མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་ཕ་གསོད་ལག་དམར་གཞུང་ལ་བུ་བཅོལ་ཐུབ་ས་མ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་རམ་ས་ལའི་ལྷ་རྒྱ་རིའི་སྐོར་ལམ་ནང་རྒྱལ་གཅེས་དཔའ་བོ་འཇལ་དཔལ་ཡེ་ཤེས་ལགས་ཀྱི་རྗེས་དྲན་རྡོ་རིང་བཞེངས་སྐྲུན་གནང་སྟེ། འདས་པོ་ཁོང་གི་ཞལ་ཆེམས་ལྟར་༧གོང་ས་མཆོག་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུ་ཐུབ་པ་བྱེད་དགོས་ཟེར།

དེ་རིང་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ནི་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་ལྡི་ལིར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་སྐུ་གྲོངས་བའི་ཉིན་མོར་ཁེལ་ཡོད་སྟབས། ངྷ་ས་ལྷ་རྒྱ་རིའི་ཕྱི་སྐོར་ནང་ཡོད་པའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་སྐུ་བརྙན་རྡོ་རིང་འགྲམ་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་བརྙན་རྡོ་རིང་ཞིག་བཞེངས་སོང་། ཞོགས་པའི་མཛད་སྒོའི་སྟེང་ཆབ་སྲིད་བཙོན་ཟུར་དགེ་བཤེས་དཔལ་ལྡན་རྒྱ་མཚོ་ལགས་དང་། དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་བཅས་ཕེབས་འདུག

རྡོ་རིང་དབུ་འབྱེད་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གཙོས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བློས་གཏོང་གནང་རྒྱུ་ཡོད་ཚད་དེ་གནང་ཟིན་པ་དང་། ཁོང་ཅིག་གི་ཡིད་ཆེས་དང་རེ་བ་དེ་བཙན་བྱོལ་རང་དབང་ལུང་པར་ཡོད་མཁན་ཚོའི་ཕྲག་ཏུ་བབ་ཡོད་སྟབས། བོད་ནང་གི་གནས་སྟངས་རྒྱལ་སྤྱིར་ཁྱབ་བསྒྲགས་བརྒྱུད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ། རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཞལ་ཆེམས་ནང་བཀོད་པ་ལྟར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཕོ་བྲང་པོ་ཏ་ལར་གདན་འདྲེན་ཞུས་ཏེ། བོད་གཞིས་བྱེས་མཉམ་འཛོགས་ཐོག་ཕོ་བྲང་པོ་ཏ་ལའི་མདུན་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་ཐུབ་པ་བྱ་དགོས་སྐོར་བརྗོད་བྱུང་།

དེའི་རྗེས་ཆབ་སྲིད་བཙོན་ཟུར་དགེ་བཤེས་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས། འཇམ་དཔལ་ཡེ་ཤེས་ལགས་ནི་ནམ་རྒྱུན་དོ་སྣང་བྱེད་ཡུལ་དང་སྐད་གྲགས་ཆེན་པ་ཡོད་པ་དེ་འདྲ་མིན་ཡང་། ཁོང་བོད་མི་རྩམ་གཟན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་གནས་བབས་ཧ་ཅང་ཛ་དྲག་ཏུ་གྱུར་པ་མ་བཟོད་པར་རང་ལུས་མེ་རུ་བསྒྲོན་ཏེ་བོད་མིའི་འཐབ་རྩོད་གནང་ཡོད་པ་དང་། ཁོང་གི་ཞལ་ཆེམས་ནང་བོད་མི་ཚོས་བོད་ཀྱི་ལ་རྒྱ་མ་བརླག་པ་བྱེད་དགོས་ཞེས་འཁོད་ཡོད་པ་ལྟར། ལ་རྒྱ་ཟེར་པ་དེ་དེ་སོ་སོའི་འཚོ་བ་འགྲིག་ཙམ་ཞིག་ལ་མི་ཟེར་བར། ཆུང་ས་ནས་སྒེར་གྱི་ཁྱིམ་བརྒྱུད་དང་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས་རྒྱུན་གནས་ཐུབ་པ་བྱེད་དགོས་སྐོར་བརྗོད་བྱུང་།

ཁོང་གིས་བརྗོད་དོན་ “རིག་གནས་གསར་རྗེས་སྐབས་ཉིན་གཅིག་ངས་རྒྱ་ནག་གི་ཚགས་པར་ཞིག་མཐོང་པའི་ཁ་བྱང་སྟེང་ཡུལ་གྱར་སྲིད་གཞུང་གིས་ཨ་རིར་དོན་གཅོད་ཁང་བཙུགས་འདུག དོན་གཅོད་ཐུབ་བསྟན་ཐར་པ་ཟེར་པ་རེད་ཅེས་གསལ་འདུག ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་སྐབས་དེར་ཡུལ་གྱར་སྲིད་གཞུང་ཞེས་བཀོད་འདུག སྐབས་དེར་རྒྱ་མིས་ཀྱང་ང་ཚོའི་སྒྲིག་འཛུགས་ལ་གཞུང་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་རེད”ཞེས་བརྗོད་སོང་།

མཐར་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། གཙོ་བོ་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་དང་ལྷག་པར་དུ་བོད་ནང་གི་བོད་མི་ ༡༡༡ གིས་རང་ལུས་མེར་བསྲེགས་གནང་སྐབས་ཀྱི་འབོད་སྒྲ་དང་ཞལ་ཆེམས། རེ་བ་གཙོ་བོ་བོད་རང་བཙན་གྱི་གནས་བབས་སླར་གསོའི་ཐོག་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན་སྟབས། མཆོད་འབུལ་དྲན་རྟེན་ལས་ལྷག་པའི་གནད་དོན་གལ་ཆེ་ཤོས་ཁོང་ཚོའི་འབོད་སྒྲ་དང་ཞལ་ཆེམས། རེ་བ་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་ཡིན་སྐོར་དང་། བཙན་བྱོལ་ནང་བོད་མིའི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཐད་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ནོར་འཁྲུལ་ཅན་ལ་བརྟེན་ནས་བྱུང་ཚུལ་ཤོད་ཀྱི་ཡོད་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དང་བཙན་བཟུང་དབང་སྒྱུར་གྱི་བརྒྱུད་རིམ་ཁྲོད་བོད་རྩ་མེད་གཏོང་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་ཐད་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། འདི་ལོའི་གསུམ་དུས་ཐེངས་ ༥༤ པའི་སྲིད་སྐྱོང་མཆོག་གི་བསྒྲགས་གཏམ་ནང་མེར་བསྲེགས་རྒྱུ་རྐྱེན་སྔར་ལས་ལྷག་ཙམ་ཁ་གསལ་བྱུང་ཡོད་པ་དང་། ལྷག་པར་དུ་ད་ལྟ་འཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ར་བའི་ནང་གཞིས་བཞུགས་བོད་རྒྱ་ཆེ་མི་མང་དང་ལྷག་པར་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རང་བཙན་གྱི་འབོད་སྒྲ་དང་མངོན་འདོད་ཁ་ཇེ་གསལ་དང་ཤུགས་ཆེ་རུ་ཡོང་གི་ཡོད་པ་དེ་དག་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ལ་མཐོང་གི་ཡོད་སྐོར་བརྗོད་སོང་།

གསར་འགོད་པས་སྐུ་བརྙན་རྡོ་རིང་དབུ་འབྱེད་ལ་མཉམ་ཞུགས་གནང་མཁན་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་དག་གི་གནས་ཚུལ་ལ་ཞིབ་འཇུག་ཡག་པོ་བྱས་ཏེ་གྲངས་ཀ་ཕྱིར་བསྒྲགས་བྱ་གལ་ཆེ་བ་དང་། བོད་པའི་རྩ་དོན་ཆེད་ཆུ་དང་གཡང་ལ་མཆོང་མཁན་དག་ལའང་དོ་འཁུར་བྱེད་དགོས་སྐོར་བརྗོད་བྱུང་། ཁོང་གིས་མུ་མཐུད་དུ། རང་སྲོག་བློས་གཏོང་གནང་མཁན་ཚོས་བོད་ཀྱི་བདེན་པའི་མར་མེ་དེ་མུ་མཐུད་གསོན་པོར་གནས་བཅུག་ཡོད་པའི་སྐབས་འདིར། གསོན་པོར་གནས་པའི་བོད་མི་རེ་རེ་ནས་ཀྱང་ངེས་པར་དུ་དམ་བཅའ་རེ་བཞག་སྟེ་བདེན་པའི་མར་མེ་བསྒྲོན་པའི་དུས་སླེབས་ཡོད་པ་དང་། འཐབ་རྩོད་ཀྱི་ཕྱོགས་ནས་ཚང་མ་རྡོག་རྩ་གཅིག་སྒྲིལ་ཐོག་འགྲོ་རྒྱུ་ཡིན་ནམ་ཡང་ན་སོ་སོའི་དམིགས་ཡུལ་རང་བཙན་དང་དབུ་མ་ཞེས་ཁ་གྱེས་ནས་འགྲོ་རྒྱུ་ཡིན། འདིའི་ཐད་གཞུང་གི་དབུ་ཁྲིད་ཚོས་དགོངས་པ་བཞེས་དགོས་པའི་དུས་ལ་སླེབས་ཡོད་སྐོར་བརྗོད་བྱུང་། ཁོང་གིས་བརྗོད་དོན། “ང་ལྟ་བུ་ཞིག་ལ་མཚོན་ན། ངའི་ཕ་མ་དམར་གསོད་གཏོང་མཁན་གྱི་ལག་དམར་སྲིད་གཞུང་དེ་ལ་ངའི་ཕྲུ་གུར་ལྟ་སྐྱོང་བྱ་རྒྱུར་རྩིས་སྤྲོད་ཐུབ་ས་མ་རེད་”ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 2

  1. ཆོས་བཟང་། says:
    ལོ་ 13 སྔོན།

    ལྷ་བཟང་ཚེ་རིང་གཅིག་པོ་མིན་ང་ཚོ་བཙན་བྱོལ་དུ་འབྱོར་བ་ཚང་མར་བཤད་ན་མི་ཚར་བ་དང། བསམ་ན་བཟོད་དུ་མེད་པའི་སྙིང་ནད་རེ་སེམས་སུ་ཡོད་པ་གཅིག་མཚུངས་རེད། དབུ་མའི་ལམ་གྱིས་གྲོས་མོལ་ཐེང་མང་བྱས་ཀྱང་གྲུབ་འབྲས་ཡག་པོ་ཞིག་མ་ཐོན་པ་གསལ་པོ་རེད། ཀརྨ་ཆོས་འཕེལ་ཡིན་ན་རེད། དོན་གྲུབ་ལྷ་དར་ཡིན་ན་རེད། བཤད་ནས་ཡོང་རྒྱུ་ཅི་འདུག་དོན་ལག་ལེན་བལྟར་ན་དགའ་རབ་རེད། གནད་ལ་ཁེལ་བའི་ལས་བྱ་ལམ་སྟོན་གནང་ནས་བོད་མི་ཡོངས་རྫོགས་ཀྱིས་ནུས་ཤུགས་འདོན་སའི་སྒྲུབ་བྱེད་རེད་ཡོད་ན་མ་གཏོགས་ད་བར་བཤད་ནས་ལུས་རེད། ཕྱི་ལོག་ཏུ་སྐད་འབོད་ཁྲོམ་སྐོར་བྱས་པ་དེ་གཞུང་དང་གཞུང་འབྲེལ་མིན་པ་ཚང་མས་ད་བར་བྱས་པ་གཅིག་མཚུངས་རེད། གཞུང་གིས་རྒྱ་ནག་དང་འབྲེལ་གཏུག་ལན་དུ་མར་བྱས་པ་རེད། ད་ནི་ཞི་དྲག་གང་ཡོད་ན་རང་བཙན་རྩོད་ལེན་པ་ཚོ་ངར་ཡོང་གི་དུས་ཚོད་རེད། སྤྱི་འཐུས་འཚོགས་ཁང་དང་ལྷ་རྒྱལ་རི་ནས་སྟག་བཞིན་ངར་ནས་ཅི་ཕན། ངར་ན་ངར་ས་སྟོབས་ཆེན་རྒྱལ་ནག་འདུག ད་བར་དབུ་མའི་ལམ་གྱིས་གྲུབ་འབྲས་ཡང་དག་མ་རེག་པ་གསལ་པོ་རེད་ལ། ཞི་བའི་འཐབ་རྩོད་ཀྱིས་གྲུབ་འབྲས་མ་ཐོན་པ་ཡང་གསལ་པོ་རེད། ད་ནི་ཞི་དྲག་གཉིས་ལས་དྲག་པོ་དང་། དབུ་མ་རང་བཙན་གཉིས་ལས་རང་བཙན་ཕྱོགས་ལ་རྒྱུགས་ནས་ཚོད་ལྟ་གྱིས།

    Reply
  2. གྲྭ་ལོག says:
    ལོ་ 13 སྔོན།

    དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ནི་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་གྱི་མི་ཞིག་ཡིན་ལ། ཁོང་གི་ཞལ་ཆེམས་ཀྱང་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་ཞལ་ཆེམས་ལྟར་༧གོང་ས་ཆེན་པོའི་བཀའ་དགོངས་སྙིང་བཅངས་ཀྱིས། དབུ་མའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་བཀོད་པ་དེ་རེད། ཧུའུ་ཅིན་ཐའོ་རྒྱ་གར་རྒྱལ་ས་ལྡི་ལིར་ཡོང་སྐབས་ཁོང་གིས་རང་ལུས་ཞུགས་འབུལ་གྱིས་དོན་ཚན་ལྔའི་ཞལ་ཆེམས་ཤུལ་དུ་བཞག་ཡོད། ལས་འགུལ་སྐབས་གཞོན་ནུའི་ལས་འགུལ་དང་སྟབས་འགྲིག་པ་མ་གཏོགས། དཔའ་བོ་ཁོང་གི་མངོན་འདོད་དང་ཞལ་ཆེམས་ཀྱི་ནང་དོན་སོགས་བོད་རང་བཙན་ལ་བཙན་བསྒྱུར་བྱེད་པ་ནི་དྲང་པོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese