མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཝེ་ཝེ་ཡི་གླུ་གཞས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་རྒྱལ་ས་པེ་ཅིན་དུ་གནས་སྡོད་རྒྱ་རིགས་སྒྱུ་རྩལ་པ་དང་། དམངས་གཙོ་དོན་གཉེར་བ་ཨེ་ཝེ་ཝེ་( Ai Weiwei)ཡིས་མི་འགྱངས་པར་གླུ་གཞས་སྒྲ་ཐག་ཅིག་འགྲེམས་སྤེལ་བྱ་འཆར་ཡོད་པ་དང་། དེ་ནི་སྒྱུ་རྩལ་པ་ཁོང་གིས་སེམས་ཚོར་བརྗོད་པ་ཞིག་ཡིན་འདུག
ལོ་ ༥༥ ལ་སོན་པའི་ཨེ་ཝེ་ཝེ་ནི་རྒྱ་ནག་གི་གྲགས་ཅན་བཟོ་བསྐྲུན་ཇུས་འགོད་པ་ཞིག་ཡིན་པ་དང་། ༢༠༡༡ ལོར་རྒྱ་ནག་གི་ལངས་ཕྱོགས་ལ་བསམ་ཚུལ་མི་མཐུན་པ་བཏོན་པར་བརྟེན་ཏེ་ད་ལྟ་ཡང་རྒྱ་གཞུང་གི་བཟང་བཙོན་འོག་བཞག་ཡོད།

ཁ་སང་གཟའ་ཟླ་བའི་ཉིན་ཨེ་ཝེ་ཝེ་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་བྱས་སྐབས་ཁོང་གིས་མི་རིང་བར་གླུ་གཞས་སྒྲ་ཐག་ཅིག་འགྲེམ་སྤེལ་བྱེད་རྒྱུ་ཡིན་པ་དང་། ཁོང་གིས་ང་ནི་རོལ་དབྱངས་ལ་རྒྱུས་མངའ་དེ་ཙམ་མེད་པ་ཞིག་ཡིན་ན་ཡང་ ༢༠༡༡ ལོར་བཙོན་འཇུག་བྱེད་སྐབས་བཙོན་སྲུང་བ་ཚོས་ང་ལ་གཞས་ཐོངས་དང་ཞེས་ཡང་ཡང་སྐུལ་མ་བྱས་བས་ང་ངོ་ཚ་བོ་བཟོས་པ་དང་། སྐབས་དེར་ངས་ནམ་ཞིག་ང་རང་འདི་ནས་ཕྱིར་ཐོན་པའི་སྐབས་ཞིག་ལ་རོལ་དབྱངས་དང་འབྲེལ་པའི་ལས་ཀ་ཞིག་བྱེད་དགོས་བསམ་སོང་ཟེར།

ཐེངས་འདིའི་བརྙན་འཁོར་ནང་གི་གླུ་གཞས་གཉིས་རྒྱ་ནག་གི་ཁྲིམས་མཐུན་ལས་འགུལ་བ་མིག་ལོང་བ་ཁྲེན་ཀང་ཁྲེན་(Chen Guangcheng)གྱི་སྐོར་ཡིན་ཞིང་། གཅིག་གི་མིང་ལ་ཨ་མེ་རི་ཁའི་མགྲོན་ཁང་( Hotel Americana )ཟེར་ཞིང་། དེ་ནི་ཨ་རིའི་གཞུང་ཚབ་ཁང་གིས་སྐུ་ཞབས་ཁྲེན་ལ་གནས་ཚང་གཡར་བའི་སྐོར་དང་། གཉིས་པ་དེ་མིང་ལ་གྱང་ལ་བརྒལ་བ་(Climbing over the་Wall )ཟེར་ལ་དེའི་མཚོན་དོན་ནི་སྐུ་ཞབས་ཁྲེན་གྱང་ལ་འཛེགས་ཏེ་ཁོང་གི་གྲོང་གསེབ་ནས་བྲོས་བའི་སྐོར་ཡིན་འདུག  

ཁོང་གིས་གསུང་རྒྱུར་ངའི་སྒྲ་ཐག་འདི་བདུན་ཕྲག་གསུམ་གྱི་ནང་ཚུན་ལ་ཕྱི་ཕྱོགས་སུ་ཐོན་རྒྱུ་ཡིན་པ་དང་། ངས་གཞུང་ཕྱོགས་ནས་འདི་ལ་སྡང་སེམས་འཛིན་པར་སེམས་ཁྲལ་བྱེད་ཀྱི་མེད་ཀྱང་། ཡིད་མུག་པ་ཞིག་ལ་རྒྱ་ནང་དུ་ཇི་ལྟར་ཚོང་འགྲེམས་བྱེད་རྒྱུ་ཡིན་པ་དེ་ཡིན་ཟེར། ཡང་ཁོང་གིས་ངས་སྒྲ་ཐག་འདི་སྒྲ་འཇུག་བྱེད་ཀྱིན་པའི་སྐབས་ནི་ང་རང་སྒྱུ་རྩལ་དང་ཐག་རིང་དུ་གྱེས་པ་མིན་ལ་ངས་བསམ་ན་སྒྱུ་རྩལ་གྱི་རིགས་གང་ཞིག་ཡིན་ན་ཡང་དེའི་བྱེད་ལས་ནི་གཅིག་རེད་དྲན་པ་ནང་བཞིན་ངའི་སྒྱུ་རྩལ་ལ་མཚོན་ན་ཡང་རང་ཉིད་ཀྱི་བསམ་ཚུལ་བཀོད་འགྲེམས་བྱེད་རྒྱུ་དང་མི་གཞན་དང་མཉམ་དུ་འགྲོག་འདྲིས་བྱེད་རྒྱུ་དེ་རེད་ཟེར། མཐར་ཁོང་གིས་ང་ནི་རོལ་དབྱངས་དང་ཆེས་རྒྱང་ཐག་རིང་པའི་མི་ཞིག་ཡིན་པ་དང་། གཞས་གཅིག་ཀྱང་བཏང་མྱོང་མེད་པའི་མི་ཞིག་ཡིན་ན་ཡང་ཁྱོད་ཀྱིས་ངའི་བརྙན་འཁོར་དེ་ལ་ཉན་རྗེས་ཧ་ལས་བ་དང་དགའ་ཐག་ཆོད་ཡིན་ཟེར།
ཨེ་ཝེ་ཝེ་ལགས་ཀྱིས་བརྙན་འཁོར་གཉིས་པ་ཞིག་ཀྱང་བཟོ་འཆར་ཡོད་པ་དང་། དེ་ནི་དྲག་གཞས་(Rock)དང་གཞས་མ་གཏམ་(Pop)གྱི་ཤུགས་རྐྱེན་ཡོད་པ་ཞིག་ཡིན་པས་ན།
མི་མང་ཚོས་དགའ་བསུ་ཐོབ་པར་རེ་བ་བྱེད་ཀྱི་ཡོད་ཟེར།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese