མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རྒན་གསོ་ཁང་ཁག་ཏུ་རྒན་འཁོཊ་ཕོ་མོ་ ༨༨༦ ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་རྒན་གསོ་ཁང་གི་གནས་སྟངས་ཐད་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་ཡོད།

དྲི་བ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒན་གསོ་ཁང་ཐོག་མར་གསར་བཙུགས་པའི་བརྒྱུད་རིམ་མདོར་ཙམ་ངོ་སྤྲོད་གནང་རོགས།

ལན། བོད་པར་ལམ་ལུགས་དང་གོམ་གཤིས་བཟང་པོ་ཞིག་ཡོད་པ་ནི་བུ་ཕྲུག་ལོ་གཞོན་པ་ཚོས་ནང་གི་རྒན་པ་ཚོར་གུས་ཞབས་དང་བལྟ་སྐྱོང་ཡག་པོ་བྱེད་པ་དེ་རེད། ང་ཚོ་བཙན་བྱོལ་ནང་ཐོག་མར་འབྱོར་སྐབས་ལོ་རྒན་པ་གང་ལ་གང་འཚམ་ཞིག་ཡོད། སྐབས་དེར་གཅིག་ནས་རྒན་གསོ་ཁང་འཛུགས་རྒྱུའི་བསམ་བློ་དང་ཆ་རྐྱེན་གཉིས་ཀས་འདང་གི་ཡོད་པ་མ་རེད། དྲུག་ཅི་རེ་གྲངས་ལ་བོད་ནས་ཚུར་སླེབས་མཁན་མི་ཧྲེང་ཧྲེང་མང་པོ་ཞིག་དང་། ཛ་དྲག་གནས་ཚུལ་འོག་སོ་སོའི་སྐྱེས་དམན་བུ་ཕྲུག་མཉམ་དུ་ཁྲིད་ཡོང་མ་ཐུབ་མཁན། བོད་བསྟན་སྲིད་ཆེད་དམག་སྒར་ནང་ཞུགས་ཏེ་ཕྱིར་ལོག་པ་བཅས་མང་པོ་ཞིག་ལ། རྒྱ་གར་ནང་ལོ་ན་ཆེན་པོ་ཆགས་ཡོང་སྐབས་བལྟ་སྐྱོང་བྱེད་མཁན་མེད་པའི་གནས་སྟངས་འོག ༸གོང་ས་མཆོག་གི་དགོངས་གཞི་ལྟར་བཙན་བྱོལ་བོད་གཞུང་གིས་ ༡༩༧༡ ལོར་རྒན་གསོ་ཁང་ཐོག་མ་དེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་བཙུགས་པ་རེད།

དྲི་བ། ད་ཆར་གཞུང་སྒེར་གཉིས་ཀྱི་རྒན་གསོ་ཁང་ག་ཚོད་ཡོད་པ་དང་རྒན་གསོ་ཁང་དེ་དག་ནང་རྒན་འཁོགས་ག་ཚོ་རེ་ཡོད་དམ།  

ལན། རྒྱ་བལ་འབྲུག་གསུམ་ནང་ཁྱོན་བསྡོམས་རྒན་གསོ་ཁང་ ༢༤ ཙམ་ཡོད་པའི་ནང་། ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ ༡༥ ཡོད་ཅིང་། དེ་དག་ནང་ཁྱོན་རྒན་འཁོགས་ཕོ་མོ་  ༨༨༦ ཙམ་ཡོད་པ་རེད། དེ་བཞིན། དགོན་སྡེ་དང་བོད་ཁྱིམ། མི་སྒེར་བ་བཅས་ཀྱིས་འཛིན་སྐྱོང་གནང་བཞིན་པའི་རྒན་གསོ་ཁང་ ༩ ཙམ་འདུག མི་འབོར་མང་ཤོས་དེ་མོན་གྷོ་རྒན་གསོ་ཁང་ཆཊ་འདུག དེའི་ནང་མི་ ༢༠༠ ལྷག་ཡོད་པ་རེད། ཞིབ་ཚགས་ཀྱིས་བཤད་ན། ངྷ་ས་བྱམས་པ་གླིང་རྒན་གསོ་ཁང་དུ་ ༡༥༦ དང་། ཧཱ་སྤུར་དང་སློབ་རྒན་གསོ་ཁང་ལ་ ༡༢༤། ཀོ་ལུ་གྷལ་དོན་ལྡན་གླིང་དུ་ ༣༢། ཨོ་རི་ས་ཕུན་ཚོཊ་གླིང་དུ་ ༥༡། ཧོན་སུར་རབ་རྒྱས་གླིང་དུ་ ༡༨། བྷན་རྡ་ར་ནོར་རྒྱས་གླིང་དུ་ ༢༤། མན་སྦར་ཕན་བདེ་གླིང་དུ་ ༢༤། ལུཊ་ཟུང་བསམ་འགྲུབ་གླིང་དུ་ ༦༢། ཏེ་ཛུ་དར་རྒྱས་གླིང་དུ་ ༢༥། མེའོ་རྒས་གསོ་ཁང་དུ་ ༢༠། མོན་གྷོ་འདོད་རྒུ་གླིང་དུ་ ༢༠༠། འབུམ་ལ་བསྟན་སྒང་དུ་ ༡༠། ཅོན་ཏ་དོན་ལྡན་གླིང་དུ་ ༡༥། བལ་ཡུལ་ཚེ་རིང་རྒན་གསོ་ཁང་དུ་ ༥༠། ཀ་སྦུག་ཏུ་ ༥༠ བཅས་ཡོད། སྒེར་བས་འཛིན་སྐྱོང་གནང་བཞིན་ཁྲོད་བལ་ཡུལ་གློ་སྒྲིག་རྒན་གསོ་ཁང་དུ་མི་ ༤༦། སིམ་ལ་རྒན་གསོ་ཁང་དུ་ ༤༧། ལ་དྭགས་རྒན་གསོ་ཁང་གསར་རྙིང་གཉིས་ལ་ ༥༤། ལ་སྤུར་རྒན་གསོ་ཁང་དུ་སྟེང་འོག་གཉིས་ལ་ ༡༡༦། མ་སུ་རིར་ ༢༩། ཤར་ཁུམ་དུ་ ༧ བཅས་ཡོད་པ་རེད་ལ། འཇམ་མགོན་ཀོང་སྤྲུལ་རྒན་གསོ་ཁང་དང་བལ་ཡུལ་རྒན་གསོ་གཉིས་ལའང་མི་གང་འཚམ་རེ་ཡོད་ས་རེད།

དྲི་བ། རྒན་གསོ་ཁང་དུ་འཛུལ་ཞུགས་གནང་མཁན་རྒན་འཁོགས་ཚོར་ཆ་རྐྱེན་གང་དག་ཚང་དགོས་ཀྱི་ཡོད་དམ།

ལན། བོད་མི་གཙང་མ་ཡིན་པར་དཔང་རྟགས་སུ་དཔྱ་ཁྲལ་ལག་དེབ་དུས་ཐོག་ཏུ་ཕུལ་ཟིན་པ་དང་། རང་ལོ་ ༦༠ ངེས་པར་དུ་བརྒལ་ཟིན་པ་ཞིག་ཡིན་དགོས་རེད། གནས་སྟངས་ལ་དཔག་པའི་དཀའ་ངལ་ཡོད་པ་དེ་དག་ས་གནས་མགོ་འཛིན་དང་ས་གནས་འཐུས་ཚོགས། རང་བཙན་ཚོགས་ཆུང་བཅས་ཀྱིས་བལྟ་སྐྱོང་བྱེད་མཁན་མེད་པའམ་རྒན་གསོ་ཁང་དུ་འགྲོ་འདོད་ཡོད་པའི་རྒྱབ་གཉེར་ཡི་གེ་གནང་དགོས་པ་རེད། ན་གཞོན་རེ་འགའ་རྒན་གསོ་ཁང་དུ་བཅུག་ཡོད་པ་དངོས་ཡོད་རེད། རང་ལོ་ ༡༤ བརྒལ་བ་ཡིན་ན་དབང་བོ་སྐྱོན་ཅན་ཁོངས་སུ་ཚུད་ཀྱི་ཡོད་པ་མ་རེད། རང་ལོ་ ༦༠ མ་ལོན་ན་རྒན་གསོ་ཁང་དུ་ཚུད་ཀྱི་ཡོད་པ་མ་རེད། དེའི་བར་ཡར་མར་གང་ལའང་མ་ཚུད་པར་སེམས་ཁམས་ཐང་པོ་མེད་མཁན་རེ་ཟུང་འཛིན་སྐྱོང་གིས་དམིགས་བསལ་བཀའ་ཕེབས་ཏེ་རྒན་གསོ་ཁང་དུ་བཅུག་ཡོད།

དྲི་བ། རྒན་གསོ་ཁང་གི་ལས་བྱེད་སྤུས་ཚད་དང་ལས་ཀའི་བརྒྱུད་རིམ་ཁྲོད་ལས་བྱེད་ཚོར་དམིགས་བསལ་དཀའ་ངལ་ག་རེ་འཕྲད་ཀྱི་འདུག་གམ།

ལན། རྒན་གསོ་ཁང་གི་ལས་བྱེད་དེ་སྤྱིར་བཏང་ལས་ཁུངས་ཁག་གི་ལས་བྱེད་དང་མ་འདྲ་བར། ལས་བྱེད་ཀྱི་བསམ་བློ་གཏོང་ཕྱོགས་གཙོས་པའི་སྤྱི་ཡོངས་ཀྱི་སྤུས་ཚད་ཡག་པོ་ཞིག་དགོས་པ་རེད། གལ་སྲིད་ང་ཚོས་ཐུབ་པ་ཡིན་ན། དེང་དུས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཡོད་པའི་རྒན་གསོ་བལྟ་སྐྱོང་བྱེད་སྟངས་ཐོག་སྦྱོང་བརྡར་ཐོབ་མཁན་ཞིག་ངེས་པར་དུ་དགོས་པ་རེད། དེ་ལྟར་མ་བྱུང་ཡང་རང་བཞིན་གྱིས་མིའི་སེམས་འདུལ་པོ་དང་བྱམས་དང་སྙིང་རྗེའི་བསམ་བློ་ཤུགས་ཆེན་པོ་ཡོད་མཁན་ཞིག་དགོས་པ་རེད། མི་ཟེར་བ་དེ་ལོ་ཆེན་པོ་ཆགས་ཡོང་དུས་ཁོང་ཁྲོ་ཆེ་རུ་འགྲོ་བཞིན་ཡོད་སྟབས། གནས་ཚུལ་ཆུང་ཆུང་གི་ཐོག་རྒན་འཁོགས་རྣམས་བློ་ཕམ་དུ་མི་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་རྒན་གསོ་ཁང་དུ་ལས་བྱེད་ཐོག་མར་བསྐོ་བཞག་གནང་སྐབས་ནས། ཁོང་ཚོའི་གཤིས་སྤྱོད་གང་འདྲ་ཡོད་མེད་ཐོག་ཞིབ་ཚགས་ཀྱིས་རྒྱུས་ལོན་བྱེད་ཀྱི་ཡོད། ད་ལྟའི་ཆ་ལ་རྒན་གསོ་ཁང་གི་ལས་བྱེད་ནང་རྒན་འཁོགས་ཚོའི་བློ་ལ་མ་བབས་པ་དང་། ནང་སྲིད་ཀྱི་སྒྲིག་གཞི་དང་འགལ་བའི་རིགས་གཅིག་ཀྱང་བྱུང་ཡོད་པ་མ་རེད།

དྲི་བ། ནང་སྲིད་ཁྱབ་ཁོངས་འོག་གི་རྒན་གསོ་ཁང་དང་སྒེར་གཉེར་རྒན་གསོ་ཁང་བར་ཁྱད་པར་གང་དག་ཡོད་དམ།

ལན། དགོན་སྡེ་གྲྭ་ཚང་དང་འབྲེལ་བ་ཡོད་མཁན་ཚོ་དགོན་སྡེ་ཁག་རང་གིས་གཟིགས་སྐྱོང་གནང་བའི་ལམ་ལུགས་ཤིག་ཡོད་པ་རེད། ཡིན་ནའང་། མི་དེ་ཚོ་ནང་སྲིད་ཁྱབ་ཁོངས་འོག་ཡོད་པའི་རྒན་གསོ་ཁང་དུ་ཡོང་འདོད་ཡོད་ན། དགོན་སྡེ་ཁག་གི་རྒྱབ་གཉེར་ཞུས་པའི་ཐོག་གཞུང་གི་རྒན་གསོ་ཁང་དུ་ཕེབས་ཆོག་ཆོག་གི་ལམ་ཁ་ཞིག་ཡོད་བསྡད་པ་རེད། རྒན་གསོ་ཁང་ཚང་མའི་ནང་བོད་པ་མ་ཡིན་པའི་མི་རིགས་གཞན་པ་བཅུག་པ་དེ་འདྲ་གཅིག་ཀྱང་ཡོད་པ་མ་རེད། མཐུན་རྐྱེན་གྱི་ཕྱོགས་ནས་ས་ཁུལ་གྱི་གནས་བབ་དང་མི་གྲངས་མང་ཉུང་ལ་གཞིཊ་པའི་བཟང་ངན་གྱི་ཁྱད་པར་ཏན་ཏན་ཡོང་གི་རེད། རྒན་གསོ་ཁང་རེ་ཟུང་ལ་མི་གྲངས་མང་དྲཊ་པ་དང་ཡང་རེ་ཟུང་ལ་ཉུང་དྲཊ་པའི་དཀའ་ངལ་ཕྲན་བུ་ཡོང་གི་འདུག ངྷ་རམ་ས་ལར་ཆ་བཞག་ན། ས་མིག་གི་ཚད་གཞི་དེ་ ༡༠༠ མ་གཏོགས་མེད་ཀྱང་མི་ ༡༥༠ ལྷག་བརྒལ་ཡོད་པ་རེད། མོན་གྷོ་ལྟ་བུར་ཡང་མི་ ༢༠༠ ལྷག་བརྒལ་ཡོད་པ་རེད།

དྲི་བ། རྒན་གསོ་ཁང་གི་ཉིན་ཞག་ཕྲུཊ་གཅིག་གི་བྱེད་སྒོ་རྣམ་གཞག་དང་འཕྲོད་བསྟེན་འགན་ལེན་གནས་བབ་གང་འདྲ་ཡིན་ནམ།

ལན། རྒན་འཁོགས་གཟུཊ་གཞི་ཧ་ཅང་སྐྱོ་བོ་ཡིན་པའི་ནད་པ་ཚོར་དམིཊ་བསལ་དགོངས་བཞེས་གནང་སྟེ་མི་གཅིག་ལ་ཁང་མིག་ ༡ རེ་སྤྲད་ཡོད་པ་ལས། གཞན་མང་ཆེ་བར་མི་གཉིས་ལ་ཁང་མིག་གཅིག་རེད། དཔེར་ན། ཞོགས་པ་སྔ་བོ་ནས་ཆུ་ཁོལ་འཐུང་མཁན་ལ་ཆུ་ཁོལ་དང་ཇ་འཐུང་མཁན་ལ་ཇ་འཐུང་རྒྱུ་ཡོད། དེའི་རྗེས་སོ་སོའི་འཁྲུས་གཙང་མ་ཞིག་བརྒྱབ་རྗེས་སྔ་དྲོའི་ཆུ་ཚོད་གཅིག་རིང་ཞལ་འདོན་འཚོགས་དགོས་པ་རེད། ཞོགས་ཇ་འཐུང་རྗེས་ངྷ་ས་ལྟ་བུ་ཡིན་ན་གཟུགས་པོ་ཐང་པོ་ཚོ་གླིང་སྐོར་ལ་འགྲོ་བཞིན་ཡོད་པ་རེད། ཉིན་གུང་ཞལ་ལག་རྗེས་ཕྱི་དྲོའི་ཆུ་ཚོད་ ༣ ནས་ ༥ བར་ཞལ་འདོན་སྐྱོར་དགོས། དེའི་རྗེས་གསོལ་ཇའི་བར་གསེང་ཆགས་ཡོད། དགོང་མོའི་ཞལ་ལག་རྗེས་མུ་མཐུད་ཞལ་འདོན་སྐྱོར་རྒྱུའི་ལས་རིམ་ཡོད། ལོ་རྒན་པ་དང་ནད་པ་མང་པོ་ཡོད་སྟབས། གླིང་སྐོར་ལ་འགྲོ་བ་ལས་གཞན་པའི་ལས་སྦྱོང་རིགས་དཀའ་ལས་ཁག་པོ་རེད། རྒན་གསོ་ཁང་གི་རྒན་འཁོགས་སུ་རུང་ཞིག་འདས་གྲོངས་སུ་ཕྱིན་མ་ཐག་བླ་མ་རྩ་ཆེན་རྣམ་པར་ཕོ་བ་ཞུ་བ་དང་། དགེ་འདུན་པ་གདན་འདྲེན་ཞུས་ཏེ་སྐུ་ཕུང་ཞུགས་འབུལ་དང་བསྔོ་སྨོན་མཆོད་འབུལ་ཡོད་གནང་གི་ཡོད་པ་རེད། དགོངས་ཞག་མ་ཚང་བར་བདུན་ཚིགས་རེ་སྲུང་གཙི་གནང་གི་ཡོད། ནད་པ་ལ་ལར་སྒོར་འབུམ་མང་པོའི་འགྲོ་སོང་གཏོང་དགོས་པ་དེ་འདྲ་ཡོང་གི་འདུག རྒན་གསོ་ཁང་གི་ལོ་རེའི་འགྲོ་སོང་ཧ་ཅང་ཆེན་པོ་རེད། རྒན་འཁོགས་ ༨༨༦ ཙམ་ཡོད་པ་དེར་ཆ་སྙོམས་ལོ་རེར་ཧིན་སྒོར་འབུམ་ ༥༠ ཡས་མས་འགྲོ་བཞིན་ཡོད་པ་རེད།     

དྲི་བ། རྒན་འཁོཊ་ཚོའི་གཟུགས་པོ་བདེ་མིན་གྱི་ནད་གཞི་གཙོ་བོ་གང་དག་ཡིན་པ་དང་། ལོ་ཚོད་ཀྱི་ཆ་ནས་སྔོན་མ་དང་བསྡུར་ན་འགྱུར་བ་ཕྱིན་འདུག་གམ།

ལན། རྒན་གསོ་ཁང་དུ་གློ་ནད་ཀྱིས་རྐྱེན་པས་འདས་གྲོངས་སུ་འགྲོ་མཁན་གང་འཚམ་ཡོད་ནའང་། གཙོ་བོ་དེ་ཁྲག་ཤེད་ན་ཚ་དང་གཅིན་སྙི་ན་ཚ། འབྲས་སྐྲན་(cancer) སོགས་ཤུགས་ཆེ་ཤོས་རེད། ད་ལྟ་རྒན་གསོ་ཁང་གི་ལོ་ན་མཐོ་ཤོས་དེ་ངྷ་ས་རྒན་གསོ་ཁང་ཏུ་རང་ལོ་ ༡༠༠ སོན་པའི་རྨོ་རྨོ་ཞིག་ཡོད། དེ་མིན་རྒན་གསོ་ཁང་དུ་རང་ལོ་ ༨༠ ནས་ ༩༠ ནང་བསླེབས་བསྡད་མཁན་མང་པོ་ཞེ་དྲག་རེད། དེ་སྔོན་ ༡༩༦༠ རེ་གྲངས་ནང་བོད་པ་ཚོ་ལོ་ ༦༠ བསླེབས་པ་རེད་ཟེར་ན་ཚེ་རིང་པོ་བསྡད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཕྱིས་སུ་ཟ་རྒྱུ་འཐུང་རྒྱུ་དང་འཕྲོད་བསྟེན་གནས་སྟངས་གང་ཐད་ནས་བཟང་དུ་ཕྱིན་སྟབས། མིའི་ཚེ་ཚད་དེའང་རིང་དུ་ཕྱིན་ཡོད་པ་རེད། ནང་སྲིད་ལས་ཁུངས་ཀྱིས་ལོ་ལྟར་རྒན་འཁོགས་ ༧༠ ནས་ ༨༠ ཙམ་རྒན་གསོ་ཁང་དུ་ནང་འཇུག་བྱེད་ཀྱི་ཡོད་ལ། ལོ་ལྟར་རྒན་འཁོགས་ ༥༠ ནས་ ༦༠ ཙམ་འདས་གྲོངས་སུ་འགྲོ་བཞིན་འདུག ནང་མི་ཡོད་པའི་རྒན་གསོ་ཁང་དུ་སྡོད་འདོད་མེད་མཁན་དང་། ལོ་མང་རིང་དམག་སྒར་ནང་ཞབས་ཞུ་མཁན་སོགས་རྒན་འཁོཊ་  ༢༦༠༠ ཙམ་ལ། གཞུང་གིས་ཟླ་རེར་རོཊ་དངུལ་གང་འཚམ་རེ་གནང་བཞིན་ཡོད། ནང་སྲིད་ཀྱིས་ད་བར་ནང་མི་ཡོད་མཁན་རྒན་འཁོཊ་རེར་ཟླ་རེར་སྒོར་ ༧༠༠ དང་། ནང་མི་མེད་མཁན་དག་ལ་ཟླ་རེར་སྒོར་ ༡༠༠༠ བཅས་ཀྱི་འཚོ་སྣོན་སྤྲོད་ཀྱིན་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡ ཉིན་ནས་བཀའ་ཤག་གི་སྒོར་ ༣༠༠ རེ་སྤར་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese