མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་འགལ་བྱ་སྤྱོད་བཅུ་གསུམ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉེ་ལམ་མདོ་སྨད་རེབ་གོང་ཁུལ་འོག་གི་ཞང་སོ་སོར་༼བོད་རང་བཙན་གྱི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་བཅུ་གསུམ༽ཞེས་པའི་ཡིག་ཆ་ཟླ་ཚེས་གསལ་བོ་མེད་པ་ཞིག་བཀྲམས་ཡོད་འདུག

བོད་འབྱོར་གནས་ཚུལ་ནང་བཀོད་དོན། “རང་རྫོང་གི་རྒྱུན་ལྡན་གྱི་སྤྱི་ཚོགས་བདེ་སྐྱོང་གི་སྒྲིག་ལམ་ལ་ཤུགས་ཆེན་པོས་སྲུང་སྐྱོང་བྱེད་པ་དང་། ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་རིགས་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་གཏོང་ཆེད། ད་ལྟ་༼བོད་རང་བཙན་གྱི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་བཅུ་གསུམ༽ཞེས་པ་དཔར་ཏེ་ཁྱེད་རྣམས་ལ་བཀྲམ་ཡོད་པས། འདིས་རང་རྫོང་གི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱི་ངོས་ཟིན་ཇེ་མཐོར་གཏོང་བ་དང་བསམ་བློ་གཅིག་གྱུར་འབྱུང་བ། བོད་རང་བཙན་གྱི་བྱ་སྤྱོད་ལ་རང་རྟོགས་སྒོས་འཐབ་རྩོད་བྱེད་པར་རོགས་རམ་བྱེད་ཐུབ།

གཅིག མི་གཞན་རང་སྲེག་བྱེད་པར་སྐུལ་སློང་དང་ངན་སྐུལ་བྱེད་པ། མགོ་སྐོར་གཏོང་བ།

གཉིས། རང་སྲེག་གི་གྱོད་དོན་བྱུང་རྗེས། སྲིད་གཞུང་ལས་ཁུངས་ཀྱིས་མྱུར་སྐྱོབ་བྱེད་པ་དང་སྤྱི་བདེ་མི་སྣས་བདེན་དཔང་འཚོལ་བར་བར་ཆད་བྱེད་པ་དང་། གོ་སྐབས་ལ་བརྟེན་ནས་འདུ་ཚོགས་བྱེད་པ་དང་བེམ་པོ་འཁུར་ནས་ཁྲོམ་སྐོར་བྱེད་པ། ཁྲིམས་འགལ་གྱིས་བལྟ་རུ་འགྲོ་བ་དང་འཚམས་འདྲི་བྱེད་པ། ཞལ་འདེབས་འབུལ་བ།

གསུམ། རྒྱལ་ཁོངས་ཕྱིའི་ཁ་བྲལ་སྟོབས་ཤུགས་ལ་འབྲེལ་མཐུད་བྱེད་པ་དང་། རང་སྲེག་བྱས་པའི་ཡུལ་དངོས་དང་མང་ཚོགས་འདུས་པའི་ཡུལ་དངོས་༼ཡང་ན་དོན་དག་བྱུང་རྗེས་འཚོལ་བསྡུ་བྱེད་པ་༽པར་ལེན་པ་དང་བརྙན་ཕབ་སྟེ། ཁ་བྲལ་སྟོབས་ཤུགས་ལ་གསང་འཕྲིན་དང་ཆ་འཕྲིན་མཁོ་འདོན་བྱེད་པ།

བཞི། རྒྱལ་ཁོངས་ཕྱིའི་ཁ་བྲལ་སྟོབས་ཤུགས་དང་ཕན་ཚུན་རྒྱང་རིང་ནས་གཞོགས་འདེགས་བྱེད་པ་དང་། གཞི་རིམ་སྤྱི་ཚོགས་ནས་མང་ཚོགས་ཀྱིས་“མཉམ་འབྲེལ་བྱེད་དུ་མི་འཇུག་པར”བཙན་ཤེད་ཀྱིས་རྩ་འཛུགས་བྱེད་པའི་རེ་ངན་བཅངས་པ།

ལྔ། བོད་རང་བཙན་གྱི་རྒྱབ་ལྗོངས་ཡོད་པའི་ཁྲིམས་འགལ་གྱི་རྩ་འཛུགས་དང་བོད་རང་བཙན་གྱི་ཆེད་དུ་ཟིང་ཆ་སློང་བའི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་བྱ་འགུལ་དུ་ཞུགས་པ།

དྲུག “ཕ་སྐད་ལ་སྲུང་སྐྱོབ་བྱེད་པ་”དང་”ཁོར་ཡུག་བསྲུང་སྐྱོབ་བྱེད་པ་” སོགས་ལ་ཁ་གཡར་ཏེ། མི་གཞན་རྣམས་སྲང་དུ་སོང་ནས་ཁྲིམས་འགལ་གྱི་ཁྲོམ་སྐོར་བྱེད་པ་དང་ངོ་རྒོལ་གྱི་སྦྱར་ཡིག་སྦྱོར་བར་བཙན་སྐུལ་བྱེད་པ།

བདུན། ཁ་བྲལ་རིང་ལུགས་ཀྱི་གཏམ་བརྗོད་སྒྲོག་པ་དང་། ཁ་བྲལ་རིང་ལུགས་ཀྱི་གཏམ་བརྗོད་ཡོད་པའི་རི་མོ་དང་སྒྲ་བརྙན་བཟོ་བ་དང་འཚོང་བ། བརྒྱུད་སྒྲོག་བྱེད་པ།

བརྒྱད། རྒྱལ་ཁོངས་ཕྱིའི་ལས་དོན་ལ་ཁ་གཡར་ཏེ་སྤྱི་ཚོགས་ཀྱི་སྟེང་ནས་མ་དངུལ་བསྡུ་རུབ་བྱེད་པ་དང་ཞལ་འདེབས་འབུལ་བར་རྩ་འཛུགས་བྱེད་པ།

དགུ། སློབ་རའི་ནང་དུ་བོད་རང་བཙན་གྱི་གཏམ་བརྗོད་དང་ཐལ་དྲགས་པའི་མི་རིགས་རིང་ལུགས་ཀྱི་བསམ་བློ་སྤེལ་བ།

བཅུ། “མི་རིགས་ཀྱི་བྱ་གཞག་”ཅེས་པར་ཁ་གཡར་ཏེ། ཉེས་མེད་ཀྱི་མང་ཚོགས་དང་ཏང་སྲིད་ལས་བྱེད་པར་འཇིགས་སྐུལ་བ་དང་རྡུང་རྡེག་གཏོང་བ། འཁོན་ལན་སློག་པ།

བཅུ་གཅིག བསང་ཕུད་པ་དང་ཆོས་འདོན་པ། ཚེ་ཐར་དུ་གཏོང་བ། ལཱ་སྒྲོན་བཀར་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། རང་སྲེག་མཁན་ལ་བསྔོ་སྨོན་བྱེད་པ་དང་ཡང་ན་བོད་རང་བཙན་ཚོགས་པར་རྒྱང་རིང་ནས་གཞོགས་འདེགས་བྱེད་པ།

བཅུ་གཉིས། བོད་ཁུལ་བདེ་སྲུང་དང་འབྲེལ་བའི་དོན་རྐྱེན་ཐག་གཅོད་པའི་བྱ་བ་མི་བརྩི་བར་བསམ་བཞིན་ངོ་རྒོལ་བྱེད་པ།

བཅུ་གསུམ། རྒྱལ་ཁོངས་ཕྱིའི་ཁ་བྲལ་སྟོབས་ཤུགས་ཀྱི་བསླུ་བྲིད་ལ་གཞོགས་འདེགས་བྱས་ཏེ། བོད་ཁུལ་ནས་མི་རིགས་ཕན་ཚུན་བར་བསམ་བཞིན་འགལ་བ་བཟོ་བ་སོགས་སོ།།”  ཞེས་བཀོད་འདུག

གོང་གསལ་གནས་ཚུལ་དེ་༼ཁུལ་ཨུའི་ཧྲུའུ་ཅུ་ཅུས་ཁི་ཀྲོང་གིས་ཁུལ་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་སྟེང་གནངས་པའི་གསུང་བཤད་ལས་བཏུས་པ་ཡིན༽ ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དང་པོ། ངན་སྐུལ་བྱེད་མཁན་མེད།
    གཉིས་པ། ང་ཁག་གཡོག་པ་རེད།
    གསུམ་པ། དབང་ཡོད་རེད།
    བཞི་པ། བཙན་ཤེད་རེད།
    ལྔ་པ། ཁྲིམས་འགལ་རེད།
    དྲུག་པ། ཐོབ་ཐང་འཕྲོག་པ་རེད།
    བདུན་པ། ཁ་བྲལ་རིང་ལུགས་སུ་འཇུག་མཁན་གཏེ་བོ་དེ་རྒྱ་གཞུང་རེད།
    བརྒྱད་པ། གྲངས་ཉུང་མི་རིགས་རྩ་གཏོར་གྱི་འཆར་གཞི་རེད།
    དགུ་པ། ལོ་རྒྱུས་ལ་འཁྱོག་བཤད་རེད།
    བཅུ་པ། རྒྱ་གཞུང་གིས་བོད་རིགས་ལ་གདུག་རྩུབ་གསལ་སྟོན་བྱས་པ་རེད།
    བཅུ་གཅིག་པ། རྒྱ་གཞུང་ཆོས་མེད་ཀླ་ཀློ་ཡིན་པར་མཚོན།
    བཅུ་གཉིས་པ། ཁག་དཀྲིས་དང་རང་གི་གདུག་རྩུབ་བསྟན་པ་རེད།
    བཅུ་གསུམ་པ། རྒྱ་གཞུང་གི་བསླུ་བྲིད་དང་། མི་རིགས་ཕན་ཚུན་བར་འགལ་ཟླ་བཟོ་མཁན་གཙོ་བོ་དེ་རྒྱ་གཞུང་གི་སྲིད་བྱུས་ངན་པ་དེ་རེད།

    Reply
  2. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    རྒྱ་གཞུང་གིས། 《བོད་རང་བཙན་གྱི་ངོ་བོ་ལྡན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་བཅུ་གསུམ》་ཟེར་བའི་ཡིག་ཆ་ཞིག་བཀྲམས་པ་འདིས། ལྡོག་ཕྱོགས་ནས་བོད་མི་རིགས་ལ་སྐུལ་འདེད་དང་གསལ་འདེབས་བྱས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese