མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤ་ཁྲག་གི་མེ་ལྕེ་འབར་སྟངས།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༨༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

མེ་ཏོག་དང་མར་རྩམ་གྱི་དྲི་བསུང་ལྡང་བའི་ཁ་སང་གི་ཁ་བ་གངས་རིའི་ལྗོངས་ལ། དེ་རིང་ཤ་ཁྲག་གི་འཚིག་དྲི་དང་མེ་མདའ་ཡི་གཞོབ་དྲི་འཐུལ་བའི་དུར་ཐང་སྐྱ་བོ་ཞིག་ཏུ་བསྒྱུར་སོང་། བོད་མི་ཚོར་མཚོན་ཆ་དང་དཔུང་སྟོབས་མེད་ཀྱང་རང་དབང་དང་འདྲ་མཉམ་གྱི་ཆེད་དུ་ནམ་ཡང་ཕྱི་བཤོལ་མི་བྱེད།

        ཁ་སང་ངྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་སྐད་ཤུགས་ཆེན་པོས་རྒྱུ་ཡོད་ན་རྒྱུ་དང་མི་ཡོད་ན་མི་ཐོངས་ཤོག བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་བརྒྱ་ལས་བརྒལ་སོང་། བཙན་བྱོལ་བོད་མི་ཚང་མ་ཡར་ལོངས་ཤོག་ཟེར། བཀའ་སྤྱི་གཉིས་ཀྱིས་སྔར་ནས་སྟ་གོན་བྱས་ཡོད་ཡོད་པ་རེད། ཉེ་ཆར་ལྡི་ལིར་གདུང་སེམས་མཉམ་སྐྱིད་ལས་འགུལ་རྔམ་བརྗིད་ཅན་ཞིག་སྤེལ་སོང་། ལས་འགུལ་མཇུག་བསྒྲིལ་མ་ཐག་བསྐྱར་དུ་ཚོགས་འདུ་བསྐོངས་ཏེ། མ་འོངས་པར་ལས་འགུལ་སྤེལ་ལུགས་སྤེལ་སྟངས་ཐོག་གྲོས་བསྡུར་གནང་སྟེ་འདི་ཡི་རྗེས་སུ་དེ་དང་། ཁྱོད་ཀྱི་རྗེས་སུ་ང་ལངས་རྒྱུ་ཡིན་པའི་ཚིག་རྩར་མནའ་དང་གྲོས་རྩར་ཐམ་ཀ་བཏབས་སོང་།

        ད་ལོའི་ལོ་གསར་གཏོང་ཕྱོགས་ཀྱི་གསལ་བསྒྲགས་ནང་སྲིད་སྐྱོང་མཆོག་གིས་ ༢༠༡༢ ལོ་ནི་བོད་དོན་ཞུ་གཏུག་གི་ལོ་ལ་སྲུང་གཙི་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད། ༢༠༡༣ གྱི་ལོ་ནི་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལོ་ཞིག་ཏུ་སྲུང་གཙི་ཞུ་རྒྱུ་ཡིན། བྱེས་བཞུགས་བོད་མི་ཡོད་དོ་ཅོག་གིས་ང་ཚོར་མཉམ་རུབ་གནང་དགོས་ཞེས་འབོད་སྐུལ་ཞུས་སོང་། བོད་ནས་མེ་འབར་ན་བཙན་བྱོལ་ནས་དུ་བ་འཐོན་དགོས་ཟེར་བའི་བཤད་ཚུལ་དེ་མངོན་འགྱུར་བྱེད་རན་སོང་། ད་ལོའི་བོད་མིིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར། ནུབ་ཕྱོགས་ཀྱི་བོད་མི་ཚང་མ་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ས་སྦར་སིལ་དུ་འཛོམ་རྒྱུ་རེད།

        མི་བསད་པས་མི་ཚད་རོ་ཐོག་ལ་རྟ་རྒྱུག་ཞེས་པའི་དཔེ་ལྟར། རྒྱ་གཞུང་གིས་ཁྲིམས་གཞི་གསར་པ་བཟོས་ཏེ་རང་སྲེག་གཏོང་མཁན་ཚོའི་ནང་མིའི་ཐོག་ལག་བསྟར་བྱེད་ཀྱིན་འདུག དེ་ནི་ར་བསད་དེ་ལུག་འདར་དུ་འཇུག་འདོད་ཀྱི་ཧམ་སེམས་ཡིན་མོད། བྱེད་ཐབས་དེས་མེ་ནང་ལ་རླུང་བརྒྱབ་པ་ལྟར་བོད་མིའི་ཤ་ཁྲག་གི་མེ་ལྕེ་ཉིས་སྟོང་བཅུ་གསུམ་ལོར་འབར་དུ་བཅུག་བྱུང་། དྲག་ཏུ་འབར་ནས་བསླེབས་བྱུང་། ཅི་ཙམ་མནན་ན་དེ་ཙམ་འཕར་ངེས་པ་ལྟར་བོད་མིའི་སྙིང་སྟོབས་ལ་ཞུམ་པ་མེད་ཅིང་ཆོད་སེམས་ལ་གཡོ་འགུལ་མེད་པའི་བརྡ་ལན་སྤྲོད་བཞིན་ཡོད།

        རང་ས་རང་ཡུལ་ནས་བོད་མི་ཚོ་གང་དུ་ཕྱིན་ཡང་མཛུབ་ཐེལ་གནོན་དགོས་པ་དང་། གང་ནས་བསྡད་ཀྱང་དམག་གིས་སྐོར་དགོས་པའི་ནག་ཉེས་ཅི་ཞིག་བསགས་ཡོད་དམ། ད་ཆར་ཁོང་ཚོས་རྒྱ་ནག་གི་གདུག་རྩུབ་འོག་ནས་འཚོ་བ་དེ་དམར་པོ་མེ་ཡིས་ནང་ནས་འཆི་བ་ལས་ཀྱང་དཀའ་ཁག་ཏུ་བརྩི་བཞིན་ཡོད། བོད་མི་གཅིག་རེ་གཉིས་རེ་ད་ལྟ་བརྒྱ་ལས་བརྒལ་སོང་། མིའི་བཟོད་པ་ལ་ཚད་ཡོད། བོད་མི་ཚོའི་བཟོད་བསྲན་མཐར་ལ་ཐུག་སོང་། འབར་ལ་ཉེ་བའི་མེ་རི་བཞིན་ཞི་དྲག་གི་གདམ་ག་ལྷག་མེད། དགོན་པའི་གྲྭ་བཙུན་དང་བླ་སྤྲུལ། གྲོང་ཁྱེར་གྱི་སློབ་ཕྲུག་དང་ལས་བྱེད། ཞིང་འབྲོག་མང་ཚོགས་ཚུན་སྡེབ་ལངས་སྡེབ་རྒྱུག་བྱེད་རྒྱུར་ཉེ་བར་ཕྱོགས་ཡོད།    

        རྔ་པའི་དཔའ་བོ་བཀྲ་བྷེ་ལགས་ཀྱི་མེ་ལྕེ་ཁམས་ཕྱོགས་སུ་མཆེད། གྲྭ་ཚེ་དབང་ནོར་བུས་རྒྱ་གར་རང་བཙན་ཉིན་མོར་རང་ལུས་མེ་རུ་སྦར། མེ་ལྕེ་དེ་གྲྭ་བཙུན་གྱི་སྡེ་ནས་བླ་སྤྲུལ་གྱི་སྡེ་རུ་འབར་ཏེ་སྦྲུལ་སྐུ་བསོད་བྷོ་མཆོག་གིས་བདེན་པ་ལུས་ཀྱིས་བརྡར་ནས་ཞལ་ཆེམས་ཕྱི་ལ་བཞག ཤ་ཁྲག་གི་མེ་ལྕེ་དེ་བཙན་བྱོལ་ནང་མཆེད་དེ་རྒྱ་གར་རྒྱལ་ས་ལྡི་ལི་ནས་འབར། བལ་ཡུལ་མཆོད་རྟེན་སྐོར་ལམ་ནས་འབར། ད་དུང་མེ་ལྕེའི་ཁྱབ་ཁོངས་ཇེ་ཆེ་ནས་འབར་ཤུགས་ཇེ་མགྱོགས་སུ་འགྲོ་ཉེན་ཆེ། ཤར་ཨེ་ཤ་ཡ་ནས་ནུབ་ཡུ་རོབ་གླིང་དུ་འབར་སྲིད། ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་ནས་འབར་སྲིད། ཇཱི་ནེ་ཝའི་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་ཀྱི་སྒོ་རྭའི་ནང་དུ་འབར་སྲིད། རྒྱལ་ཁབ་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་དྲུང་ནས་འབར་སྲིད།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༥ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༧ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese