མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ ༡༣ ནང་རྐང་འཁོར་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིར་གནས་སྡོད་རིན་པོ་ལགས་ཀྱིས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་ཁྱེར་ཏེ། ཡུ་རོབ་རྒྱབ་ཁབ་ ༡༣ ནང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་གནང་འདུག

ཕྱི་ཚེས་ ༡༧ ཉིན་ཨ་རིའི་མེ་ནི་སོ་ཏྲར་གནས་སྡོད་བོད་མི་རིན་པོ་ལགས་ཀྱིས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་དག་གི་མངོན་འདོད་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཆེད་བྷེལ་ཇམ་གྱི་རྒྱལ་ས་སྦ་རཱ་སིལ་ནས་མགོ་བཙུགས་ཏེ། ཡུ་རོབ་ནང་གི་རྒྱལ་ཁབ་ཁག་ ༡༣ གྱི་གྲོང་ཁྱེར་དང་གྲོང་བརྡལ་ ༢༠༠ ཙམ་ནང་རྐང་འཁོར་སྐོར་སྐྱོད་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག

བྷེལ་ཇམ་དུ་གནས་སྡོད་བློ་གྲོས་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པ་ལྟར་ན། གཟའ་ཉི་མའི་ཉིན་བྷེལ་ཇམ་བོད་རིགས་ཚོགས་པ་དང་ས་གནས་གཞོན་ནུ། ས་གནས་ཆུ་སྒང་བཅས་ཀྱི་གོ་སྒྲིག་འོག བྷེལ་ཇམ་རྒྱལ་ས་སྦ་རཱ་སིལ་ནང་། རིན་པོ་ལགས་ཀྱི་ལས་འགུལ་མགོ་འཛུགས་མཛད་སྒོ་ཞིག་ཚོགས་པའི་སྟེང་། ཚོགས་པ་ཁག་གི་མཛད་གཙོ་རྣམ་པས་ཁོང་གི་ལས་འགུལ་ལ་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་མཐར། ཚོགས་པ་ཁག་དང་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁོང་ལ་ཕེབས་སྐྱེལ་བྱས་ཡོད་འདུག

རིན་པོ་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་སྐབས་འགྲེམས་སྤེལ་བྱེད་བཞིན་པའི་འབོད་སྐུལ་ཡིག་ཆའི་ནང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་མཐུན་ཚོགས་དང་དེའི་ཁོངས་མི་རྒྱལ་ཁབ་ཁག་གིས་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་དེ། བོད་མིར་རང་དབང་དགོས། ༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་འཇུག་དགོས་ཞེས་པར་རྒྱབ་སྐྱོར་ཐོག རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག

ཡིག་ཆ་དེར། རྒྱ་གཞུང་གིས་བོད་མིར་དྲག་གནོན་མནར་གཅོད་བཟོད་ཐབས་མེད་པ་བཟོ་བཞིན་པ་དེ་དག་ཐབས་ལམ་སྣ་ཚོགས་བརྒྱུད་འགོག་ཐབས་དང་བོད་ཀྱི་རྩ་དོན་སེལ་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་བཅས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྒྲུབ་དགོས་པའི་འགན་འཁྲི་ཡིན་སྟབས། ཁོང་བོད་ནང་གི་སྤུན་ཟླ་བོད་མི་ཚོའི་མགྲིན་ཚབ་བྱས་ཏེ། ཡུ་རོབ་རྒྱལ་ཁབ་ཁག་གི་མགོ་ཁྲིད་རྣམ་པ་དང་ཤེས་ཡོན་ཅན། སློབ་ཕྲུག མི་མང་བཅས་ཀྱིས། ༡༽ རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་གྲོས་མོལ་བརྒྱུད་སེལ་ཐབས་བྱ་དགོས་པ་དང་། ༢༽ མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ། རང་དབང་ཅན་གྱི་གསར་འགོད་པ་བཅས་བོད་ནང་བསྐྱོད་བཅུག་སྟེ། བོད་མིའི་རང་ལུས་མེར་བསྲེགས་གནས་སྟངས་དང་དེའི་རྒྱུ་རྐྱེན་ལ་རྒྱུས་ལོན་རྟོག་ཞིབ་བྱེད་འཇུག་རྒྱུ་བཅས་ཀྱི་ཐད་རྒྱ་གཞུང་ལ་སྐུལ་འདེད་གནང་དགོས་པའི་འབོད་སྐུལ་ཞུས་འདུག

རིན་པོ་ལགས་ཀྱིས་རྒྱལ་ཁབ་དེ་དག་ནང་སྐོར་སྐྱོད་ཀྱིས་མཚན་རྟགས་བསྡུ་རིབ་གནང་རྗེས་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་མི་རྒྱབ་ཁབ་ཁག་བཅས་ལ་འབུལ་རྒྱུ་ཡིན་འདུག

ཐེངས་འདིའི་རིན་པོ་ལགས་ཀྱི་རྐང་འཁོར་སྐོར་སྐྱོད་བྱེད་ཡུལ་ནི་བྷེལ་ཇམ་ནས་ཧྥ་རན་སི་དང་། སི་པེན། ཨི་ཊ་ལེ། སུད་སི། ཨོ་སི་ཀྲོ་རི་ཡ། ཅེ་ཀི་སྤྱི་མཐུན་རྒྱལ་ཁབ། འཇར་མན། སུ་ཝེ་ཌན། ནོར་ཝེ། ཌན་མཀ ཧོ་ལན་ཌི། དབྱིན་ཡུལ་བཅས་ཡིན་འདུག

གསར་འགོད་པས་རིན་པོ་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་བྱས་ཀྱང་མཐུད་ཐུབ་མ་བྱུང་སྟབས། བློ་གྲོས་རྣམ་རྒྱལ་ལགས་སུ་ཁ་པར་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་པར། རིན་པོ་ཁོང་གིས་ནམ་རྒྱུན་རང་ཉིད་སློབ་སྦྱོང་ཡག་པོ་ཡོད་མཁན་ཞིག་མིན་ཡང་། བོད་ཀྱི་རྩ་དོན་དང་ལྷག་པར་དུ་རང་སྲོག་བློས་གཏོང་གིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ཚོའི་མངོན་འདོད་རྒྱལ་སྤྱིའི་སྟེངས་བསྐྱལ་རྒྱུ་དང་རྒྱབ་སྐྱོར་རག་ཐབས་སུ་སོ་སོ་བོད་མི་ཞིག་གི་ངོས་ནས་རང་འགན་རང་ཁུར་གྱིས་ནུས་པ་རེ་འདོན་ཐབས་བྱེད་ཀྱི་སྐོར་བརྗོད་འདུག

རིན་པོ་ལགས་ཀྱི་སྐྱེས་ཡུལ་བོད་ཡིན་པ་དང་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ ༡༩༩༨ ལོར་ཨ་རིར་གནས་སྤོར་བྱས་ཤིང་། ༢༠༠༠ ལོའི་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན་ཏེ། ཨ་རིའི་མངའ་སྡེ་མེ་ནེ་སོ་ཊ་ནས་མགོ་འཛུགས་ཐོག ད་སྔ་ཨ་རིའི་མངའ་སྡེ་ ༤༤ ནང་མེལ་ལེ་ ༨༤༠༠ ལྷག་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ ༢༤ དང་། ཕྱག་འཚམ་ནས་སྐྱོད་པའི་ལས་འགུལ་ཐེངས་གཉིས། གོམ་བགྲོད་ལས་འགུལ་ཐེངས་གཉིས་བཅས་སྤེལ་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༦ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 2

  1. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །རིན་པོ་ལགས་ནི་དེ་སྔོན་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་གོ་སྒྲིག་གནང་བའི་རྐང་འཁོར་སྐོར་བསྐྱོད་དང་ཞི་བའི་གོམ་བགྲོད་སོགས་ཐེངས་ཁ་ཤས་གནང་མྱོང་ཡོད་པ་མ་ཟད་གུས་རང་ཀྱང་རིན་པོ་ལགས་དང་མཉམ་དུ་གོམ་བགྲོད་ཐེངས་རེ་གཉིས་ཙམ་བྱེད་རྒྱུ་བྱུང་བས་དགའ་འཚོར་ཡོད། ད་རེའི་རྐང་འཁོར་བསྐོར་བསྐྱོད་འདི་བཞིན་སྐུ་གཟུགས་གསལ་ཐང་ཐོག་ལམ་ལྷོངས་ཡོང་བའི་སྨོན་བདུན་ཞུ། །

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    རིན་པོ་ལགས་ཀྱི་སྐྱེས་ཡུལ་བོད་ཨ་མདོ་རྔ་བ་ཡིན་པ་དང་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ ༡༩༩༨ ལོར་ཨ་རིར་གནས་སྤོར་བྱས་ཤིང་། ༢༠༠༠ ལོའི་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན་ཏེ། ཨ་རིའི་མངའ་སྡེ་མེ་ནེ་སོ་ཊ་ནས་མགོ་འཛུགས་ཐོག ད་སྔ་ཨ་རིའི་མངའ་སྡེ་ ༤༤ ནང་མེལ་ལེ་ ༨༤༠༠ ལྷག་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ ༢༤ དང་། ཕྱག་འཚམ་ནས་སྐྱོད་པའི་ལས་འགུལ་ཐེངས་གཉིས། གོམ་བགྲོད་ལས་འགུལ་ཐེངས་གཉིས་བཅས་སྤེལ་ཡོད་འདུག

    ཡང་བསྐྱར་རིན་པོ་ལགས་ཀྱིས། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་དག་གི་མངོན་འདོད་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཆེད་བྷེལ་ཇམ་གྱི་རྒྱལ་ས་སྦ་རཱ་སིལ་ནས་མགོ་བཙུགས་ཏེ། ཡུ་རོབ་ནང་གི་རྒྱལ་ཁབ་ཁག་ ༡༣ གྱི་གྲོང་ཁྱེར་དང་གྲོང་བརྡལ་ ༢༠༠ ཙམ་ནང་རྐང་འཁོར་སྐོར་སྐྱོད་གྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག་པས་ཐུགས་རྗེ་ཆེ་ཞུ།

    ལས་འགུལ་འདི་ནི། བོད་མི་སྒེར་བ་ཞིག་ལ་འཁྲི་བའི་ལས་འགུལ་དང་བླངས་བྱས་པ་ནི། རང་འགུལ་རང་རྟོགས་ཀྱི་བསམ་བློ་དང་འགན་སེམས་ཤིག་ཡོད་པ་མཚོན་གྱི་འདུག ཡང་བསྐྱར་ཁ་དྲོ་བཀྲ་ཤིས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese