མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་སེམས་ཁུར་གྱི་གཏམ་བཤད།

བོད་ཀྱི་དུས་བབ།
༢༠༡༣/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལྷན་ཁང་གི་ཚོགས་གཙོ་རོ་བྷཊ་མེ་ནེན་ཌེ་རྫ་( U.S. Senator Robert Menendez )མཆོག་གིས་ ༢༠༡༣  ཟླ་ ༣ ཚེས་ ༡༨ ཉིན་གྱི་གཏམ་བཤད། བྱམས་པ་ལྷུན་གྲུབ་ཀྱིས་“བོད་ཀྱི་ཆབ་སྲིད་སྐྱར་ཞིབ་”ལས་བླངས་ཏེ་བོད་བསྒྱུར་བྱས།

དཔལ་ལྡན་སྲིད་འཛིན་ལགས། ངས་བོད་ནང་དུ་བསྟུན་མར་ལྷིང་འཇགས་མེད་པའི་གནས་སྟངས་དང་། བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བའི་ཡིད་སྐྱོའི་ཁ་ཕྱོགས་ཀྱི་སྐོར་ལ་སེམས་ཁུར་འགའ་གླེང་འདོད་བྱུང་། ཕྱི་ལོ་ ༢༠༠༩ ཟླ་ ༢ པ་ནས་བཟུང་བོད་མི་ ༡༠༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད། རང་སྲེག་གཏོང་མཁན་ཆེས་མང་པོས་ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་རྒྱ་གཞུང་གིས་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཆེ་མཐོང་སྤྲོད་དགོས་པའི་འབོད་སྒྲ་བསྒྲགས་ཡོད་པ་རེད། མི་གཞན་མང་པོ་ཞིག་གིས་ལྟར། ངས་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཆེད་འཇིགས་སྣང་ཆེ་བའི་རང་ལུས་མེར་བསྲེགས་ཀྱི་ཐབས་ལམ་དེ་གདམ་ཀ་མི་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་ལ། བོད་མི་ཚོས་རང་སྡུག་གཏོང་བའི་ལས་འགུལ་འདི་དག་མཚམས་འཇོག་བྱས་ནས། སོ་སོའི་དཀའ་སྡུག་དང་ཡིད་ཆད་ཀྱི་གནས་སྟངས་རྣམས་སྟོན་པའི་ཐབས་ལམ་གཞན་དག་གདམ་པའི་རེ་བ་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག ང་ཚོས་ལས་འགུལ་འདི་རིགས་ནི་བོད་མི་ཚོ་རྒྱ་གཞུང་ལ་སེམས་གཏིང་ནས་མི་དགའ་བའི་རྟགས་མཚན་ཞིག་ཡིན་པ་ངེས་པར་དུ་ཤེས་དགོས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་རྒྱ་གཞུང་གིས་བོད་མི་ཚོའི་གཞི་རྩའི་ཆེ་མཐོང་ལ་བརྩི་མེད་དུ་བཏང་བའི་ཡིད་ཆད་པའི་ཚོར་བ་རྣོན་པོ་ཞིག་གི་རྟགས་མཚན་ཡིན་པ་ལས།“ཕྱི་ཕྱོགས་ནས་སྐུལ་མ་”བྱས་པའི་ངན་ཇུས་ཤིག་གཏན་ནས་མིན།

རྒྱ་གཞུང་གི་རྩ་ཁྲིམས་ཀྱི་ནང་“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་གི་མི་རིགས་ཚང་མ་འདྲ་མཉམ་ཡིན། སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཚོའི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དང་། རྒྱ་ནག་ནང་གི་མི་རིགས་ཚང་མའི་བར་ལ་འདྲ་མཉམ་དང་། ཆིག་སྒྲིལ། ཕན་ཚུན་རོགས་འདེགས་ཀྱི་འབྲེལ་བ་རྣམས་རྒྱུན་འཛིན་དང་རྒྱ་བསྐྱེད་བྱེད་དགོས་ལ། མི་རིཊ་གང་ལའང་དབྱེ་འབྱེད་དང་གཉའ་གནོན་བྱེད་མི་ཆོག”ཅེས་འཁོད་ཡོད། འོན་ཀྱང་དེང་སྐབས་བོད་ནི་འཛམ་གླིང་ནང་ཆེས་དམ་དྲག་ཆེ་ཤོས་དང་གུ་དོག་ཤོས་ཀྱི་ལུང་པ་ཞིག་ཆགས་ཡོད་པས། བོད་མི་ཚོས་ཁ་པར་ཐོག་སྐད་ཆ་བཤད་རེས་བྱས་ནའང་བཙོན་ཁང་དུ་འཇུག་གི་ཡོད་པ་རེད།

མ་ཟད་ཏཱ་ལའིི་བླ་མར་རྒྱབ་སྐྱོར་བྱས་ན་རྒྱ་གཞུང་ལ་གྱེན་ལོག་བྱས་པའི་ཁྲིམས་འགལ་ཡིན་པར་ཁ་གཡར་ཏེ་ཁྲིམས་གཏུག་བྱེད་ཀྱིན་ཡོད། བོད་མི་ཚོ་ལ་ནི་མི་སེར་གཉིས་པ་ལྟ་བུའི་འདུ་ཤེས་ལས་མེད་པས། ཁོང་ཚོ་བོད་ཕྱི་ནང་གང་དུ་ཡང་འགྲོ་འོང་བྱ་རྒྱུར་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད། ད་དུང་ཕྱི་རྒྱལ་གྱི་སྐུ་ཚབ་དང་གསར་འགོད་པ་ཚོ་རྒྱུན་ལྡན་ཕྱིར་སློག་གིན་ཡོད་པ་རེད། ཨ་རི་མི་མང་དང་གྲོས་ཚོགས་ནས་༧གོང་ས་ཏཱ་ལའི་བླ་མར་གུས་བརྩི་ཆེན་པོ་ཡོད་པ་དང་། བོད་ཀྱི་རིག་གཞུང་དང་། ཆོས་ལུགས། བོད་མི་བཅས་ལ་ཡུན་སྲིང་གིས་དོ་ཁུར་ཡོད་པར་གསལ་སྟོན་བྱས་ཡོད། ང་ཚོས་བོད་དེ་བཞིན་གཞི་རྩའི་དྲང་བདེན་དང་ཁྲིམས་མཐུན་གྱི་གླེང་གཞི་ཞིག་ཡིན་པར་མཐོང་གི་ཡོད་ལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་འཁོད་པ་ལྟར། རྒྱ་གཞུང་གིས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱིན་མེད། དེ་ལས་ལྡོག་སྟེ་ཁོས་ཚོས་བོད་ཀྱི་རིག་གཞུང་གཏོར་བཤིག་དང་ས་ཆ་ལ་བཤུ་གཞོག་གཏོང་མུས་ཡིན། དེར་བརྟེན་ངས་ལྟར་ན། བོད་མི་ཚོས་འབད་བརྩོན་ཆེན་པོས་སོ་སོའི་རིག་གཞུང་དང་ངོ་བོ་གཅེས་སྲུང་བྱེད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་རྒྱུ་དེར་རོགས་འདེགས་བྱེད་རྒྱུའི་འགན་འཁྲི་དེ་ང་ཚོའི་མགོ་ཐོག་ཏུ་བབས་འདུག་སྙམ།

ངས་ང་ཚོའི་གྲོས་ཚོགས་ཀྱིས་རོགས་འདེགས་ཇིེ་ལྟར་བྱེད་ཐུབ་མིན་གྱི་སྐོར་ལ་བསམ་ཚུལ་འགའ་ཞུ་ཆོག་པ་གྱིས། དང་པོ་དེར་ང་ཚོས་བོད་ཕྱི་ནང་གཉིས་སུ་ཡོད་པའི་ཚོགས་སྡེ་སོ་སོར་ཕན་རླབས་ཆེ་བའི་ལས་འཆར་རྣམས་ལ་དཔལ་འབྱོར་གྱི་མཐུན་འགྱུར་མུ་མཐུད་ནས་བྱེད་དགོས་ཀྱི་འདུག དེ་བཞིན་འདིས་མངོན་པར་གསལ་བའི་འགྲོ་བ་མིའི་བདེ་དོན་གྱི་གྲུབ་འབྲས་ཞིག་སོན་ངེས་པས། དེས་སྡུག་བསྔལ་ཅན་གྱི་བོད་མི་ཚོར་ཨ་རི་གཞུང་གིས་ང་ཚོའི་ཞུ་འབོད་ལ་སེམས་ཁུར་བྱེད་ཀྱིན་འདུག་སྙམ་པའི་གནད་འགག་ཆེ་བའི་བརྡ་སྟོན་ཞིག་བྱེད་ངེས། ང་ལ་ཆ་རྒྱུས་ཡོད་པའི་གནས་དོན་གཅིག་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་རེད། ངས་རྒྱུན་ལམ་འདི་དག་མཐུན་རྐྱེན་དུ་སྦྱར་བ་འུད་སྒྲོག་བཤད་མི་འདོད། འོན་ཀྱང་རྒྱ་གཞུང་གི་དམ་དྲག་ཞིབ་བཤེར་གྱི་འོག་ཏུ་འཐབ་རྩོད་བྱེད་བཞིན་པའི་བོད་མི་ཚོར་ལ། ཕལ་ཆེར་རང་དབང་ཅན་གྱི་གསར་འགྱུར་རྒྱུན་ལམ་ཡོང་ཁུངས་འདི་དག་གཅིག་པུ་ཡིན།

གཉིས་པ་དེ་ལ། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ནེ་བི་པི་ལེཡི་ (Navi Pillay) གིས་ཉེ་སྔོན་བོད་དོན་སྐོར་ལ་གཏམ་བཤད་གནང་བ་དེ་དང་ལེན་བྱེད་དགོས། མོས་“དམག་མི་འབོར་ཆེན་གྱིས་དམ་དྲག་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དུ་བཏང་བ་དེས་བོད་ནང་དུ་ནམ་ཡང་སྤྱི་ཚོགས་བརྟན་ལྷིང་བཟོ་མི་ཐུབ།”ཅེས་གསུང་ཡོད། མོས་རྒྱ་གཞུང་གི་དཔོན་རིགས་ཚོར་རྒྱལ་ཚོགས་ཀྱི་ལྷན་ཁང་ཁག་གི་སློབ་སྟོན་རྣམས་ལག་བསྟར་བྱ་དགོས་པ་དང་། རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་པ་དང་གསར་འགོད་པ་སོགས་བོད་དུ་འགྲོ་སྐྱོད་ཆོག་རྒྱུའི་འབོད་སྐུལ་གནང་ཡོད་ལ། ད་དུང་རྒྱལ་ཚོགས་ཀྱིས་གཞུང་འབྲེལ་གྱི་དམིགས་བསལ་རྟོག་ཞིབ་པ་བཏང་སྟེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་རྣམས་ཞིབ་འཇུག་བྱེད་དགོས་པའི་ཞུ་ཡིག་དོན་ཚན་ ༡༢ ཅན་ཞིག་ཀྱང་ཕུལ་ཡོད་པ་རེད།

གསུམ་པ་དེར། ཕྱི་འབྲེལ་ལྷན་ཁང་གིས་མུ་མཐུད་ནས་ཆེད་ལས་མི་སྣ་བོད་དུ་རྟོག་ཞིབ་པར་འགྲོ་རྒྱུའི་འབད་བརྩོན་བྱེད་དགོས། ང་ཚོར་གཞི་རྩའི་དངོས་ཡོད་གནས་སྟངས་སྐོར་ལ་རང་དབང་ཅན་དང་ཡིད་རྟོན་འོས་པའི་སྙན་ཞུ་དགོས་ཤིང་། ཕྱི་འབྲེལ་ལྷན་ཁང་གིས་ཕན་ཚུན་གཉིས་ཕན་གྱི་ལམ་ལུགས་ལ་གུས་བཀུར་བྱེད་ཀྱིན་ཡོད་མེད་ལྟ་ཆེད་རྒྱ་ནག་དང་མཉམ་ལས་བྱེད་དགོས། བཞི་པ་དེར། བོད་དོན་མངོན་འདོད་ཀྱི་དོན་སྙིང་ལྡན་པའི་གཏམ་གླེང་བྱེད་པའི་ཆེད། ངས་ཕྱི་འབྲེལ་ལྷན་ཁང་དང་གཞུང་གི་དོན་གཅོད་ཁང་རྣམ་པར་རྒྱ་ནག་དང་ཁུལ་དེའི་ནང་གི་ཚོཊ་པ་གཞན་རྣམས་དང་འབྲེལ་མོལ་བྱེད་རྒྱུའི་སྐུལ་འདེད་བྱེད་ཀྱིན་ཡོད། བོད་ནང་དུ་བརྟན་ལྷིང་མེད་པ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྱོན་ཡོངས་ལ་བརྟན་ལྷིང་ཡོང་མིན་གྱི་དྲི་རྟགས་ཆེན་པོ་དེའི་རྒྱུ་རྐྱེན་དེ་ཡིན། བོད་དོན་ཞི་བའི་གྲོས་གླེང་བྱས་ན་འཛམ་གླིང་ཁྱོན་ལ་རྒྱ་ནག་དེ་དོན་དམ་ཡིད་རྟོན་འོས་པ་དང་དོན་ཕན་ལྡན་པའི་རྒྱ་ཚོགས་ཀྱི་འཐུས་མི་ཞིག་ཡིན་པར་གསལ་སྟོན་བྱེད་ཐུབ། གནས་དོན་གཞན་ཞིག་གླེང་ན། ཧི་མ་ལ་ཡའི་ས་ཁུལ་དང་དམིགས་བསལ་བལ་ཡུལ་དུ་པེ་ཅིན་གྱི་གནོད་ཤུགས་ཆེར་འགྲོ་བཞིན་པ་དེ། ཧི་མ་ལ་ཡའི་ཁུལ་གྱི་རྒྱལ་ཁབ་གཞན་རྣམས་དང་ལྷན་དུ་གྲོས་མོལ་ལྷུག་པོར་བྱས་ནས་ཐག་གཅོད་བྱེད་དགོས། དེ་བཞིན་ཨ་རི་གཞུང་གིས་རྒྱ་ནག་གིས་ཆུ་བོ་སྲུང་སྐྱོབ་ཀྱི་གནས་དོན་ལ་དོ་ཁུར་བྱེད་ཆེད་དོན་ཕན་ལྡན་པའི་ཐབས་ལམ་འཚོལ་དགོས། རྒྱུ་མཚན་ནི་བོད་ཀྱི་རྒྱུག་ཆུ་མང་པོས་ལྷོ་དང་ལྷོ་ཤར་ཨེ་ཤེ་ཡའི་ཆུ་གཞུང་དུ་གནས་པའི་མི་མང་ས་ཡ་བརྒྱ་ཕྲག་མང་པོར་འཚོ་ཐབས་སྐྲུན་གྱིན་ཡོད།

རྒྱ་ནག་གིས་ཆུ་རག་བརྒྱབས་ནས་རྒྱུག་ཆུ་དེ་ཚོ་ཁ་སྒྱུར་བྱེད་པ་དེ་ཨེ་ཤེ་ཡའི་རྒྱལ་ཁབ་ནང་ཁུལ་ལ་འཁྲུག་རྩོད་ཡོང་བའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་ཉེན། དཔལ་ལྡན་སྲིད་འཛིན་ལགས།  མཚམས་འདི་ནས་ངས་ཏཱ་ལའི་བླ་མས་རྒྱུན་ལྡན་གསུང་ཡག་གི་ཚིག་ཅིག་དྲངས་ཏེ་གཏམ་བཤད་མཇུག་བསྡུ་བྱ་རྒྱུ་ཡིན། ཏཱ་ལའི་བླ་མས་བོད་དོན་ལ་སེམས་ཁུར་གྱིས་འབོད་སྒྲ་སྒྲོགས་མཁན་རྣམས་ནི་བོད་པ་ལ་དགའ་བ་དང་རྒྱ་ནག་ལ་སྡང་བའི་རྒྱུ་མཚན་གྱིས་མིན། ཁོང་ཚོས་བོད་དོན་ལ་སེམས་ཁུར་བྱེད་དོན་ནི་ཁོང་ཚོ་དྲང་བདེན་ལ་དགའ་མཁན་ཡིན་པས་རེད་ཅེས་གསུང་གི་ཡོད། ངས་ཏཱ་ལའི་བླ་མའི་གསུང་འདི་ལ་རྒྱབ་སྐྱོར་བྱེད་པ་དང་སྦྲགས། བོད་དོན་དཀའ་རྙོག་སེལ་བར་ཡུན་གནས་ཀྱི་གྲོས་ཆོད་ཅིག་འཇོག་ཆེད་གྲོས་ཚོགས་ནང་གི་ལས་རོགས་རྣམས་དང་། རྒྱ་ནག་གི་མཉམ་དུ་ལས་དོན་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།  

མ་རྩོམ། http://www.tibetanpoliticalreview.com/articles/senatorrobertmenendezexpressesconcernsovertibet

 

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese