ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་༸གོང་ས་མཆོག་གིས་ལོ་ལྟར་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ཏུ་ཡོད་པའི་བོད་རིཊ་མཐོ་རིམ་སློབ་མ་གཙོས། ས་རཱ་དང་ནོར་གླིང་། སྨན་རྩིས་ཁང་བཅས་མཐོ་སློབ་ཁག་དང་། ངྷ་སྟེང་བོད་ཁྱིམ་དང་ངྷ་ཤོད་བོད་ཁྱིམ། གྷོ་པ་པུར་བོད་ཁྱིམ། སུ་ཇཱ་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གི་སློབ་མ་རྣམས་དང་། བཞུཊ་སྒར་ཁུལ་གྱི་དད་ལྡན་མང་ཚོཊ་བཅས་ལ་ནང་ཆོས་ངོ་སྤྲོད་གནང་བཞིན་པ་ལྟར། འདི་ལོ་བཞུགས་སྒར་ནང་ཆོས་གོ་སྒྲིག་ཚོཊ་ཆུང་དང་ངྷ་སྟེང་བོད་ཁྱིམ་ཟུང་འབྲེལ་ཐོག་༸གོང་ས་མཆོག་ལ་སྐུ་ཉིད་ཀྱིས་ལྗགས་རྩོམ་གནང་བའི་༼བློ་གསལ་མིག་འབྱེད༽ ཀྱི་གསུང་ཆོས་གནང་རྒྱུའི་གསོལ་འདེབས་ཞུས་དོན་ལྟར་ཞལ་བཞེས་ཐོབ་ཏེ། འཆར་ཟླའི་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་ངྷ་སྟེང་བོད་ཁྱིམ་ཚོཊ་ཁང་དུ་ནང་ཆོས་ངོ་སྤྲོད་གནང་གཏན་ཁེལ་ཡོད་འདུག
འདིའི་ཐད་ངྷ་ས་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་བཅར་འདྲི་བྱས་པར། ཁོང་གིས་ཐེངས་འདིར་ངྷ་ས་ནང་ཆོས་གོ་སྒྲིག་ཚོཊ་ཆུང་དང་ངྷ་སྟེང་བོད་ཁྱིམ་གཉིས་ཀྱིས། སྤྱིར་འཛམ་གླིང་ནང་བོད་མི་ཚོར་ཆེ་མཐོང་ཞིག་ཡོང་བཞིན་པ་གཙོ་བོ་ནང་ཆོས་ཆགས་ཡོད་པ་དང་། ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདིས་སོ་སོའི་འདི་ཕྱི་གཉིས་དང་། ༸གོང་ས་མཆོག་གི་དགོངས་གཞི་བསྒྲུབ་ཐབས། བོད་ཀྱི་རིག་གཞུང་རྒྱུན་འཛིན་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པར་དམིགས་ཏེ། ལོ་ལྟར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་གོ་སྒྲིག་གནང་གི་ཡོད་པ་དང་། ཉེ་བའི་དུས་ནས་རྒྱ་གར་རྒྱལ་ཡོངས་གཙོས་བོད་རིགས་མཐོ་རིམ་སློབ་མ་ཚོར་གློག་འཕྲིན་དང་། བཞུགས་སྒར་གཡས་གཡོན་གྱི་སློབ་གྲྭ་ཁག་ཏུ་ང་ཚོས་ཞལ་པར་བརྒྱུད་དེ་འབྲེལ་བ་བྱས་ཡོད་སྟབས། ཐེངས་འདིའི་ནང་ཆོས་ངོ་སྤྲོད་སྐབས་མི་མང་པོ་འཛོམས་པའི་རེ་བ་བྱེད་ཀྱི་ཡོད་སྐོར་དང་། ལྷག་པར་དུ་གཞོན་སྐྱེས་ཚོའི་ངོས་ནས་གོ་སྐབས་བཟང་པོ་འདི་ཆུད་བཟོས་སུ་མི་གཏོང་བར་ཆ་ཤས་ལེན་དགོས་པའི་འབོད་སྐུལ་གནང་སོང་།
གསར་འགོད་པ། དོན་གོ
ཆོས་འཁོར་བསྐོར་བར་བསྐུལ་བ་ཤིནད་ཏུ་བཟང་། ཟླ་ཚེ་ལགས།
༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ལེགས་བཤད་བློ་གསར་མིག་འབྱེད་མ་གཏོགས་བློ་གསལ་མིག་འབྱེད་ཡིན་གྱི་མ་རེད།
༄༅། ལེགས་བཤད་བློ་གསར་མིག་འབྱེད་ཅེས་བྱ་བ་བཞུགས་སོ།།
༸མགོན་པོ་གང་ཉིད་ཀྱིས་ལྗགས་རྩོམ་གནང་བའི་༼ལེགས་བཤད་བློ་གསལ་མིག་འབྱེད་༽ ཀྱི་བཀའ་ཆོས་ཞུ་རྒྱུའི་གོ་སྐབས་ཧ་ཅང་དཀོན་པོ་རེད། གཞོན་སྐྱེས་ཚོས་གོ་སྐབས་དམ་འཛིན་གནང་རྒྱུ་ཤིན་ཏུ་གལ་ཆེ།