མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནང་བོད་ཡིག་གི་བྱེད་ལས་ཉམས་ཚར་བ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་བསྟུན་ཏེ་གངས་སྐྱིད་དཔེ་མཛོད་ཚོཊ་ཁང་དུ་བགྲོ་གླེང་ཞིག་ཚོཊ་ཏེ། བཞུགས་སྒར་ཁུལ་གྱི་ཤེས་ཡོན་དང་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་བོད་སྐད་ཡིག་སྲུང་སྐྱོབ་གོང་སྤེལ་དང་འབྲེལ་བའི་ཐོག་གཏམ་བཤད་གནང་སོང་།   

༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད་ཀྱི་བགྲོ་གླེང་ཐེངས་བཅུ་བ་༽དེ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོཊ་པ་དང་སུད་སིར་གནས་སྡོད་བོད་རིཊ་གཞོན་སྐྱེས་ཁག་ཅིག་མཉམ་འབྲེལ་ཐོག རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྟེ་དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུཊ་སྒར་ངྷ་ས་གངས་སྐྱིད་དཔེ་མཛོད་ཚོཊ་ཁང་དུ་ཚོཊ་སོང་། ཚོཊ་འདུ་དེར་གདན་ཞུས་བགྲོ་གླེང་བ་བླ་མ་ཤིང་བཟའ་རིན་པོ་མཆོག་དང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་འགན་འཛིན་ན་ག་སངས་རྒྱས་བསྟན་དར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་གཞོན་ཀླུ་མཁར་བྱམས། ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་བཅས་དང་། དེ་བཞིན་ངྷ་ས་ཁུལ་གྱི་ན་གཞོན་ཤེས་ཡོན་ཅན་དང་སློབ་ཕྲུག་སོཊ་ཁྱོན་མི་ ༥༠ ཙམ་འདུ་འཛོམས་བྱུང་འདུག

མཛད་སྒོའི་ཐོག་མར་ཚོཊ་ཞུགས་པ་ཡོངས་སྐུ་བཞེངས་ཐོག་བོད་བསྟན་སྲིད་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོཊ་པའི་ཚོགས་གཙོ་དང་ད་ལྟའི་བོད་ཀྱི་སྐད་ཡིག་ཚགས་ཤོག་རྩོམ་སྒྲིག་པ་འབྲོག་རུ་ཆོས་དར་ལགས་ཀྱིས། རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་གི་གནས་བབ་སྤྱི་དང་བྱེ་བྲག་ད་ལྟའི་བོད་སྐད་ཡིག་གི་ཆགས་འཇིག་སྐོར་ངོ་སྤྲོད་དང་། འདས་པའི་མི་ལོ་གཅིག་ཙམ་རིང་སྐད་ཡིག་རྒྱུན་འཛིན་ཚོཊ་པའི་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་ཅི་སྤེལ་སྐོར་སྙན་སེང་ཞུས་སོང་།

བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གིས། ཁོང་སྐད་ཡིག་བགྲོ་གླེང་དེར་ཕེབས་དོན་གཙོ་བོ་དུས་རྒྱུན་སྐད་ཡིག་དང་རྩོམ་རིག་ལ་དོ་སྣང་ཡོད་པའི་སྟབས་ཀྱིས་ཡིན་པ་དང་། ཁོང་གིས་སྐད་ཡིག་བགྲོ་གླེང་དེར་མི་མང་པོ་ཞིག་འཛོམས་རྒྱུའི་རེ་བ་བྱས་ཀྱང་། དངོས་གཞིའི་བགྲོ་གླེང་ཐོག་ཚོཊ་ཞུཊ་པ་ཉུང་ངུ་ལས་བཅར་མེད་པར་སེམས་པ་སྐྱོ་བོ་བྱུང་ཡོད་སྐོར་དང་། བོད་རིཊ་མང་ཚོགས་ཁྲོད་སྐད་ཡིག་ཚོཊ་འདུར་ཡོང་མཁན་མེད་པ་དེས། བོད་མིའི་སྤྱི་ཚོཊ་ནང་སོ་སོའི་སྐད་དང་རིག་གཞུང་ལ་དོ་སྣང་མེད་པ་གསལ་པོར་བསྟན་ཡོད་ཚུལ་གསུངས་ཏེ། “མི་རིཊ་ཤིག་གནས་དང་མི་གནས་ཟེར་བ་དེ་མི་རིཊ་དེའི་སྐད་ཡིག་ལ་རག་ལས་ཡོད། མི་རིཊ་ཀྱི་ངོ་བོ་གནས་དང་མ་གནས་དེ་མི་རིཊ་གནས་མ་གནས་ལ་བལྟ་རྒྱུ་ཡོད་པ་མ་རེད། མི་རིཊ་ཀྱི་ངོ་བོ་དེ་མི་རིཊ་གནས་པ་ལ་བརྩི་དགོས་པ་རེད། མི་རིཊ་ཀྱི་ངོ་བོ་མི་རིཊ་ཀྱི་སྐད་དང་རིག་གཞུང་། ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་བཅས་རེད། རྒྱ་གར་ལ་མཚོན་ན་དང་ཐོག་ཁ་ཆེ་མང་པོ་མེད་ཀྱང་། ག་ལེར་ཁ་ཆེ་དེ་ཚོར་རྒྱ་གར་རིག་གཞུང་གིས་ཤུཊ་རྐྱེན་འོག་རྒྱ་གར་བ་ཆཊ་པ་རེད། བོད་པར་ཆ་བཞག་ནའང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་རིཊ་དང་ཁ་ཆེ་ཁ་ཤས་ལ་བོད་པའི་རིག་གཞུང་གིས་ཤུཊ་རྐྱེན་ཐེབས་ཏེ་བོད་པ་དང་གཅིག་པ་ཆཊ་ཡོད་སྟབས། གལ་སྲིད་མི་རིཊ་ཤིག་གི་ངོ་བོ་བརླག་པ་ཡིན་ན་མི་རིཊ་དེར་ངོས་འཛིན་བྱེད་ཐབས་མེད་པ་ཆཊ་ཀྱི་ཡོད ” ཅེས་གསུངས།

ཀླུ་མཁར་བྱམས་ལཊ་ཀྱིས། དུས་རྒྱུན་ཁོང་ནི་བོད་ཀྱི་སྐད་ཡིག་དང་ཆབ་སྲིད་གཉིས་ལས་ཆབ་སྲིད་སྔོན་ལ་སྐྱོབ་དགོས་པའི་བསམ་ཚུལ་འདོན་མཁན་གྲས་ཡིན་རུང་། ཕྱི་ནང་གི་གནས་བབ་ཡོངས་ལ་ཞིབ་ཏུ་བལྟས་ཡོང་སྐབས་ཁོང་གི་ཐོག་མའི་བསམ་ཚུལ་ལ་ནོར་འཁྲུལ་ཡོད་པ་ཞིག་དང་། ཕྱི་རྒྱལ་རྩོམ་པ་པོ་དང་ཉམས་ཞིབ་པ་ཚོས་བོད་མི་རིཊ་ཀྱིས་མི་རིཊ་གཞན་དང་མི་འདྲ་བར་རྒྱ་གཞུང་ལ་ངོ་རྒོལ་བྱེད་པའི་ནུས་པ་ཆེ་ཤོས་མི་རིཊ་ཀྱི་སྐད་དང་ཡི་གེ་ཡིན་ཚུལ་བཤད་ཡོད་ཅིང་། སྔོན་མ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་སོ་སོའི་མི་རིཊ་ལ་རང་གི་སྐད་དང་རིག་གཞུང་གལ་ཆེན་ཡིན་པ་ཕར་འགྲེལ་བཤད་རྒྱག་དགོས་པའི་དུས་ལ་སླེབས་སྐབས། དེ་ནི་མི་རིགས་དེའི་ཞབས་འདྲེན་དང་ངོ་ཚ་ཡིན་པ་ལས་གཟི་བརྗིད་ཆཊ་མེད་ཅེས་གསུངས་ཡོད་པ་ལྟར། ཁོང་གི་ངོས་ནས་བཀའ་སློབ་དེ་ཧ་ཅང་རྩ་ཆེན་ཞིག་བརྩི་བཞིན་ཡོད་པ་དང་། མ་གཞི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུ་དེ་རིག་གཞུང་གི་ཁྱབ་ཁོངས་སུ་འགྲོ་བཞིན་ཡོད་ཀྱང་། དེང་སྐབས་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ཆབ་སྲིད་ཀྱི་ངོ་བོར་གྱུར་ཏེ། བོད་ནང་བོད་མི་ཚོས་སྐད་ཡིག་སྲུང་སྐྱོབ་ཆེད་རང་སྲོག་བློས་གཏོང་གནང་བཞིན་ཡོད་སྟབས། སྐད་ཡིག་སྲུང་སྐྱོབ་ཐོག་འགོག་རྐྱེན་ཆེན་པོ་ཞིག་འཕྲད་ཀྱིན་ཡོད་སྐོར་བརྗོད།

ཁོས་མུ་མཐུད་དུ་ད་ཆར་པ་ཀི་སི་ཐན་ནང་ཡོད་པའི་བོད་དང་རིག་གཞུང་གཅིག་པའི་བྷེལ་ཏི་སི་ཐན་གྱི་ཡུལ་མི་ཚོས་ལུང་པ་དེར་སོ་སོའི་སྐད་དང་རིག་གཞུང་སྲུང་སྐྱོབ་སྐོར་གྱི་རང་སྐྱོང་རྩོད་ཀྱི་ཡོད་པ་བཞིན། བཙན་བྱོལ་བོད་མི་ཚོས་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ་དང་ལྷན་དུ། བོད་ཡིག་གམ་བྷོ་ཊི་ཡི་གེ་དེ་རྒྱ་གཞུང་གིས་ཁྲིམས་མཐུན་ངོས་ལེན་ཐོབ་ཐབས་སུ་ཤུཊ་སྣོན་རྒྱག་དགོས་པའི་སྐུལ་མ་དང་། བོད་ནང་རྒྱ་དམར་དབང་འཛིན་པའི་དྲག་གནོན་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐོག་ལམ་ཁ་ཡག་པོ་མེད་ཀྱང་། བོད་ལྗོངས་བརྙན་འཕྲིན་དང་མཚོ་སྔོན་བརྙན་འཕྲིན། ཁམས་པའི་བརྙན་འཕྲིན་ཁང་སོཊ་ནི། རྒྱ་གཞུང་གི་སྲིད་བྱུས་དྲིལ་བསྒྲཊ་དང་མཉམ་དུ་བོད་མིའི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཤིག་ཡིན་ཚུལ་བརྗོད།

ན་ག་སངས་རྒྱས་བསྟན་དར་ལཊ་ཀྱིས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་བོད་མི་གཙོས་འཛམ་གླིང་མི་དམངས་ལ་ཕན་ཐོཊ་ཆེན་པོ་ཡོད་སྐོར་དང་། ལྷག་པར་དུ་ད་ལྟའི་རྒྱ་ནག་དམར་གཞུང་གིས་ཀྱང་བོད་དང་འབྲེལ་བའི་དཔེ་མཛོད་དང་འགྲེམས་སྟོན་ཁང་གང་མང་བཙུཊ་ཏེ། བོད་པའི་རིག་གཞུང་གི་ཐོག་སྒོར་མོ་གང་མང་གསོག་སྒྲུབ་བྱེད་ཀྱི་ཡོད་སྐོར་དང་། བོད་མིས་གནས་བབ་དང་མཐུན་པའི་བོད་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུར་གསར་འགྱུར་བརྒྱུད་ལམ་དང༌དུས་དེབ། སྒྲུང་རྩོམ། གཏམ་བཤད། རྐང་བྲོ་གླུ་གཞས། གསུང་ཆོས། གཏམ་བརྗོད་སོཊ་བོད་ཡིག་ཐོག་སྤེལ་དགོས་ཤིང་། བོད་ཡིག་དང་གཅིག་མཚུངས་ཡིན་པའི་ཧི་མ་ལ་ཡའི་ཡི་གེ་བྷོ་ཊི་རྒྱ་གར་གཞུང་ལ་ཁྲིམས་ངོས་ལེན་ཡོང་ཆེད། ང་ཚོར་བཀའ་འགྱུར་བསྟན་འགྱུར་ཡོད་ལབ་པ་ཙམ་མིན་པར། སྐད་ཡིག་འདི་སློབ་སྦྱོང་བྱེད་མཁན་དགེ་རྒན་དང་དགེ་ཕྲུག སློབ་གྲྭ་དང་དགོན་པ། དུས་དེབ་དང་ཚགས་ཤོག རླུང་འཕྲིན་དང་བརྙན་འཕྲིན། རྩོམ་པ་པོ་དང་མཁས་པ་སོཊ་ཀྱི་གནས་བབ་དང་གྲངས་འབོར་ཅི་ཡོད་རེ་རེ་བཞིན་བགྲང་དགོས་ཚུལ་བརྗོད།

སྦྲེལ་ནག་པ་བློ་གྲོས་དཔལ་བཟང་ལཊ་ཀྱིས། བོད་ནང་རྒྱ་གཞུང་གིས་དྲག་གནོན་སྲིད་བྱུས་འོག་མང་ཚོཊ་ཀྱིས་གང་འདོད་ལྟར་སྐད་ཡིག་བཀོལ་སྤྱོད་ཀྱི་གོ་སྐབས་མེད་ཀྱང་། བཙན་བྱོལ་སྤྱི་ཚོཊ་ཁྲོད་བོད་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུར་ཐབས་ལམ་ཡོད་སྐོར་བརྗོད་དེ། མང་ཚོཊ་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་བོད་སྐད་ཀྱི་རྒྱུན་སྤྱོད་ཐ་སྙད་ཁག་གང་ཐུབ་ཀྱིས་ཁ་ལ་འཇཊ་ཐབས་བྱ་རྒྱུ་དང་། སློབ་གྲྭ་ཁག་ལ་ཆ་མཚོན་ན། གཞི་རིམ་འཛིན་རིམ་བཅུ་གཉིས་བར་གྱི་དུས་ཡུན་དེ། སློབ་ཕྲུག་ཚོའི་གནའ་དེང་རིག་གནས་ཚང་མའི་རྨང་གཞི་འཇོག་སའི་དུས་མཚམས་ཤིག་ཡིན་སྟབས་ཆེད་ལས་རང་བཞིན་གྱི་སློབ་སྦྱོང་མེད་སྐོར། མཐོ་སློབ་སྐབས་སུ་འཛམ་གླིང་རྒྱལ་ཁབ་ཁག་གི་སློབ་ཕྲུག་ཚོས་སྐབས་བབ་ཀྱི་སློབ་ཚན་ཁག་ཆེད་ལས་ཀྱི་ངོ་བོའི་ཐོག་སྦྱོང་བཞིན་ཡོད་རུང་། ཝར་ཎ་མཐོ་སློབ་ཏུ་ནང་ཆོས་ཀྱི་ཆེད་ལས་སློབ་སྦྱོང་བྱ་རྒྱུ་ཡོད་པ་མ་གཏོཊ། དེ་མིན་བོད་ཀྱི་མཐོ་སློབ་ཁག་ཏུ་བརྡ་སྤྲོད་དང་ལོ་རྒྱུས། རྩོམ་རིག སྐད་བརྡ་རིག་པ་སོཊ་ཆེད་ལས་སློབ་ཚན་གཏན་འབེབས་བྱས་མེད་པ། མཐོ་སློབ་ཁག་ཏུ་ཆེད་ལས་སློབ་སྦྱོང་བྱ་རྒྱུ་ནི་བོད་མིའི་སྐད་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གནང་ཕྱོགས་ཐོག་གལ་གནད་དུ་གྱུར་ཡོད་པ་དང་། བོད་ཀྱི་སྐད་ཡིག་གསོན་པོ་གནས་དགོས་ན་བོད་སྐད་ཡིག་ཁྱབ་ཁོངས་སྔར་ལས་ཆེ་རུ་གཏོང་དགོས་ཚུལ་ནན་བརྗོད་གནང་།

མཇུག་ཏུ་ཤེས་རབ་དར་རྒྱས་ལགས་ཀྱིས་ད་ཆར་བོད་ཀྱི་སྐད་ཡིག་གི་བྱེད་ལས་གཙོ་བོ་བོད་ཀྱི་དགོན་སྡེ་ཁག་ཡོད་པ་དང་། དགོན་སྡེ་ཁག་ཏུ་ཡོད་པའི་བོད་སྐད་ཡིག་གི་བྱེད་ལས་སྔོན་མ་དང་བསྡུར་ན་ཅུང་ཉམས་རྒུད་དུ་ཕྱིན་ཡོད་ཀྱང་། ད་དུང་ལྟོས་འཇོག་གིས་བཤད་ན་གང་འཚམ་སྲུང་སྐྱོབ་བྱས་ཡོད་ཅིང་། བོད་སྐད་ཡིག་གི་བྱེད་ལས་ཉམས་ས་གཙོ་བོ་གཞི་རིམ་མང་ཚོགས་ཁྲོད་ནང་ཉམས་ནས་ཡོད་པ་དང་། ནམ་རྒྱུན་མང་ཚོཊ་ནང་བོད་སྐད་བཤད་བསྡད་ཀྱི་ཡོིད་རུང་སྐད་ཡིག་གི་བྱེད་ལས་ཧ་ལམ་ཉམས་ཚར་ཡོད་པར་མ་ཟད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོཊ་ཁྲོད་ཀྱི་རྩོམ་ཡིག་གི་སྤུས་ཀ་དང་ཚིག་སྦྱོར་གྱི་གནས་བབ་ལ་བལྟས་ན། བོད་སྐད་ཡིག་གི་བྱེད་ལས་འགག་ཚར་བ་ཞིག་ལ་ངོས་འཛིན་དང་། སྐད་ཡིག་གི་ཉེན་ཁ་དེ་སྐྱོབ་པར་ཐབས་ལམ་དང་ཚད་གཞི་མི་འདྲ་བ་མང་པོ་ཡོད་ཀྱང་། དེ་ནི་ཚོཊ་པ་རེ་ཟུང་དང་མི་སྒེར་རེ་ཟུང་གིས་སྐྱོབ་ཐུབ་པ་ཞིག་མིན་པར། བོད་མིའི་གཞུང་སྒེར་གཉིས་ཀྱིས་དུས་ནས་དུས་སུ་འཁུར་མཉམ་ལེན་གནང་དགོས་པ་ཞིག་ཡིན་ཚུལ་བརྗོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 5

  1. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བཙན་བྱོལ་ཁྲོད་ཀྱི་བོད་མི་འདུ་སྡོད་བྱེད་ཡུལ་གང་དུ་་ཕྱིན་ཡང་སྦྲགས་སྐད་དམ་བསྲེས་སྐད་ཁོ་ན་བཤད་ཀྱིན་པར་གཞིག་ན། གལ་སྲིདབོད་་ཕྱི་ནང་གི་་དགོན་སྡེ་ཁག་མེད་ན་བོད་ཀྱི་སྐད་དང་ཡི་གེའི་ནང་དབུགས་ཀྱང་ཆད་ཟིན་ཡོད་ཀྱི་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བཙན་བྱོལ་ནང་བོད་ཡིག་གི་བྱེད་ལས་ཉམས་ཚར་བ་རེད་ཟེར། ན་ག་རེ་ཟེར་བགྱིད་ཡོད་རེད། ལགས།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    བོད་ཡུལ་སྣོད་བཅུད་གཉིས་ཀ་དར་གྱུར་ཅིག། བོད་པའི་ཆོས་སྲིད་གཉིས་ཀ་རྒྱས་གྱུར་ཅིག། བོད་མི་གཞིས་བྱེས་གཉིས་ཀ་བདེ་གྱུར་ཅིག། བོད་ཀྱི་སྐད་ཡིག་གཉིས་ཀ་རྒྱལ་གྱུར་ཅིག །

    Reply
  4. རི་བོང། says:
    ལོ་ 13 སྔོན།

    ཤིང་བཟའ་དང་ཀླུ་མཁར་བྱམས་གཉིས་འདིར་མི་མཛའ་བས་གཞན་ཞིག་བོས་ན་ཅིས་མ་ཆོག་པ་རེད།

    Reply
  5. བསྟན་འཛིན་བསོད་ནམས། says:
    ལོ་ 13 སྔོན།

    གསར་འགྱུར་ཞིབ་ཚགས་མོ་བྲིས་འདུག དོན་གཉེར་ཅན་ཁག་ཅིག་གིས་ཉིན་མོ་འདི་སྲུང་གཙི་གནང་བར་ཐུགས་རྗེ་ཆེ། ཡིན་པ་ཡིན་ནའང་གསུང་བཤད་གནང་མཁན་ཚོའི་ཐད་ནས་སྐད་ཡིག་ལ་དོ་སྣང་ཡོད་མཁན་དང་དགེ་རྒན་རྐྱང་ཕེབས་ན་བཟང་གི་རེད་སྙམ། ཆབ་སྲིད་པ་དང་ལས་འགུལ་བ་རིགས་ཅུང་ལན་པོ་རང་ཡོད་པ་མ་རེད། ཡིན་ནའང་ངས་ཁོང་ཚོར་ཤེས་ཡོན་དང་སྐད་ཡིག་གི་གནས་ཚད་ཡོད་པ་མ་རེད་རྩ་བ་ཉིད་ནས་ཞུ་གི་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese