མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཕྱོགས་སྐྱོད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་ད་ལོའི་ཕྱི་རྒྱལ་ཁག་གི་གསུམ་བཅུའི་དུས་དྲན་ལས་འགུལ་སྟེང་མཉམ་ཞུགས་གནང་རྒྱུ་རེད།

ད་ལོའི་གསུམ་བཅུའི་དུས་དྲན་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་ཕྱི་རྒྱལ་ཁག་ཏུ་གཞུང་འབྲེལ་ཕྱོཊ་སྐྱོད་གནང་རྒྱུ་ཡིན་པ་ལྟར། ཕྱི་ཚེས་ ༩ ཉིན་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཉི་ཧོང་དུ་ཆེད་ཕེབས་ཀྱིས། ཡུལ་དེའི་གྷི་རན་པེ་ལེ་སིའི་ (Grand Palace) མགྲོན་ཁང་གི་ཚོགས་ཁང་དུ། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཏམ་བཤད་གནང་རྒྱུ་དང་། ཚེས་ ༡༠ ཉིན་ཡུལ་དེའི་མེ་ཡཱ་ཤི་ཏ་ཀོན་ (Miyashita Koen) སྐྱེད་ཚལ་དུ། བཀའ་བློན་མཆོག་དབུ་བཞུཊ་ཐོག་ཉི་ཧོང་སྐུ་ཚབ་དོན་གཙོད་ལྷག་པ་མཚོ་སྒོ་ལཊ་ཀྱིས་བཀའ་ཤག་གི་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པའི་གསུང་འཕྲིན་སྒྲོཊ་སྦྱང་། ཕྱི་དྲོ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཐུན་མོང་ཐོག་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་བཅས་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༡ ནས་ ༡༤ ཉིན་བར་བཀའ་བློན་མཆོག་གིས་མུ་མཐུད་དུ། ཉི་ཧོང་སེ་ཏ་མཱ་སྨན་ཁང་ (Saitama Medical Institution) དུ་གཟིགས་སྐོར་དང་འབྲེལ་སྨན་ཁང་དེའི་འགན་འཛིན་མཆོག་དང་མཇལ་འཕྲད་དང་། ཁུལ་དེའི་༼ཁ་བའི་འོག་གི་མེ༽ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་ཚོཊ་གཙོ་དང་སེ་ཧྥི་མཐོ་འབྲིང་སློབ་གྲྭའི་འགན་འཛིན་བཅས་ལ་མཇལ་འཕྲད། ཨོ་སཱ་ཀའི་ས་གནས་མང་ཚོགས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་བབ་ཐོག་གཏམ་བཤད་བཅས་སྤེལ་རྒྱུ་རེད།

དེ་བཞིན། དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཀྱང་ཐའེ་ཝན་དུ་ཕེབས་ཏེ་གསུམ་བཅུའི་དུས་དྲན་མཛད་སྒོར་མཉམ་ཞུཊ་གནང་རྒྱུ་ཡིན་པ་ལྟར། ཕྱི་ཚེས་ ༨ ཉིན་བཀའ་བློན་མཆོག་གིས་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་དུ་གཟིཊ་སྐོར་གནང་སྟེ་ཡུལ་དེའི་གྲོས་ཚོཊ་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་དང་། ཚེས་ ༩ ཉིན་ལག་དེབ་སྔོན་པོའི་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་མཁན་དང་། ཐའེ་ཝན་བོད་དོན་རྒྱབ་སྐྱོར་བ་དང་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་ཚོར་མཇལ་འཕྲད། ཚེས་ ༡༡ ཉིན་ཐའེ་ཝན་བོད་ཀྱི་ཆོས་ཚོཊ་ཁག་ལ་གཟིགས་སྐོར་གནང་རྒྱུ་ཡིན་པར་མ་ཟད། སྐབས་དེར་ས་གནས་བོད་རིཊ་མང་ཚོགས་ལ་གཏམ་བཤད་ཀྱང་གནང་རྒྱུ་ཡིན་འདུག

ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག དབུས་བོད་མིའི་སྒྲིག་འཛུཊ་ཕྱི་དྲིལ་དང་ཆོས་རིག དཔལ་འབྱོར། འཕྲོད་བསྟེན། བདེ་སྲུང་བཀའ་བློན་རྣམ་པ་ཨ་རི་དང་ཡུ་རོབ། ཨོ་སི་ཊོ་ལོ་ཡ། ཉི་ཧོང་། ཐའེ་ཝན་བཅས་སུ་ཆེད་ཕེབས་ཀྱིས་མང་ཚོགས་ཀྱི་ལས་འགུལ་ནང་མཉམ་ཞུཊ་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. རི་བོང། says:
    ལོ་ 13 སྔོན།

    འདི་བཀའ་བློན་ཚོར་གོ་སྐབས་ཐེངས་གཅིག་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese