མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་འཁྲིད་སྤེལ་ཐད་བོད་མིའི་སྒྲིག་འཛུགས་ལ་རེ་བ་ཆེན་པོ་འཆང་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་དང་སློབ་གྲྭ་ཙམ་མིན་པར། མང་ཚོགས་རང་བཞིན་གྱིས་བོད་སྐད་བོད་ཡིག་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལས་ཧི་མ་ལ་ཡའི་རི་རྒྱུད་བོད་པའི་རིག་གཞུང་རྒྱུན་འཛིན་ཐོག་གལ་ཆེན་ཆགས་འདུག་ཟེར།

ཉེ་ལམ་གསར་འགོད་པས་ཕྱི་ལོ་ ༢༠༠༩ ལོ་ནས་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་ས་གནས་ཀྱི་བཙུན་དགོན་དུ་དགེ་རྒན་བྱས་མྱོང་ཞིང་། ད་ལྟ་སྤི་ཏི་གསེར་ཀོང་སྒེར་བཙུགས་སློབ་གྲྭའི་ནང་བོད་ཡིག་དགེ་རྒན་གནང་བཞིན་པ་བཀྲ་ཤིས་ཚེ་རིང་ལགས་སུ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་དང་སློབ་གྲྭ དེ་བཞིན་མི་མང་ཚོར་བོད་ཡིག་བོད་སྐད་དང་། བོད་པའི་རིག་གཞུང་ཐོག་དོ་སྣང་གང་འདྲ་ཡོད་མེད་སྐོར་ལ་གླེང་མོལ་བྱས་ཡོད།

དགེ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བརྗོད་པ་ལྟར་ན། ཧི་མ་ལ་ཡའི་རི་རྒྱུད་སྤི་ཏི་ཁུལ་དུ་དགོན་ཁག་ལྔ་དང་བཙུན་དགོན་བཞི། གཞུང་གི་སློབ་གྲྭ་ཁགརྟ་ཕོ་དགོན་དང་གསེར་ཀོང་། དཀྱིལ་དགོན་པ་བཅས་སུ་སྒེར་བཙུགས་སློབ་གྲྭ་ ༣ ཙམ་ཡོད་འདུག དེ་སྔོན་དགོན་སྡེ་ཁག་ལས་སློབ་གྲྭ་ཁག་ནང་བོད་སྐད་ཡིག་གི་ས་མིག་མ་སྟོང་ཙམ་ལས་མེད་ཀྱང་། ༸གོང་ས་མཆོག་ལོ་རེར་ཧི་མ་ལ་ཡའི་རི་རྒྱུད་དུ་ཐེངས་རེ་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་གནང་རྒྱུའི་ཞལ་བཞེས་གནང་བ་དང་། སྔོན་ཆད་ཐེངས་མང་པོར་ཕེབས་ཏེ་ལམ་སྟོན་བཀའ་སློབ་གནང་བ། ལྷག་པར་དུ་༸གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཁག་ལ་དགེ་རྒན་དུ་བོད་ཡིག་དགེ་རྒན་བྱེད་པར་འགྲོ་མཁན་ཚོར་དམིགས་བསལ་མཇལ་ཁ་དང་། རྒྱ་ནག་གཞུང་གིས་བོད་པའི་རིག་གཞུང་རྩ་མེད་གཏོང་རྒྱུའི་ཐབས་ཇུས་འདྲ་མིན་བཏང་སྟེ། བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་པའི་སྐབས་འདིར། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་ཡིག་དགེ་རྒན་དུ་ཕེབས་མཁན་ཚོས་ཤུགས་རྒྱག་དགོས་པའི་བཀའ་སློབ་ཐེངས་མང་གནང་བ་བཅས་ལ་བརྟེན་ཏེ། བོད་པའི་གྲྭ་བཙུན་དང་སློབ་ཐོན་སློབ་མ་མང་པོ་སྔ་ཕྱིར་ཧི་མ་ལ་ཡའི་རི་རྒྱུད་ཁག་ནང་ཕྱིན་ཏེ་ནང་ཆོས་ངོ་སྤྲོད་དང་བོད་ཡིག་བོད་སྐད་ཁྲིད་སྤེལ་བྱས་སྟབས།དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་ནང་ཆོས་སློབ་གཉེར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ནང་ཆོས་བསླབ་པར་བོད་སྐད་བོད་ཡིག་གལ་ཆེན་ཆགས་ཡོད་པར་ངོས་ཟིན་བྱུང་སྟེ། ས་ཁུལ་དེ་དག་གི་གནད་ཡོད་མི་སྣ་ཚོས་བྷོ་ཊི་སྐད་ཡིག་དེ་རྒྱ་གར་གཞུང་གི་རྩ་ཁྲིམས་ནང་ངོས་འཛིན་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་འདུག

ཁོང་ལ་མཚོན་ན། ༢༠༡༠ ལོར་གསེར་ཀོང་སྒེར་བཙུགས་སློབ་གྲྭའི་བོད་ཡིག་དགེ་རྒན་གནང་ཡོད་པ་དང་། སློབ་གྲྭ་དེར་སྤི་ཏི་དང་ཁུ་ནུ་སྟོད་སྨད་སོགས་ཀྱི་སློབ་ཕྲུག་  ༤༠༠ ཙམ་ཡོད་འདུགད་ལྟའི་ཆར་འཛིན་རིམ་ ༦ པ་ནས་བཅུ་བའི་བར་གྱི་སློབ་མ་ཚོར་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། དེ་སྔའི་གཏན་འབེབས་ཀྱི་སློབ་དེབ་ཁག་ཁོང་ཚོའི་གནས་ཚད་དང་འཚམ་མིན་གྱི་དབང་གིས་ཁོ་རང་སྒེར་གྱིས་བོད་ཡིག་གི་སློབ་ཚན་གྲྭ་སྒྲིག་བྱས་ཏེ། སློབ་མའི་གནས་ཚད་ལ་གཞིགས་ཏེ་སློབ་ཁྲིད་གནང་བའི་ཞོར་དུ། ས་གནས་ཀྱི་མི་རབས་རྒན་པའི་ངག་ནས་དམངས་སྒྲུང་དང་བྱིས་སྒྲུང་རིགས་སྒྲ་འཇུག་གིས་ཡིག་ཐོག་ཏུ་ཕབ་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་འདུག དེ་བཞིན། བོད་ཡིག་གི་དེབ་འདྲ་མིན་དང་ཚགས་པར་སོགས་ཀློག་འདོན་བྱེད་དུ་བཅུག་སྟེ་བོད་ཡིག་ལ་དོ་སྣང་དང་དབྱིངས་སླེབས་ཐབས་བྱེད་ཀྱི་ཡོད་འདུག

ཁོང་ལ་ད་ཆར་སྤི་ཏི་ཕྱོགས་སུ་བོད་རིགས་དགེ་རྒན་ག་ཚོད་ཡོད་མེད་དང་། བོད་དགེ་ཚོར་དཀའ་ངལ་གང་དག་འཕྲད་ཀྱི་ཡོད་མེད་དྲིས་པར། “ སྤི་ཏིར་མཚོན་ན། ཕྱི་ལོགས་ནས་ཕེབས་པའི་བོད་ཡིག་དགེ་རྒན་ ༡༠ མ་ཟིན་ཙམ་འདུག དགེ་རྒན་ཚོའི་དཀའ་ངལ་གཙོ་བོ་གླ་ཆ་དང་མཐུན་རྐྱེན་རེད། བཞུགས་སྒར་གཡས་གཡོན་ལ་མཚོན་ན་ལས་བྱེད་མང་ཆེ་བ་ཧིན་སྒོར་ ༡༠༠༠༠ སྒང་རེད། ཕར་ཕྱོགས་ཀྱི་དགེ་རྒན་མང་ཆེ་བར་ཧིན་སྒོར་ ༥༠༠༠ ཡས་མས་ལས་ཡོད་པ་མ་རེད། ས་ཁུལ་དེར་སྤྱིར་བཏིང་འཚོ་བའི་ཡོ་བྱེད་དང་འགྲིམ་འགྲུལ། གླ་ཆ་སོགས་གང་ཅིའི་ཐད་ནས་སྐྱོ་བོ་ཡིན་སྟབས་དགེ་རྒན་མང་པོ་ཞིག་འདུག་འདོད་བྱེད་ཀྱི་ཡོད་པ་མ་རེད། ཧི་མ་ལ་ཡའི་རི་རྒྱུད་དུ་ཕྱིན་ཏེ་དགེ་རྒན་བྱེད་འདོད་མཁན་ཞིག་ཡིན་ཚེ་ཉུང་མཐར་ལོ་གསུམ་བཞི་རེར་བསྡད་ན་ཕན་ཐོགས་ཆེན་པོ་ཡོང་གི་འདུག དེ་མ་གཏོགས་དང་པོ་སྐད་མགོ་འཚོས་མིན་དང་དགེ་སློབ་བར་གོམས་འདྲིས་ཐུབ་མིན་སོགས་ལ་དཀའ་ངལ་ཏོག་ཙམ་འདུག” ཅེས་བརྗོད་བྱུང་།

ཁོང་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ཧི་མ་ལ་ཡའི་རི་རྒྱུད་བར་བོད་ཡིག་སློབ་སྦྱོང་བྱེད་སྟངས་ཐོག་ཁྱད་པར་མཐོང་གི་ཡོད་མེད་དྲིས་པར། “ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཚང་མའི་ནང་བོད་ཡིག་འཁྲིད་ཀྱི་ཡོད་ཀྱང་། བོད་ཡིག་བོད་སྐད་ཐོག་དགེ་སློབ་གཉིས་ཀར་ཡིད་ཆེས་ཡོང་ཐུབ་ཀྱི་མེད་པའི་རྣམ་པ་ཞིག་ཡོད་པ་རེད། ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་བོད་ཡིག་ཐོག་དོ་སྣང་ཆེན་པོ་རེད། ང་རང་གི་བསམ་པར། མ་འོངས་པར་བོད་ཡིག་བོད་སྐད་རྒྱུན་འཛིན་བྱེད་ས་ཧི་མ་ལ་ཡའི་རི་རྒྱུད་ཡག་ཤོས་ཆགས་ཀྱི་འདུག ས་ཆའི་གནས་བབ་དང་རྟ་ནོར་ལུག་གསུམ། དེ་བཞིན་ཡུལ་གོམས་གཤིས་ལུགས་དང་ཅ་དངོས་ཚུན་ཆད་བོད་ནང་གི་འབྲོག་ས་དང་གཅིག་པ་རེད། བཙན་བྱོལ་སྤྱི་ཚོགས་དང་ནུབ་ཕྱོགས་ཁག་ཏུ་རེ་བ་རྒྱག་པ་ལས་ཧི་མ་ལ་ཡའི་རི་རྒྱུད་དང་། ལྷག་པར་དུ་ལ་དྭགས་ཕྱོགས་བོད་པའི་སྐད་ཡིག་རིག་གཞུང་ཉར་ཚགས་བྱེད་ས་ཡག་ཤོས་ཤིག་ཏུ་མཐོང་སོང” ཞེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ་བོད་པའི་ངོས་ནས་ཁོང་ཚོར་མཐུན་འགྱུར་ཞུ་དགོས་པ་གང་དག་ཡོད་མེད་དྲིས་པར། “ དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དང་། ལ་དྭགས་ཕྱོགས་ནས་ཕྲུ་གུ་ཚོ་བཙན་བྱོལ་བོད་པའི་དགོན་སྡེ་ཁག་དང་། བོད་མིའི་སློབ་གྲྭ་ཁག་ནང་གཏོང་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རྒྱ་གར་སློབ་གྲྭའི་ནང་གཏོང་འདོད་ཡོད་པ་མ་རེད། ཡིན་ནའང་ས་གནས་རང་གི་སློབ་གྲྭ་ཁག་ནང་བོད་ཡིག་དགེ་རྒན་ཡག་པོ་མ་རག་པ་དང་། བོད་ཡིག་གི་སློབ་དེབ་གཅིག་གྱུར་མེད་པའི་དཀའ་ངལ་འཕྲད་བཞིན་འདུག དཀའ་ངལ་འདི་སེལ་ཐབས་ལ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རེ་བ་ཆེན་པོ་གནང་གི་འདུག བོད་མིའི་སྒྲིག་འཛུགས་དང་ཤེས་རིག་ལས་ཁུངས། བོད་པའི་སློབ་གྲྭ་ཁག་གིས་ཁོང་ཚོ་དང་འབྲེལ་བ་བྱས་ཏེ། བོད་དགེ་དང་བོད་ཡིག་སློབ་དེབ་ཐོག་རོགས་རམ་ཞིག་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

ཨ་མ་རྗེ་བཙུན་པདྨའི་གཟེངས་རྟགས་བཞེས་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཨ་མ་རྗེ་བཙུན་པདྨ་མཆོག་ལ་ལོན་ཌོན་ནང་ཚོགས་ཁི་རེས་སི་མེསི་ཧམ་ཧྥེ་རིསི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

ཕ་ཡུལ་ཞེས་པའི་གཏམ་བརྗོད་ཅིག་མི་འགྱང་བར་དྷ་སར་འཁྲབ་སྟོན་བྱ་རྒྱུ་རེད།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཧྥ་རན་སིསི་ཧལ་ཛེན།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

༢༠༢༦/༡༠/༠༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

༢༠༢༦/༡༠/༠༦
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese