༸གོང་ས་མཆོག་གིས་ཉིན་བཅུའི་རིང་ལྡི་ལི་དང་འབྲས་ལྗོངས། ནུབ་བྷང་གྷིལ་བཅས་སུ་ཆོས་ཕྱོཊ་མཛད་འཕྲིན་བསྐྱངས་ཏེ། ད་ནངས་གཞུང་མང་གཉིས་ཀྱིས་ཕེབས་བསུའི་འོག་ཕྱིར་བཞུཊ་སྒར་དུ་ཆིབས་བསྒྱུར་བསྐྱངས་སོང་།
ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་མགོ་འཛུགས་ཀྱིས་དུས་ཡུན་ཉིན་བཅུའི་རིང་། ༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་སློབ་ཕྲུག་ཚོར་བཀའ་སློབ་དང་གནད་ཡོད་མི་སྣར་ཆོས་འབྲེལ་དང་། འབྲས་ལྗོངས་རཱ་ཝང་ལ་ས་གནས་སུ་ཆིབས་བསྒྱུར་གྱིས་སྟོན་པའི་སྐུ་བརྙན་ལ་རབ་གནས། ཏཱ་ཐ་ག་ཐ་ཚལ་དབུ་འབྱེད་དང་ཆོས་འབྲེལ། ནུབ་བྷང་གྷིལ་དུ་རྒྱ་བལ་འབྲུག་གསུམ་བཅས་ནས་བཅར་བའི་དད་ཕྱི་ནང་དད་ལྡན་ཆོས་ཞུ་བ་ ༡༠༠༠༠ བརྒལ་བར། ལམ་རིམ་བསྡུས་དོན་དང་སེམས་ཉིད་ངལ་གསོ་བཀའ་ཁྲིད་དང་འབྲེལ། སྤྱན་རས་གཟིཊ་ཀྱི་བཀའ་དབང་གནང་གྲུབ་རྗེས། དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ངྷ་སའི་སེར་སྐྱ་མང་ཚོཊ་ཀྱིས་ཕེབས་བསུའི་ཁྲོད་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
ཕྱི་
གསར་འགོད་པ། དཔལ་ལྡན།
ལོ་རྒྱུས་ཀྱི་བདེན་པ་ལ་གཞི་བཅོལ་ཞིང་། འཚེ་མེད་ཀུན་ཁྱབ་སེམས་ཁུར་གྱིས་ཉམ་ཐག་སེམས་ཅན་ཀུན་སྐྱོང་བཞིན་པའི་མགོན་པོ་གང་ཉིད་འདི་ལྟར་འགྲོ་ཀུན་ཡོད་དོ་ཅོག་གི་སླད་དུ་ཉིན་མཚན་ལྟོས་མེད་དུ་འཛམ་གླིང་ཤར་ནས་ནུབ་ལ་ཆས་ཤིང་། ནུབ་ནས་བྱང་ལ་ཕེབས་བཞིན་ཡོད་ཨང་།
དེ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་ཁོང་ནི་གངས་ཅན་པའི་དཔྲལ་བའི་མིག་དང་། ཁོག་པའི་སྙིང་གཅིག་པུ་ཡིན་པ་མ་ཟད་འཛམ་གླིང་སྤྱི་མིའི་སེམས་ཀྱི་མུན་པ་སེལ་བའི་སྒྲོན་མེ། སྙིང་ལ་བདེ་སྣང་སྩོལ་བའི་བདུད་རྩི་ཉག་གོ
འབྲས་ལྗོངས་རཱ་ཝང་ས་གནས་ཀྱི་མིང་འདི་དང་། རབ་སྒང་ཞེས་པ་གཉིས་ལ་འབྲེལ་བ་ཡོད་དམ་མེད།