མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒམ་ཆུང་ནང་གི་རྡོག་ལམ།

བོད་ཀྱི་དུས་བབ།
༢༠༡༣/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་བ་ཚེ་རིང་།

སྐུ་མདུན་བགྲེས་ཡོལ་དུ་ཕེབས་སྐབས་སམ། བཙན་བྱོལ་བོད་གཞུང་དབུས་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་བར་སྟ་གོན་བྱེད་སྐབས་ཀྱི་སྔ་གཞུག་དེར། བོད་ཀྱི་གནད་ཡོད་མི་སྣ་ཚོས་གཟིམ་ཆུང་གི་ཡང་སྦུག་ནས་འབྱུང་འགྱུར་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལའང་འགྱུར་བ་བཏངས་ཚར་ཡོད། ཧ་ལམ་ལོ་གསུམ་འགོར་ཡོད་ནའང་། བོད་མི་དཀྱུས་མ་ཚོ་ཕར་ཞོག རང་བཙན་དང་ལམ་དབུ་མའི་འཐབ་རྩོད་པ་ཚོའི་ཁྲོད་ནའང་འགྱུར་བ་འདི་ལ་ཤེས་རྟོག་དང་། དོ་སྣང་། ཤེས་ཐབས་གནང་གི་ཡོད་མཁན་ཧ་ཅང་གི་ཉུང་ཉུང་ཡིན། རྒྱ་དར་འཕྱར་ནས་ལས་འགུལ་སྤེལ་མཁན་དང་། གྲོས་ཚོགས་ཚོགས་དུས་འདིའི་ཐོག་བཏོན་པའི་༼ལམ་དབུ་མར་རྒྱབ་སྐྱོར་ཕྱིར་འཐེན་༽དགོས་པའི་སྤྱི་འཐུས་སྒེར་གྱི་བསམ་ཚུལ་དེ། འགྱུར་བ་འདི་ལ་ངེས་ཤེས་དང་དོ་སྣང་ཞན་པའི་སྣང་ཚུལ་གྱི་དཔེ་མཚོན་ཡག་ཤོས་དང་། ཁོ་ཚོ་རང་ཉིད་ཀྱང་དེ་ལྟ་བུའི་བོད་མི་ཚོའི་དཔེ་མཚོན་ཡག་ཤོས་སུ་བགྲང་ཆོག་པ་ཡིན།

བཙན་བྱོལ་དུ་འབྱོར་རྗེས། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་གསུམ་བཏངས་ཡོད། རང་བཙན་གཙང་མ་ནས་གཉིས་སྨན་དབུ་མའི་ལམ། དེ་ནས་ད་ལྟའི་འཐབ་རྩོད་རྒྱུན་སྲིང་གི་སྲིད་བྱུས་བཅས་ཡིན། རང་བཙན་འཐབ་རྩོད་ཀྱིས་གཙོ་བོ་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཐོབ་ཐང་བརྩད་ཅིང་། ལམ་དབུ་མས་ད་ལྟའི་བོད་མིའི་དགོས་འདུན་མངོན་འདོད་ཁག་རྩལ་དུ་བཏོན་ནས་བརྩད་ཡོད། འདི་གཉིས་ཀས་ཁ་གཏད་རྒྱ་ནག་བཟུང་ནས་ཐོབ་ཐང་དང་དགོས་འདུན་མངོན་འདོད་ཁག་དོན་འཁྱོལ་ཡོང་བར་འབད་ཡོད། ད་ལྟའི་སྲིད་བྱུས་གསར་པའི་ཁ་གཏད་ནི་བོད་པ་རང་ཉིད་ཡིན། དེ་ཡང་། ད་ཡོད་རང་ཉིད་ཀྱི་རྩ་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་རྣམས་མུ་མཐུད་འཚོ་གནས་དང་། རྒྱུན་སྲིང་། སྲ་བརྟན། གོང་འཕེལ་ཡོང་བར་འབད་ཀྱིན་ཡོད། མདོར་བསྡུས་ཏེ་བཤད་ན། རང་ཉིད་ཀྱི་ཁ་གཏད་རང་ཉིད་ཡིན་ཞིང་། ཛ་དྲག་པོས་བཤད་ན། སྐུ་མདུན་མེད་ཤུལ་ནས། བོད་ཀྱི་རྩ་དོན་འཐབ་རྩོད་ད་སྔ་བཞིན་མུ་མཐུད་གསོན་པོར་གནས་ཆེད་འཐབ་རྩོད་བྱེད་ཀྱིན་ཡོད། དེ་ལས་ཀྱང་གསལ་བོར་བཤད་ན། སྐུ་མདུན་ཞིང་ལ་ཕེབས་ནའང་རྒྱ་ནག་གི་ཚོད་རྩིས་ལྟར་ཁོ་ཚོའི་ཉི་མ་སེར་པོ་འཆར་མི་འཇུག་རྒྱུ་དེ་ཡིན།

མང་པོ་ཞིག་གིས་འདི་ལྟ་བུའི་འགྱུར་བ་ཞིག་བཏངས་ཡོད་པར་ཡིད་ཆེས་བྱེད་ཀྱི་མེད། དེར་ཁག་ཅི་ཡོད། ད་བར་གཞུང་ངོས་ནས་དེ་སྐོར་ཡོངས་ཁྱབ་གསལ་བསྒྲགས་གང་ཡང་བྱས་མེད་ལ། ཕྱི་ཚུལ་ནས་ད་དུང་ལམ་དབུ་མར་འགྱུར་བ་བཏང་མེད་པར་རང་སོར་གནས་ཡོད་ཚུལ་ཡང་ནས་བསྐྱར་དུ་སྒྲོག་གིན་ཡོད། ལྷག་པར་སྲིད་བྱུས་གསར་པ་འདིར་ངེས་གཏན་འཁེལ་ཞིང་ཞིབ་ཚགས་པའི་རྩ་འཛིན་དང་། ཐབས་བྱུས། ལས་རིམ་རྣམ་བཞག་སོགས་མེད་པ་ནི་དེ་ལས་ཀྱང་མི་རྣམས་མགོ་འཐོམ་ས་དེ་ཆགས་ཡོད། ཞིབ་ཏུ་བལྟས་ན། བོད་ཀྱི་རྩ་དོན་འཐབ་རྩོད་ཁག་ལ་འགྱུར་བ་གཏོང་སྐབས། ང་ཚོས་སྐྱ་ཐིག་ཙམ་བཏངས་རྗེས། སྐབས་ཐོག་སོ་སོའི་གནས་སྟངས་ལ་བལྟ་རྒྱུ་ལས། དང་པོ་ནས་ཞིབ་ཚགས་པོའི་རྩ་འཛིན་དང་། ཐབས་བྱུས། ལས་རིམ་བསྒྲིགས་ནས་བསྐྱོད་མྱོང་མེད་པ་བྱུང་རབས་ནང་ཧ་ཅང་གིས་གསལ་བསྡད་ཡོད། གོམ་པ་རྒྱག་གིན་རྒྱག་གིན་ལས་ཀ་བྱེད་པ་དེ་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་བྱུང་རིམ་ནང་རྒྱུན་སྲོལ་ནང་བཞིན་ཆགས་ཡོད། གང་ལྟར། འདི་དག་གིས་རྩ་དོན་སྲིད་བྱུས་ལ་འགྱུར་བ་བཏང་མེད་པ་མཚོན་མི་ཐུབ།

རྒྱུས་ལོན་བྱས་པ་ལྟར་ན། སྲིད་བྱུས་འདིའི་གོམ་པ་དང་པོ་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་སྲ་བརྟན་ངང་གནས་ཐབས་ཐོག་སྤོས་ཡོད། རྒྱ་གར་གཞུང་དང་འབྲེལ་བའི་ཡིག་ཐོག་གམ་ཁྲིམས་ཐོག་གི་གནས་སྟངས་ཚང་མ་ད་ལྟ་གཙང་བཟོ་བྱས་ཟིན་པའི་ཚད་དུ་སླེབས་ཚར་ཡོད། མི་གཅིག་ཡོད་མེད་ལ་བལྟ་མི་དགོས་པར། འབྱུང་འགྱུར་ཇི་སྲིད་བོད་མི་ཚོས་རང་གི་ནུས་སྟོབས་འདོན་ཐུབ་པ་དེ་སྲིད་དུ། བོད་མི་དང་ཁོ་ཚོའི་སྒྲིག་འཛུགས་ཀྱི་རྒྱ་གར་ནང་གི་ཁྲིམས་ཐོག་གནས་བབ་དེ་ཧ་ཅང་གི་བརྟན་པོ་ཆགས་ཚར་ཡོད། རྒྱ་གར་ནང་གི་འཐབ་རྩོད་རྒྱུན་སྲིང་གི་ལས་དོན་དེ་ཕྱོགས་ངོས་གཞན་ཞིག་ནས་མགོ་བཙུགས་ནས་འགྲོ་གིན་ཡོད། སྲིད་བྱུས་རྙིང་བས་རྒྱ་གར་གཞུང་དང་། གྲོས་ཚོགས། སྲིད་དོན་ཚོགས་པ། ས་གནས་གཞུང་དང་ཡུལ་མི་སྒེར་བའི་ཐད་ནས་རྒྱབ་སྐྱོར་བཙལ་ཡོད་ནའང་། དུས་ཚོད་ཀྱི་དགོས་མཁོ་ཆེ་བའི་སྲིད་བྱུས་འདིས་ཕུགས་རྒྱང་བའི་གནས་བབ་ལ་བསམ་ནས། རྒྱབ་སྐྱོར་ཡོང་ས་དེ་མི་རིགས་དང་། རིག་གཞུང་། ཡུལ་སྲོལ། གོམས་གཤིས། སྐད་ཡིག་སྟེ། ལོ་རྒྱུས་ཀྱི་ཁྲག་རྒྱུན་ཉེ་ས་ཞིག་ནས་འཚོལ་བཞིན་ཡོད་ལ། ལ་དགས་ནི་ཉེ་བའི་ལོ་གཉིས་རིང་བོད་མིའི་མཛད་གཙོ་རྣམས་ཡང་ཡང་གཟིགས་སྐོར་གྱི་ངོ་བོའི་ཐོག་ཕེབས་ས་ཞིག་ཆགས་ཡོད།

བཀའ་ཤག་གསར་རྙིང་གཉིས་ལ་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་མི་འདྲ་བ་ཡོད་པ་ནང་བཞིན། ཁོ་གཉིས་ཀྱི་ཕྱག་ལས་གནང་སྟངས་ཀྱི་འཁོར་ཕྱོགས་ལའང་མངོན་གསལ་དོད་པོའི་ཁྱད་པར་ཐོན་ཡོད། རྒྱ་ནག་ལ་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་པའམ། ཡང་ན། ངྷ་སར་བཞུགས་ནས་འཆར་ཅན་གྱི་ཕྱག་ལས་གནང་རྒྱུ་ལས། རྒྱལ་སྤྱིའི་སྡིངས་ཆར་ཞུགས་ནས་ལས་དོན་སྒྲུབ་རྒྱུ་ནི་བཀའ་ཤག་གསར་པས་འགན་གཙོ་བོར་འཛིན་བཞིན་ཡོད། བཀའ་ཤག་རྙིང་བ་དང་བསྡུར་ན། བཀའ་བློན་གསར་པ་ཚོའི་དུས་ཚོད་མང་ཤོས་འགྲིམ་འགྲུལ་ཐོག་བཏང་ཡོད་ཅེས་བཤད་ཆོག འདིའི་ཤུགས་བསྟན་ནི། འབྱུང་འགྱུར་གྱི་སྲིད་བྱུས་ནང་རྒྱ་ནག་དང་རྒྱལ་སྤྱི་གཉིས་ལས་གང་གལ་འགངས་ཆེ་མིན་དེ་ཡིན། ད་དུང་། བཀའ་བློན་ཕྱོགས་ཕེབས་སྐབས། ཁོ་ཚོ་རྒྱལ་ཁབ་ཁག་ནང་སྤེལ་བའི་གཞི་རིམ་མང་ཚོགས་ཀྱི་བོད་དོན་ལས་འགུལ་ཁག་ལའང་སྣེ་ཁྲིད་དང་མཉམ་ཞུགས་བྱེད་ཀྱིན་ཡོད། ད་ལོའི་གསུམ་ཅུ་དུས་དྲན་གཅིག་བུར་མཚོན་ནའང་། བཀའ་བློན་བཞིས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་འགའ་ཤས་ནང་གཞི་རིམ་མང་ཚོགས་ཀྱི་ལས་འགུལ་ལ་སྣེ་ཁྲིད་དང་ཉམས་ཞུགས་ཀྱི་ཆ་ཤས་བླངས་ཡོད། སྣང་ཚུལ་འདི་རིགས་ཟམ་གདོང་རིན་པོའི་ཆེའི་བཀའ་ཤག་སྐབས་དུས་སུ་བྱུང་མྱོང་མེད། སྲིད་བྱུས་ལ་འགྱུར་ལྡོག་བྱུང་མེད་ཚེ་སྣང་ཚུལ་འདི་རིགས་འབྱུང་སླ་བོ་མིན།

འདི་ལྟར་རྩ་དོན་འཐབ་རྩོད་ཀྱི་འགྱུར་རིམ་ལ་རེག་བལྟས་དང་། བཀའ་ཤག་གསར་རྙིང་བར་ཞིབ་བསྡུར་བྱས་ཚེ། སྲིད་བྱུས་གསར་པའི་རྩ་འཛིན་དང་ཐབས་བྱུས་དང་། ལས་རིམ་སོགས་མཐོང་མི་ཐུབ་ནའང་སྐྱ་ཐིག་ཙམ་གསལ་བོར་མཐོང་ཐུབ།  གནས་སྟངས་ལ་དང་ལེན་ཐུབ་ཀྱང་རུང་མ་ཐུབ་ཀྱང་རུང་། ལམ་དབུ་མར་ཕམ་ཉེས་བྱུང་ཟིན་པ་དངོས་ཡོད་ཡིན། ཕམ་ཉེས་དེས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱང་ཆེས་ཉེན་འཕྲང་གི་གནས་བབ་ནང་བརྫངས་ཚར་ཡོད། གལ་སྲིད་ཁྱོད་རང་དངོས་ཡོད་ལ་གུས་བཀུར་དང་འབྱུང་འགྱུར་ལ་རེ་བ་བཅོལ་མཁན། ལྷག་པར་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལས་འབྲས་བརྩི་མཁན་ཞིག་ཡིན་ཚེ། སྐབས་ཐོག་གི་ལྷག་བསམ་དང་། སེམས་ཤུགས། ཚོར་བ། ན་ཟུག སྡང་སེམས་སོགས་ཟུར་དུ་བཞག་ནས། ཕུགས་རྒྱང་རིང་བའི་སྒམ་ཆུང་ནང་གི་འཚོ་གནས་དང་། རྒྱུན་སྲིང་། སྲ་བརྟན། གོང་འཕེལ་ཡོང་ཐབས་གྱི་ལམ་བུ་འདི་རང་གི་རྡོག་སྣེར་འདྲེན་རྒྱུ་ལས་གང་ཡང་ལྷག་མེད།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 5

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    གྲོགས་ཀླུ་སྒྲུབ་ཀྱིས་གསུངས་པ་དེ་ག་རང་ལས་ཐེ་བ་གཞན་ཞུ་ཡ་མི་འདུག འཐབ་རྩོད་རྒྱུན་སྲིང་བྱེད་པ་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་འཁྲིད་ལམ་སྟོན་ནས་བཤད་ན་”རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་”ཞེས་དྲུག་ཅུ་རེ་གྲངས་ནས་མགོ་བཙུགས་ཡོད། གཉིས་ནས་སྒྲིག་འཛུགས་རྒྱུན་གནས་དང་འཐབ་རྩོད་རྒྱུན་སྲིང་འདི་སྒྲུབ་བྱ་གཙོ་བོར་ཡར་སླེབས་ཡོད་པ་འདྲ་བའི་སྣང་ཚུལ་སུ་ལའང་བྱུང་ཆོག་གི་རེད་འདོད། གང་ཡིན་ཞེ་ན། བཙན་བྱོལ་སྒྲིག་འཛུགས་ཀྱི་འཕྲལ་དང་ཕུགས་ཀྱི་འགན་འཁུར་བོད་ལ་རང་སྐྱོང་ཐོབ་རྒྱུ་དང་གཞིས་དགོན་ཡར་རྒྱས་ཀྱིས་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུ་དེ་རེད། ཉེ་བའི་ལོ་འགའི་སྔོན་༧གོང་ས་མཆོག་གིས་རྒྱ་ནག་དང་རྒྱལ་སྤྱི་ལ་ལྟོས་པའི་ལས་དོན་རིགས་དང། སུ་གང་ལའང་ལྟོས་མི་དགོས་པར་བོད་མི་རང་ངོས་ནས་སྒྲུབ་ན་འགྲུབ་པའི་ལས་དོན་རིགས་བཅས་གཉིས་སུ་བགར་ནས་བཀའ་ནན་ཕེབས་པ་སོགས་ཀྱིས་ཀྱང་འཐུས་ངེས་ལ་སོང། མདོ་དོན་སྒྲིག་འཛུགས་སྲ་བརྟན་ནི་ཕུགས་ནས་བོད་ལ་ལོག་འདོད་ཡོད་མེད་དང་ཁ་གཏད་གཅོག་རྒྱུར་རྣམ་དཔྱོད་དང་ནུས་པ་གཉིས་ཀའི་མ་འདང་བར་དོགས་གཞི་བསྐྲུན་ན། དེ་ནི་བཤད་སྟངས་ཤིག་ཡིན་ལོས་ཆེའང་དངོས་དོན་མ་རེད་ཅེས་ཞུ་ཐུབ་པ་ཞིག་རེད།

    དེ་དང་འབྲེལ་ནས་གཟིམ་ཆུང་སྦུག་ནས་སྲིད་བྱུས་ལ་འགྱུར་བ་བཏང་ཚུལ་ལ་དཔྱད་པ་བཏང་བ་ནི། ༧གོང་ས་མཆོག་ཐེ་བའི་གྲོས་རྭ་ཞིག་ནས་འདི་ལྟར་ཡོང་གཞིའི་གནས་བབ་མེད་པ་ཤིན་ཏུ་གསལ་བོ་ཡིན་པ་དང། སྲིད་སྐྱོང་སྔ་ཕྱི་གཉིས་ཀྱི་ལས་དོན་གནང་ཕྱོགས་ཁག་ཅིག་བསྡུར་ཏེ་བལྟས་བས་ཀྱང་དེ་ཙམ་ཁ་ཚོན་གཅོད་རྒྱུ་དཀའ་ཙམ་གདའ་ན། སྤྱིར་ཞིབ་ཚགས་དོ་སྣང་ཡོད་མཁན་རྣམས་ལ་འདི་རིགས་ཀྱི་ལོག་རྟོགས་འབྱུང་གཞི་མེད་ཀྱང། དཔྱད་གཏམ་གྱི་ཚུལ་དུ་དོགས་སློང་བྱས་མ་ཆོག་པ་ཅི་ཡོད་བསམས་ན། བསམ་ཚུལ་གྱི་ཁྱབ་ཁོངས་ནང་བཏང་སྙོམས་འཇོག་རྒྱུ་ལས་དངོས་དོན་ནང་ཚུར་བླངས་ནས་བགྲོ་གླེང་བྱ་རྒྱུའི་ངལ་བ་བསྟེན་འདོད་མ་བྱུང།

    Reply
  2. སྨྱུག་མདའ། says:
    ལོ་ 12 སྔོན།

    བཀླགས་ཟིན།

    Reply
  3. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ། འགྱུར་ལྡོག་ཆེན་པོ་གསུམ་བྱུང་ཟེར་བ་འདིའི་ཐད་ང་ལ་བསམ་ཚུལ་ཞིག་ཡོད། དེ་སྔ་རང་བཙན་འཐབ་རྩོད་ནས་གཉིས་ཕན་ལམ་དབུ་མར་བབ་པའི་གནས་སྟངས་དེ་འགྱུར་ལྡོག་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་དེང་སང་སླར་ཡང་ལམ་དབུ་མ་ནས། འཐབ་རྩོད་རྒྱུན་བསྲིང་གི་གནས་བབ་ཞིག་ལ་བབ་ནས་འཐབ་རྩོད་བྱེད་བཞིན་ཡོད་ཚུལ་བཤད་པ་འདི་ནི། གནས་ཚུལ་དང་མི་མཐུན་པ་ཞིག་ཏུ་འདོད། ཕྱི་ལོ་ ༡༩༥༩ ནས་བཟུང་རྩ་དོན་འཐབ་རྩོད་ཀྱི་འགོ་བཟུང་བ་ཡིན་ལ། དུས་དེ་ནས་རྒྱུན་བསྲིངས་པའང་ཡིན། འོན་ཀྱང་ད་ཆ་དམིགས་བསལ་གནས་ཚུལ་གཅིག་ཡོད་པ་ནི། ༧གོང་ས་ཏཱ་ལའི་བླ་མ་མ་བཞུགས་པའི་ཉིན་མོ་དེར་ཡང་། བོད་ཀྱི་རྩ་དོན་གནས་དགོས་ངེས་ལ་སོང་། དེ་མཐུན་གྱི་དགོས་ངེས་གྲྭ་སྒྲིག་བྱེད་དགོས་པ་དེ་ཤོད་མ་དགོས་མོད། འོན་ཀྱང་དེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཐབ་རྩོད་དེ། འགྱུར་ལྡོག་བཏང་ནས་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་བཞག་ནས་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་རང་ཉིད་སྲ་བརྟན་ཡོང་ཐབས་སུ་འཐབ་རྩོད་བྱས་ཏེ། རྩ་བ་བོར་ནས་ཡོད་པ་ལྟ་བུའི་གླེང་བརྗོད་སྤེལ་བ་འདི་ཁོ་བོར་མཚོན་ན། ཁས་ལེན་ཐུབ་པའི་དོན་གནད་ཅིག་མ་རེད། འོན་ཀྱང་ཁྱེད་ཀྱི་བསམ་ཚུལ་ལ་གུས་ཞབས་ཡོད།

    Reply
  4. གནས་ཚང་། says:
    ལོ་ 12 སྔོན།

    མདོར་བསྡུས་བཤད་ན། སྐྱབས་བཅོལ་ནང་གི་ཚོང་དཔོན་ཚོའི་ལས་དབང་ཐག་གཅོད་བྱས་ཡོད་པ་རེད། གཞུང་ཞིག་ནས་སྒྲིག་འཛུགས་ལ་བསྒྱུར་བ་དང་། དེའང་བྲོས་བྱོལ་བ་ཚོའི་ངོ་བོའི་སྒང་ལོག་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ཙམ་རྩོད་རོགས་སུ་གྱུར་ཡོད་པ་རེད། དེ་བས། ད་ལྟ་བོད་ནང་ནས་ཀྱང་དེ་ལུགས་ཧ་གོ་ནས་རང་ཉིད་སྐྱོབ་པར་རང་ཉིད་ལམ་ལ་ཆས་འགོ་བརྩམས་ཡོད་པ་རེད།

    Reply
  5. ཟླ་བ་བསོད་ནམས། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་གཞུང་དབུས་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་རྗེས། ཁ་གཅུས་སྣ་ཙེར་ནས་ར་མདའ་རྒྱུགས་མཁན་མང་ཙམ་བྱུང་མྱོང་ནའང་། དབུས་བོད་མིའི་སྒྲིག་འཛུགས་ནི་བོད་ཀྱི་འབྱུང་འགྱུར་ལ་དམིགས་པའི་འཐབ་རྩོད་སྲིད་ཇུས་ཞིག་ལ་ངོས་འཛིན་བྱེད་མཁན། ད་བར་དུ་སུ་གང་ཡང་བྱུང་མྱོང་མེད་པ་ལྟར་གང་མང་མང་དེ་འཐོམ་སོང་བ་རེད་མ་གཏོགས། འུར་བརྒྱབ་ནས་དཀྲོགས་མི་ཐུབ་རུང་ཁ་ལག་པས་བཀབ་ནས་མགོ་ནང་བགུག་བྱེད་མཁན་ཞིག་ཡིན་རུང་ཕྱི་ལ་ཐོན་ཡོད་སྲིད།
    གང་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་ལ་འགྱུར་བ་གང་ཡང་ཕྱིན་མེད་ཚུལ་ཡང་དང་བསྐྱར་དུ་སྒྲོགས་བཞིན་པར་བརྟེན། བོད་ཀྱི་རྩ་དོན་འཐབ་རྩོད་ལམ་དབུ་མ་ནས་༼འཐབ་རྩོད་རྒྱུན་སྲིང་གི་སྲིད་བྱུས་༽ལ་ལྐོག་གྱུར་ངང་འཕོ་འགྱུར་བྱུང་བའམ། དོན་དངོས་དེ་ལྟར་ཆགས་ཡོད་ཚུལ་༼བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་སྲ་བརྟན་ངང་གནས་ཐབས་ཐོག་སྤོས་ཡོད། རྒྱ་གར་གཞུང་དང་འབྲེལ་བའི་ཡིག་ཐོག་གམ་ཁྲིམས་ཐོག་གི་གནས་སྟངས་ཚང་མ་ད་ལྟ་གཙང་བཟོ་བྱས་ཟིན་པའི་ཚད་དུ་སླེབས་ཚར་ཡོད།༽འདི་ལྟར་ལུང་འདྲེན་ཅི་ལྟར་བྱས་རུང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཁ་ཕྱིར་ལོག་ནས་༧གོང་ས་མཆོག་བོད་ནང་ལ་གདན་འདྲེན་བྱེད་རྒྱུ་གཙོ་དོན་ཡིན་ལུགས་སོགས། རང་ལུས་མེར་བསྲེགས་དང་འབྲེལ་བའི་ཉེན་ཚབས་ཅན་གྱི་སྐབས་དོན་ཞིག་གླེང་བཞིན་༼བཀའ་བློན་གསར་པ་ཚོའི་དུས་ཚོད་མང་ཤོས་འགྲིམ་འགྲུལ་ཐོག་བཏང་༽བ་མ་རེད་དམ། གལ་སྲིད་༼འབྱུང་འགྱུར་གྱི་སྲིད་བྱུས་ནང་རྒྱ་ནག་དང་རྒྱལ་སྤྱི་གཉིས་ལས་གང་གལ་འགངས་ཆེ་མིན་༽ལ་བལྟས་ནས་བྲེལ་ཟིང་འདི་འདྲ་ཞིག་བྱས་ཡོད་ཚེ། དབུས་བོད་མིའི་སྒྲིག་འཛུགས་ནས་༼སྐབས་ཐོག་གི་ལྷག་བསམ་དང་། སེམས་ཤུགས། ཚོར་བ། ན་ཟུག སྡང་སེམས་སོགས་ཟུར་དུ་༽འཇོག་རྒྱུའི་འབོད་སྐུལ་ལམ་གསལ་བསྒྲགས་ཞིག་བོད་ཕྱི་ནང་གཉིས་ལ་བྱེད་དགོས་བ་རེད་སྙམ།དེ་མིན་༼ཕུགས་རྒྱང་རིང་བའི་སྒམ་ཆུང་ནང་གི་འཚོ་གནས་དང་། རྒྱུན་སྲིང་། སྲ་བརྟན༽ཆེད་དུ་ཡང་ཚེ་སྲོག་གི་མར་མེའི་འབར་རྒྱུན་ཆད་མི་སྲིད་སྟབས། སྐྱོ་ཡང་སྐྱོ་ལ། ཕམ་ཡང་སྲིད་པའི་བྱ་བ་དག སྔ་ས་ནས་མཇུག་སྒྲིལ་ན་ཡག་གི་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese