི་ཁོངས་སུ་ཡོད་པ་དང་། ཁོང་གིས་ཐེངས་འདིའི་གྲོས་མཐུན་དང་འབྲེལ་ཏེ་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། ཁྲིམས་དཔོན་རཱེཀ་མཱེ་ཡིས་བརབརྒལ་གཞུང་གི་ལས་དོན་མ་འགྲུབ་བར། ཁྲིམས་ཁང་གི་ལས་ཀ་མཚམས་འཇོག་ཐོགབར་བརྒལ་གཞུང་གི་སྲིད་བློན་གྱི་འགན་དབང་འཁུར་དགོས་ཀྱི་ཡོད་འདུག
ཁ་འཆམ་གྲོས་མཐུན་འཇོག་མཁན་གྱི་ཆབ་སྲིད་ཚོགས་པ་ཁག་ནི། མའོ་མཉམ་འབྲེལ་ཚོགས་པ་ (Unified CPN-Maoist) དང་ཀཱང་རེ་སི་ (Nepali Congress)། མར་ཁེ་སི་ལེ་ཉིན་དམར་ཤོག་ཚོགས་པ་ (CPN-UML) ། མཉམ་འབྲེལ་དམངས་གཙོ་ཚོགས་པ་(Joint Demcratic Madhesi Front) བཅས་ཡིན་འདུག