མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“བོད་པ་བོད་ནང་ལོག་པ་ཡིན་ན་ང་ཡང་བོད་ནང་འགྲོ་རྒྱུ་ཡིན”

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་ངྷ་རམ་ས་ལ་ནི་འཛམ་གླིང་གི་མི་རིགས་འདྲ་མིན་འདུ་གནས་ཤིག་ཡིན་པ་མ་ཟད། ཕྱི་གླིང་བ་མང་པོ་ཞིག་ས་འདིའི་བོད་མི་སྐྱབས་བཅོལ་བ་ཚོ་དང་འགྲོག་འདྲིས་ཟབ་མོ་ཆགས་ཏེ། སློབ་སྦྱོང་དང་ལས་དོན་སྣ་ཚོགས་གཉེར་མཁན་ཡང་ཡོད་ལ། འགའ་རེས་བོད་པ་ཚོ་དང་གཉེན་སྒྲིག་གིས་མི་ཚེ་བོད་པའི་སྤྱི་ཚོགས་ནང་བསྟིམ་རྒྱུ་དམ་བཅའ་བཞག་ཡོད་འདུག

བུ་མོ་ཨན་ན་ལགས་ནི་བོད་པ་སྐྱབས་བཅོལ་བ་ཚོ་དང་འགྲོག་འདྲིས་རྒྱུན་རིང་ཤོས་གྲས་ཤིག་ཡིན་པ་མ་ཟད། བོད་པའི་སྲོལ་རྒྱུན་ཐང་ག་འབྲི་བཞེངས་ཀྱིས་མཚོན་པའི་བོད་སྐད་བོད་ཡིག་དང་། བོད་པའི་སྤྱི་ཚོགས་དང་རིག་གཞུང་ལ་དུང་ག་ཆེན་པོ་ཡོད་མཁན་ཞིག་ཡིན། ངྷ་ས་གངས་སྐྱིད་ཁུལ་དུ་ཁོང་མོར་ཨན་ན་ཞེས་འབོད་ཅིང་། ཁོང་མོའི་མིང་ཆ་ཚང་ལ་ཨན་ན་ཛུ་རན་སི་ཀཱ་ཡ་(Anna Zhuranskaya)ཞུ་བཞིན་ཡོད་འདུག། ཨན་ན་ལགས་ནི་རཱ་ཤཱི་ཡའི་རྒྱལ་ས་མོ་སི་ཀོ་ནང་གི་ཡེ་ཤུ་ཆོས་ལུགས་པའི་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་། རྗེས་སུ་རཱ་ཤཱི་ཡའི་བོད་པའི་ཐང་ག་འབྲི་མཁན་ཞིག་དང་ངོ་ཤེས་པ་ཆགས་ཤིང་། མོས་ལྷ་བྲིས་པ་ཁོང་གི་གམ་ནས་ཐང་ག་སྦྱང་མགོ་བརྩམས་ཡོད་འདུག ༢༠༠༤ ལོར་ཁོང་མོ་དགེ་རྒན་གྱི་ལམ་སྟོན་ལྟར་རྒྱ་གར་ངྷ་རམ་ས་ལར་ཡོང་སྟེ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ལྷ་བྲིས་འཛིན་གྲྭ་ནས་རྒན་སངས་རྒྱས་ཡེ་ཤེས་ལགས་དགེ་རྒན་དུ་བསྟེན་ཏེ་བོད་པའི་སྲོལ་རྒྱུན་ཐང་ག་འབྲི་བཞེངས་ཐོག་སློབ་སྦྱོང་བྱས་ཡོད་འདུག སྐབས་དེར་ཁོང་མོ་བོད་པའི་ཕོ་གསར་ལྷ་བྲིས་པ་བསྟན་འཛིན་དངོས་གྲུབ་ལགས་དང་མཛའ་འབྲེལ་ཆགས་ཤིང་། རྗེས་སུ་ཁོང་གཉིས་འཇིག་རྟེན་མཐུན་འཇུག་གི་གཉེན་སྒྲིག་བྱས་ཏེ་བུ་ཞིག་ཀྱང་སྐྱེས་ཡོད་པ་མ་ཟད། ཨན་ན་ལགས་སུ་དེ་སྔོན་རཱ་ཤཱི་ཡར་བུ་མོ་ཞིག་ཡོད་པ་དེ་ཡང་ངྷ་རམ་ས་ལར་ཁྲིད་ཡོང་སྟེ་བོད་པའི་སློབ་གྲྭར་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གསར་འགོད་པ་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཉེ་འགྲམ་དུ་ཡོད་པའི་ཨན་ན་ལགས་ཀྱི་སྡོད་གནས་སུ་བསྐྱོད་དེ། ཁོང་མོའི་འདས་པའི་ལོ་རྒྱུས་དང་འབྲེལ་ཏེ་གླེང་མོལ་བྱས་སྐབས་ཁོང་མོས་འདི་ལྟར་བརྗོད་བྱུང་། ང་དང་ཐོག་བོད་པའི་སྤྱི་ཚོགས་སུ་བསླེབས་སྐབས་དཀའ་ངལ་གང་འཚམ་འཕྲད་སོང་ལ། བསམ་བློ་གཏོང་ཕྱོགས་དང་གོམས་གཤིས་ཀྱི་ཐད་ནས་རང་གི་ཁྱོ་ག་ཡིན་ཡང་མ་མཐུན་པ་ཡོང་གི་འདུག ཡིན་ནའང་རིམ་བཞིན་གོམས་ལོབ་ཏུ་སོང་སྟེ། ད་ཆར་བོད་མི་ཚོར་འགྲོག་འདྲིས་བྱེད་བདེ་པ་དང་བོད་པའི་སྤྱི་ཚོགས་ནང་ཧ་ཅང་སྐྱིད་པོ་ཚོར་གྱི་འདུག ཐ་ན་རང་ཉིད་ཀྱང་བོད་པ་ཞིག་ཡིན་པའི་ཚོར་སྣང་སླེབས་ཡོང་གི་འདུག་ཟེར།

མོ་རང་ལ་བོད་ཀྱི་ཐང་གར་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཇི་ལྟར་བྱུང་ཚུལ་སྐོར་དྲིས་པར། སྔོན་མ་ང་རང་རཱ་ཤཱི་ཡར་ཡོད་པའི་སྐབས་ཤིག་ལ་རྒྱལ་ས་མོ་སི་ཀོ་ནང་རི་མོའི་འགྲེམས་སྟོན་ཞིག་གི་སྐབས་སུ་ངས་བོད་པའི་ཐང་ག་ཐོག་མར་མཐོང་བྱུང་། དེས་ང་ལ་བོད་ཀྱི་ཐང་གར་སློབ་སྦྱོང་བྱ་རྒྱུའི་སྤྲོ་བ་བསླེབས་བཅུག་པ་དང་། དེས་ནས་རྙིང་མའི་རིན་པོ་ཆེ་ཞིག་ལ་མཇལ་སྐབས་བོད་པའི་ཐང་གའི་སྐོར་མང་ཙམ་ཤེས་རྟོགས་བྱུང་སོང་། ཐོག་མ་སོ་སོས་རང་སྦྱོང་བྱས་ཤིང་། རྗེས་སུ་བོད་ལུགས་ཐང་ག་འབྲི་མཁན་རཱ་ཤཱི་ཡ་ཞིག་ཡོད་པ་དེའི་གམ་ནས་སློབ་སྦྱོང་བྱས་པ་ཡིན། དེ་ལྟར་རིམ་པས་བོད་པའི་ཐང་ག་འབྲི་བཞེངས་ལ་སློབ་སྦྱོང་བྱ་རྒྱུའི་འདུན་པ་སྔར་ལས་ཆེན་པོ་ཆགས་སོང་།

ཡང་ཁོང་ལ་བོད་པའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། དང་ཐོག་བོད་པ་ཚོས་ང་ལ་དབྱིན་ཇི་ཞེས་འབོད་སྐབས་སེམས་པ་སྐྱིད་པོ་ཁྱོན་ནས་མེད་པ་མ་ཟད། མཚམས་རེར་ངུ་མྱོང་། མ་གཞི་དེ་བོད་པ་ཚོས་ཆེད་དུ་བརྣག་པ་དེ་འདྲ་མ་རེད། ཕྱི་རྒྱལ་བ་ཚང་མར་དབྱིན་ཇི་ཟེར་གྱིན་འདུག ད་ལྟ་ཡིན་ནའང་ང་ལ་དབྱིན་ཇི་ཞེས་བོས་ན་སྐྱིད་པོ་མི་འདུག དཀའ་ངལ་གཞན་ཞིག་ནི་བོད་སྐད་གཏིང་ཟབ་མོ་ཞིག་བཤད་ཐུབ་ཀྱི་མི་འདུག ད་ལྟ་བར་དུ་བོད་ཡིག་བོད་སྐད་སྦྱངས་པ་ཡིན་ལ་ད་དུང་སྦྱོང་གི་ཡོད། འོན་ཀྱང་། གཏིང་ཟབ་མོ་ཞིག་དང་སོ་སོའི་འདོད་པ་ཁེངས་པ་ཞིག་བཤད་ཐུབ་ཀྱི་མི་འདུག་ཅེས་བརྗོད་བྱུང་།

ཁོང་གི་ཕྲུ་གུ་གཉིས་ག་བོད་པའི་སློབ་གྲྭར་གཏོང་དོན་གང་ཡིན་མིན་དྲིས་སྐབས། ངས་བུ་མོ་འཕྲིན་ལས་དཔའ་མོའི་སློབ་སྦྱོང་ཐད་དུས་ཡུན་རིང་པོར་བསམ་བློ་བཏང་མཐར། རཱ་ཤཱི་ཡ་ནས་ཚུར་བླངས་ནས་བོད་པའི་སློབ་གྲྭར་བཏང་པ་ཡིན། ད་ཆར་མོ་ཝ་རཱ་ཎ་སི་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་ཀྱིན་ཡོད། མོ་བོད་སྐད་ལ་ཡག་པོ་ཡོད་པ་མ་ཟད་ནང་ཆོས་ལ་དད་པ་ཧ་ཅང་ཆེན་པོ་རེད། མ་འོངས་པར་བོད་ལ་འགྲོ་འཆར་ཡོད་ཅིང་། མོས་དུས་རྒྱུན་རང་ཉིད་བོད་པ་གཙང་མ་གཙང་རྐྱང་ཞིག་བྱ་རྒྱུ་ཡིན་ཞེས་བཤད་ཀྱི་འདུག གཞན་བུ་བསྟན་འཛིན་ཚེ་རིང་དཔེ་སྟོན་སློབ་གྲྭར་འགྲོ་བཞིན་ཡོད། ད་ལྟ་ལོ་ཆུང་ཆུང་ཡིན་དུས་རྗེས་ཕྱོགས་ག་རེ་བྱ་དགོས་མིན་ད་དུང་ཐག་ཆོད་མེད།

མོ་རང་བཙན་བྱོལ་ནང་ལོ་མང་པོ་སྡོད་མཁན་ཞིག་བོད་པ་མཉམ་དུ་ལས་ཀ་བྱེད་མཁན་ཞིག་གི་ངོས་ནས་བཙན་བྱོལ་བོད་མིའི་འཐབ་རྩོད་ལ་ལྟ་སྟངས་གང་འདྲ་ཡོད་ཅེས་དྲིས་པར་ཁོང་གིས། ང་རང་ཆབ་སྲིད་ལ་དོ་སྣང་ཡོད་མཁན་ཞིག་མིན་པས་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་ཐད་གསལ་བོ་ཤེས་ཀྱི་མེད། འོན་ཀྱང་། བོད་རྒྱལ་ཞེན་ཅན་མང་པོ་ཞིག་མཐོང་གི་འདུག་ལ། འདིར་ཡོད་མཁན་བོད་པ་མང་པོ་ཞིག་ལྷོད་ལྷོད་དང་གནས་བབ་འདི་ལ་འདོད་བློ་ཁེངས་ཏེ་བསྡད་ཡོད་པ་ཞིག་མཐོང་གི་འདུག་ཅེས་བརྗོད་བྱུང་ལ། ཡང་མོས་ “ང་རང་ལ་མཚོན་ན་ད་ལྟ་འདིར་དངོས་ནས་སྐྱིད་པོ་འདུག འོན་ཀྱང་། རྗེས་མ་གནས་ཚུལ་ལ་འགྱུར་བ་ཐེབས་ན་གང་འདྲ་ཆགས་ཡོང་བསམ་ནས་ཞེད་སྣང་ཡོང་གི་འདུག གང་ལྟར། བོད་པ་ཚོ་གང་དུ་གནས་ཀྱང་ང་དེར་འགྲོ་རྒྱུ་ཡིན། བོད་དོན་འགྲིག་འཇགས་བྱུང་སྟེ་བོད་པ་བོད་ནང་ལོག་པ་ཡིན་ན་ང་ཡང་བོད་ནང་འགྲོ་རྒྱུ་ཡིན”ཞེས་བརྗོད་བྱུང་།

མཐར་མོ་རང་ཕྱི་མི་ཞིག་གི་ངོས་ནས་བོད་པའི་འཐབ་རྩོད་ལ་རེ་བ་འདྲ་མཐོང་གི་ཡོད་མེད་དྲིས་སྐབས་ཁོང་གིས། ངའི་ངོས་ནས་བོད་པའི་འཐབ་རྩོད་ལ་རེ་བ་མཐོང་གི་འདུག སྔོན་མ་ཨུ་རུ་སུ་དམར་པོའི་སྲིད་གཞུང་སྐབས་སུ་རཱ་ཤཱི་ཡའི་ནང་གི་ཁལ་མུག་དང་བྷོ་རི་ཡ། ཐཱོལ་ཝ་སོགས་ཀྱི་དགོན་སྡེ་ལ་གཏོར་བཤིག་དང་ཆོས་ལུགས་ཐོག་དམ་དྲག་ཆེན་པོ་བྱས་ཡོད་ཀྱང་། ད་ཆར་དགོན་པ་ཕལ་ཆེ་བ་བསྐྱར་གསོ་དང་ཆོས་ལུགས་རང་དབང་སོགས་ཐོབ་ཀྱི་ཡོད་པ་ལྟར། བོད་པ་ལ་མཚོན་ནའང་དུས་ཚོད་སྔ་ཕྱི་ཙམ་རེད་མ་གཏོགས་རང་དབང་འཐོབ་གི་རེད་དྲན་ཡོད་ཅེས་སྤོབས་པ་དང་བཅས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 3

  1. དུག་མདུང་རྩེ་དགུ། says:
    ལོ་ 13 སྔོན།

    སྲས་མོ་ཨ་ནའི་སྐྲ་མདོག་ནག་པོར་བསྒྱུར་འདུག་ལ། ཅུང་ཟད་རྒྱག་པའང་ཆགས་འདུག། སྔོན་མར་མོ་ལ་ཁྱོ་ཀས་ཐེངས་མང་པོར་ཉེས་རྡུང་བཏང་ཞིང་། མོ་རང་ཁོང་ཁྲོ་ལངས་ནས་བཟའ་ཚང་ཁྲིམས་མདུན་གྱི་ཡིག་ཆ་མེར་བསྲེགས་གཏོང་མྱོང་། མོའི་ཁྱོ་ཀ་་བསྟན་འཛིན་རྒྱ་གར་ནས་འཚར་ལོང་བྱུང་བའི་མི་ཞིག་ཡིན་ལ་ཆང་ལ་དགའ་བོ་ཞེ་དྲགས་ཡོད། མ་གཞི་ཨུ་རུ་སུའི་མི་ལ་འཇམ་པོ་ལས་ཅུང་ཟད་རྩུབ་ན་གོ་ར་འདུས་ཀི་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ བསམ་བློ་གཏོང་ཕྱོགས་དང་གོམས་གཤིས་ཀྱི་ཐད་ནས་རང་གི་ཁྱོ་ག་ཡིན་ཡང་མ་མཐུན་པ་ཡོང་གི་འདུག ཡིན་ནའང་རིམ་བཞིན་གོམས་ལོབ་ཏུ་སོང་སྟེ། ད་ཆར་བོད་མི་ཚོར་འགྲོག་འདྲིས་བྱེད་བདེ་པ་དང་བོད་པའི་སྤྱི་ཚོགས་ནང་ཧ་ཅང་སྐྱིད་པོ་ཚོར་གྱི་འདུག ཐ་ན་རང་ཉིད་ཀྱང་བོད་པ་ཞིག་ཡིན་པའི་ཚོར་སྣང་སླེབས་ཡོང་གི་འདུག་ཟེར། ་་་་ཟེར།

    Reply
  3. ཟླ་བ་སྒྲོལ་མ། says:
    ལོ་ 13 སྔོན།

    གསར་འགྱུར་དེའི་ཁ་བྱང་མཐོང་བ་དང་དེའི་ནང་གི་བུད་མེད་དེའི་པར་མཐོང་མ་ཐག་ཡིད་འགུལ་ཐེབས་པ་ཞིག་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese