མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ལྷན་ཚོཊ་ཀྱིས་ད་ལོར་ཧིན་སྒོར་ས་ཡ་ ༡༠༠༠ ལྷག་གི་བཀའ་འཁྲོལ་གནང་།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཚོགས་དུས་ལྔ་བའི་ཐོག་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་སྟེ། འདི་ལོ་ཁྱོན་ཧིན་སྒོར་ས་ཡ་ཆིག་སྟོང་ཉིས་བརྒྱ་བརྒྱད་བཅུ་དང་སུམ་འབུམ་ཉིས་ཁྲི་དགུ་སྟོང་ཉིས་བརྒྱ་རེ་གཉིས་ ༡༌༢༨༠༌༣༢༩༌༢༦༢  ཀྱིས་བཀའ་འཁྲོལ་གནང་སོང་།

ལོ་རེའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༢༨ ཉིན་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཉིན་མཐའ་མར། སྤྱི་འཐུས་རྣམ་པས་གཞུང་འབྲེལ་བཟོ་བཅོས་གྲོས་འཆར་གཏན་འབེབས་དང་། སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་བར་ལན་འདེབས། ༢༠༡༣ ནས་ ༢༠༡༤ ལོའི་བསྐྱར་བཅོས་དང་བར་བརྒལ། བཀའ་འཁྲོལ་སོང་འཆར་ཁྲིམས་ཡིག་དང་། གཏོང་ལེན་ཁྲིམས་ཡིག་གཏན་འབེབས། མཇུག་གཞུང་འབྲེལ་མྱ་ངན་གུས་འདུད་གྲོས་ཆོད་གྲོས་འཆར་དང་ཚོགས་དྲུང་མཆོག་ནས་དགོངས་ཤོག་སྙན་སྒྲོན་བཅས་གནང་སྟེ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་བཅས་གནང་སྟེ་ཚོགས་འདུ་མཇུག་སྒྲིལ་ཡོད།

ཐེངས་འདིའི་སྔོན་རྩིས་གྲོས་ཚོགས་ཐོག་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས། བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣ ནས་ ༢༠༡༤ ལོའི་སྔོན་རྩིས་སྙན་སྒྲོན་གནང་བ་ལྟར་ན། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་སྟངས་ཁྱོན་ཧིན་སྒོར་ས་ཡ་བརྒྱད་བརྒྱ་གཅིག་དང་གཅིག་འབུམ་དགུ་ཁྲི་༨༠༡༌༡༩ དང་།གཏན་འཇགས་མ་དངུལ་ཁྱོན་ཧིན་སྒོར་ས་ཡ་ཉིས་བརྒྱ་དང་འབུམ་གསུམ་ཁྲི་བདུན་ ༢༠༠༌༣༧ ཡིན་འདུག སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་ལྔ་བའི་ཐོག ངེས་ཅན་གྱི་འགྲོ་གྲོན་དང་ཁྲིམས་བཟོ་ལྷན་ཚོགས། ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག་བཅས་ཀྱི་རྒྱུན་གྲོན་དང་དམིགས་བསལ་ལས་དོན། དམིགས་བཀར་ལས་འཆར་བཅས་ཀྱི་ཐོག ཁྱོན་ཧིན་སྒོར་ས་ཡ་ཆིག་སྟོང་ཉིས་བརྒྱ་བརྒྱད་བཅུ་དང་སུམ་འབུམ་ཉིས་ཁྲི་དགུ་སྟོང་ཉིས་བརྒྱ་རེ་གཉིས་ ༡༌༢༨༠༌༣༢༩༌༢༦༢ བཀའ་འཁྲོལ་དང་། ལྷོ་ཕྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་ ༦ གི་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་ས་ཡ་སོ་དགུ་དང་བདུན་འབུམ་བདུན་ཁྲི་ལྔ་སྟོང་དྲུག་བརྒྱ་བཅུ་གཉིས་ ༣༩༌༧༧༥༌༦༡༢ ། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་ལ་ཧིན་སྒོར་ས་ཡ་བཅུ་གཉིས་དང་ཆིག་འབུམ་ཉིས་ཁྲི་དགུ་སྟོང་ལྔ་བརྒྱུ་སུམ་བཅུ་ ༡༢༌༡༢༩༌༥༣༠ བཅས་བཀའ་འཁྲོལ་གནང་ཡོད་པ་ལས། ཁྲིམས་བཟོ་ལྷན་ཚོགས་དང་ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག་བཅས་ཁྱོན་ཧིན་སྒོར་ས་ཡ་བཞི་བརྒྱ་ང་བདུན་དྲུག་ཁྲི་བརྒྱད་སྟོང་ཉིས་བརྒྱ་ཞེ་གཅིག་ ༤༥༧༌༠༦༨༌༢༤༡ གཏོང་འཆར་ཡོད་འདུག

ཐེངས་འདིའི་སྔོན་རྩིས་ཐད་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གསུངས་དོན་ལྟར་ན།  འདི་ལོ་ལོ་འཁོར་སྔོན་རྩིས་སྔར་ལོ་དང་བསྡུར་ན་རྒྱུན་གྲོན་སྒོར་ས་ཡ་བཞི་རྒྱ་བཅུ་གཅིག་བརྒྱད་འབུམ་དགུ་ཁྲི་བཞི་སྟོང་སུམ་བརྒྱ་གྱ་ལྔ་ ༤༡༡༌༨༩༤༌༣༨༥ དང་། འབུམ་བཞི་བརྒྱ་བཞི་བཅུ་ཞེ་བཞི་བརྒྱད་ཁྲི་སྟོང་མེད་བརྒྱ་མེད་ཉེར་གཉིས་ ༤༤༤༌༨༠༠༌༢༢ སྔོན་མ་ལས་མང་བ་ཆགས་ཡོད། དམིགས་བསལ་ལས་འཆར་ཐོག་འབུམ་བཞི་བརྒྱ་དོན་གཅིག་བརྒྱད་ཁྲི་བདུན་སྟོང་བདུན་བརྒྱ་སོ་གཅིག ༤༧༡༌༨༧༧༌༣༡ མང་བ་དང་། དམིགས་བཀར་ལས་འཆར་སྔར་ལོ་ས་ཡ་བདུན་བརྒྱ་བཅུ་གཉིས་དང་དྲུག་འབུམ་ཁྲི་མེད་དགུ་སྟོང་བརྒྱ་དང་གྱ་དྲུག ༧༡༢༌༦༠༩༌༡༨༦ ། འདི་ལོ་ས་ཡ་དྲུག་བརྒྱ་ཞེ་གཉིས་དྲུག་འབུམ་བདུན་ཁྲི་བརྒྱད་སྟོང་སུམ་བརྒྱ་བཅུ་མེད་བཞི་ ༦༤༢༌༦༧༨༌༣༠༤ བཀའ་འཁྲོལ་བྱུང་ཡོད་སྟབས། འབུམ་དྲུག་བཅུ་རེ་དགུ་དགུ་ཁྲི་སུམ་སྟོང་བརྒྱ་མེད་བརྒྱད་བཅུ་གྱ་བརྒྱད་ ༩༦༌༩༣༠༌༨༨ གྱི་གཉིས་ཀའི་ལས་འཆར་ཐོག་ཉུང་དུ་ཕྱིན་ཡོད། ཁྱོན་རྒྱུན་གྲོན་དང་དམིགས་བསལ། དམིགས་བཀར་བཅས་ལ་ཧིན་སྒོར་ས་ཡ་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་སུམ་འབུམ་ཉིས་ཁྲི་དགུ་སྟོང་ཉིས་བརྒྱ་དྲུག་བཅུ་རེ་གཉིས་ ༡༢༨༠༌༣༢༩༌༢༦༢ བཀའ་འཁྲོལ་ཐོབ་ཡོད་འདུག་ལ། འདི་ལོ་མཇུག་སྐྱོང་གནང་མ་ཐུབ་པ་པའི་ལས་འཆར་ ༢༠ དང་། ལས་འཆར་གསར་པ་ ༩༧ དང་ལས་འཆར་མང་ཆེ་བ་ནང་སྲིད་དང་ཤེས་རིག་ལས་ཁུངས་ཆགས་ཡོད།  

གསར་འགོད་པས་ཁོང་ལ་ལྷན་ཁང་ཁག་གི་ཟུར་བཀོད་མ་དངུལ་ལོ་རེར་ཉུང་དུ་འགྲོ་བཞིན་པ་དེས་མ་འོངས་པར་དཀའ་ངལ་འཕྲད་སྲིད་མིན་དྲིས་པར་ཁོང་གིས།  “ཟུར་བཀོད་ཀྱི་དངུལ་ལོ་རེར་ཉུང་དུ་འགྲོ་བཞིན་པ་དངོས་ཡོད་རེད། སྔར་ལོའི་སྙན་ཐོའི་ནང་ག་ཚོད་ཉུང་དུ་འགྲོ་བཞིན་ཡོད་མེད་བཀོད་ཡོད། འདི་ལོ་བཀོད་ཡོད་པ་མ་རེད། འདིའི་ཐད་ཚོད་དཔག་འཆར་རྩིས་ཚོགས་ཆུང་དང་འབྲེལ་ཡོད་ལས་བྱེད་ཚང་མར་བློ་འཚབ་ཡོད་པ་རེད། གཙོ་བོ་སྲིད་བྱུས་ཐག་གཅོད་གནང་མཁན་ཚོ་རེད། ལམ་སྟོན་གྲོས་ཚོགས་ཀྱིས་གཏན་འབེབས་ལྟར་དེ་སྔོན་དང་ད་ལྟའི་གནས་སྟངས་བར་ཧེ་བག་གང་འདྲ་ཡོད་མེད་བལྟ་དགོས་པ་རེད། དེ་ལ་དཔག་པའི་ཐབས་ཤེས་ཤིག་གནང་དགོས་པ་ལས་གནས་ཚུལ་བྱུང་རྗེས་ཐག་གཅོད་བྱ་དགོས་ཚེ་ཁག་པོ་རེད། བློ་བདེ་བ་ཞིག་ལ་བཀའ་ཤག་གི་ངོས་ནས་རྩ་བ་ཉིད་ནས་དེ་འདྲ་མེད་ཅེས་ལབ་པ་དང་དངོས་ཡོད་གནས་ཚུལ་ག་རེ་ཡིན་མིན་མ་འོངས་པར་དཔལ་འབྱོར་བསྐྱར་ཞིབ་སྙན་ཐོ་ཞིག་འབུལ་རྒྱུ་གསུངས་སྟབས། གསལ་བོ་ཆགས་ཡོང་གི་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།

ཐེངས་འདིའི་གྲོས་ཚོགས་མཇུག་བསྡོམས་གཏམ་བཤད་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༢༨ དེ་རྒྱ་གཞུང་གིས་བོད་མི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བྱས་པའི་ཉིན་མོ་ཡིན་ཞེས་གསལ་བསྒྲགས་གནང་བ་མ་ཟད། ༢༠༠༩ ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནང་གཏན་འབེབས་ཀྱིས། བོད་མི་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ ༥༠ དུས་དྲན་གྱི་ཁ་གཏད་དུ་ལངས་པའི་སྲོལ་འདྲ་བྱས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྩ་བ་ཉིད་ནས་ངོས་ལེན་མེད་པ་དང་། ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་གྲོས་ཆོད་དང་བཀའ་ཤག་གི་ངོས་ནས་ངོས་ལེན་མེད་པའི་གསར་འགོད་བསྒྲགས་གཏམ་སྤེལ་ཡོད་པ་ལྟར། ད་ཆར་བོད་ནང་གི་ཛ་དྲག་གི་གནས་སྟངས་མུ་མཐུད་ལྷག་ཡོད་སྟབས།རྒྱ་ནག་གཞུང་གིས་གསལ་བསྒྲགས་དང་གཏན་འབེབས་བྱས་པའི་ཉིན་མོ་དེར་རྩ་བ་ཉིད་ནས་ངོས་ལེན་མེད་ཅེས་གསུངས་སོང་།

ཚོགས་གཙོ་མཆོག་གིས་དབུ་མའི་ལམ་དང་རང་བཙན་སྐོར་ལ། “ ཐེངས་འདིའི་གྲོས་ཚོགས་ནང་དབུ་མ་དང་རང་བཙན་རྩོད་བཞིན་པའི་སྲོལ་དང་གོ་སྐབས་དེ་བརྒྱུད་སོ་སོ་སྒེར་གྱི་བསམ་ཚུལ་བཤད་རྒྱུ་གཙོར་འདོན་བྱེད་ཀྱིན་པའི་ཚོར་སྣང་བྱུང་། རྩ་བའི་སྤྱི་འཐུས་སྒེར་སོ་སོའི་ལངས་ཕྱོགས་དང་དགོངས་ཚུལ་གང་ཡིན་པ་དེར་གུས་བརྩི་ལས། དེ་འགྲིག་གི་མི་འདུག་ཅེས་ཞུ་རྒྱུ་རྩ་བ་ཉིད་ནས་མེད། ཡིན་ན་ཡང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དགོས་པ་རྒྱུ་མཚན་མང་པོ་ཞིག་ལ་བལྟས་ཏེ། དབུ་མའི་ལམ་གྱི་ཐོག་འགྲོ་བསྡད་ཀྱིན་པ་ཚང་མས་མ་མཁྱེན་པ་ཡོད་མ་རེད། གྲོས་ཚོགས་ར་བ་འདིའི་ནང་རང་བཙན་ལྟ་བ་དང་ལངས་ཕྱོགས་འཁུར་མཁན་སྤྱི་འཐུས་ནང་ནས་དབུ་མའི་སྲིད་ཇུས་ལས་ལྷག་པའི་དབུ་མ་མཁྱེན་གྱི་ཡོད་གསུངས་མཁན་བྱུང་སོང་ལ། དབུ་མ་གང་ཡིན་ཤེས་ཀྱི་མེད་ཅེས་གསུང་མཁན་ཡང་བྱུང་སོང་། གཞི་རྩའི་༸གོང་ས་མཆོག་གཙོས་བོད་མི་སུ་འདྲ་ཞིག་ཡིན་ཡང་། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་དང་། ཐོབ་ཀྱི་ཡོད་པ་ཡིན་ན་བོད་རང་བཙན་དགོས་པ་དེ་གསལ་བོ་རེད། ད་ལྟའི་གནས་བབ་འདིའི་སྐབས་ལ་མཚོན་ནའང་།བོད་རང་བཙན་རྩོད་མཁན་ཚོར་རྩོད་ཆོག་གི་མ་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱིས་གསུངས་ཡོད་པ་མ་རེད་ལ། མ་འོངས་པར་ཡང་ཡོང་སྲིད་ཀྱི་མ་རེད།  ང་ཚོ་མང་གཙོའི་ལམ་སྲོལ་ཡིན་པའི་ཆ་ནས་རང་བཙན་རྩོད་མཁན་ཚོར་ཐོབ་ཐང་དེ་ཡོད་པ་རེད་ཅེས་དུས་རྒྱུན་བཤད་བསྡད་ཡོད། དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཏེ་ཐོབ་རྒྱུ་ཞིག་ཡོད་མེད་ལ་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ལྟར། རང་བཙན་དང་དབུ་མ་གང་བརྩད་ཀྱང་དངོས་ཡོད་གནས་སྟངས་། རྒྱ་ནག་མགོ་ཁྲིད་ཚོར་སྐད་ཆ་མ་བཤད་པར་དྲག་པོའི་ལམ་ནས་རྒྱ་ནག་དང་མཉམ་དུ་འཐབ་རྩོད་བྱེད་ཐུབ་པ་ཡོད་མ་རེད།ལྔ་བཅུ་ང་གྲངས་ནང་རྒྱ་ནག་གི་སྟོབས་ཤུགས་གང་ཡིན་པ་དེའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་དོན་ཐོག་རྒྱ་ནག་ཐོག་དམག་བཏང་བའི་གནས་ཚུལ་བྱུང་ཡོད་པ་མ་རེད། ད་ཆར་རྒྱ་ནག་དཔལ་འབྱོར་དང་དམགཆབ་སྲིད་གང་ཅིའི་ཐོག་ནས་སྟོབས་ཆེན་པོ་ཆགས་པའི་སྐབས་འདིར། རྒྱལ་ཁབ་གཞན་པ་ཞིག་གིས་ང་ཚོའི་དོན་དུ་རྒྱ་ནག་དང་མཉམ་དུ་དམག་རྒྱག་གི་རེད་ཅེས་རེ་བ་བརྒྱབས་ན། དངོས་ཡོད་གནས་སྟངས་དང་མ་འཚམ་པའི་བསམ་བློ་ཞིག་དང་། ཕྱོགས་གཞན་ཞིག་ནས་བལྟས་ན། ད་བར་ང་ཚོའི་འཐབ་རྩོད་ཀྱི་ཐབས་ལམ་དེ་འཚེ་བ་མེད་པའི་ཐབས་ལམ་ཞིག་གི་ཐོག་འགྲོ་བསྡད་ཡོད་པའི་ལྟ་གྲུབ་དེ་དང་འགལ་བ་ཆགས་བསྡད་ཡོད། ” ཅེས་གསུངས།

མཇུག་ཏུ་ཚོགས་གཙོ་མཆོག་གིས། “ སྤྱིར་བཏང་དབུ་མའི་ལམ་ཞེས་པ་དེ་ང་ཚོའི་སྲིད་ཇུས་ཀྱི་སྒྲོམ་གཞི་ཞིག་དང་ལྟ་གྲུབ་ཅིག་རེད། སྲིད་ཇུས་དེ་དང་ལྟ་གྲུབ་དེའི་འོག་རང་སྐྱོང་རྩོད་ཀྱི་ཡོད། རང་སྐྱོང་གནས་བབ་ཐོབ་མ་ཐོབ་ཅེས་པ་དེ་དངོས་ཡོད་ཆབ་སྲིད་ཀྱི་གནས་སྟངས་ལ་གཞི་བཅོལ་རྒྱུ་ལས། དེ་སྔ་༸གོང་ས་མཆོག་གི་ཞི་བའི་དོན་ཚན་ལྔ་དང་སི་ཊ་སི་སྦག་གྲོས་འཆར། བོད་རྒྱལ་འབྲེལ་མོལ་གྱི་བརྒྱུད་ལམ་བཅས་ཀྱི་ཐོག་ནས་རྒྱ་ནག་ལ་སྤྲད་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་བསྐྲུན་རྒྱུའི་ཐབས་ཤེས་དེ་ལས་མར་བབ་པ་དང་དབུ་མ་གཉིས་ཡོད་པའི་འགྲེལ་བཤད་སྐྱོན་བསྡད་ན་ཏག་ཏག་བསྡད་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་བའི་ཕྱག་ལས་གནང་མཁན་དང་སྒེར་བ། འཛམ་གླིང་ནང་ཡོད་པའི་རང་སྐྱོང་གི་གནས་བབ་མང་པོ་ཞིག་ལ་ང་ཚོས་ལྟ་ཞིབ་དང་སློབ་སྦྱོང་བྱས་ཡོད་པ་རེད། རང་སྐྱོང་གི་གནས་བབ་ཅེས་པ་དེ་རང་སྐྱོང་ཐོབ་ཚར་བའི་རྗེས་སུ་དངོས་ཡོད་ཆབ་སྲིད་གནས་སྟངས་ལ་གཞི་བཅོལ་ནས་འགྱུར་བ་འགྲོ་རྒྱུ་ཞིག་ལས། རྡོ་ལ་རི་མོ་བརྐོས་པ་ནང་བཞིན་ཞིག་ཆགས་ཀྱི་མ་རེད། དེའི་སྐབས་ཀྱི་ས་གནས་ཆབ་སྲིད་གནས་སྟངས། དབུས་དང་ས་གནས་ཀྱི་གནས་བབ།སྟོབས་དང་ཞན་ཆ་ག་རེ་ཡོང་མིན། གལ་སྲིད་ཞི་མོལ་ཞིག་དངོས་སུ་བྱུང་བ་ཡིན་ན། སྐབས་དེའི་གནས་སྟངས་འོག་རང་སྐྱོང་གནས་བབ་ཅིག་བསྐྲུན་ཡོང་གི་རེད་མ་གཏོགས། ད་ལྟ་འགྲོ་བསྡད་པའི་བརྒྱུད་རིམ་གྱི་ཐོག་ནས་འགྱུར་བ་རྩ་བ་ཉིད་ནས་འགྲོ་ཆོག་གི་མ་རེད། འགྲོ་ན་འགྲིག་གི་མ་རེད་དགོངས་པ་ཡིན་ན། དབུ་མ་དང་རང་སྐྱོང་གི་གོ་བ་དེ་ཏག་ཏག་ཅིག་གནས་ཐུབ་པ་ཡོད་པ་མ་རེད་ལ། དེ་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་གྱི་ཡོད་པས། འཛམ་གླིང་གི་འགྱུར་བ་དང་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཏེ་ཐབས་ལམ་བཙལ་དགོས་པ་ཆགས་ཡོད། ” ཅེས་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese