མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏེར་ཁ་སྔོག་འདོན་པར་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་གི་གནས་རི་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་སྔོག་འདོན་བྱེད་སྐབས། ས་གནས་མི་མང་ ༤༥༠༠ ལྷག་གིས་ངོ་རྒོལ་བྱས་ཡོད་འདུག

མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༠ ཡས་མས་ནས་བཟུང་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མགོ་འཛུཊ་བྱས་པ་དང་། ལྷག་པར་དུ་ ༢༠༡༢ ལོར་སྔ་ཕྱི་ཐེངས་མང་པོར་ས་གནས་ཀྱི་གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་བརྩམས་སྐབས། ས་གནས་མི་དམངས་ཀྱིས་ངོ་རྒོལ་ཤུགས་ཆེར་བྱས་ཏེ་བཀག་འགོག་ཐུབ་པ་བྱུང་ཡོད་འདུག་མོད། ཟླ་འདིའི་ཕྱི་ཚེས་ ༢༤  ཉིན་རྒྱ་ནག་གཞུང་གིས་ཡང་བསྐྱར་ཛམ་བྷ་ལ་གནས་རིར་གཏེར་ཁ་སྔོག་འདོན་བྱེད་རྩིས་བྱེད་སྐབས། འབྲི་རུ་རྒྱལ་ཤོད་པད་དཀར་ཁུལ་དང་ནགས་ཤོད་ཕུ་མདའ་བར་གསམ་གྱི་ཡུལ་མི། དེ་བཞིན་རྩ་ལ་ཤང་ཚུན་བཞིན་འབྲི་རུ་བ་བཅས་ཁྱོན་མི་མང་ ༤༥༠༠ ལྷག་དང་། རླངས་འཁོར་ ༡༠༠༠ ལྷག་གས་ལྷའི་ཉེ་འགྲམ་ཟླ་ཐང་ཤང་དུ་འཛོམས་ཏེ་ངོ་རྒོལ་བྱས་ཡོད་འདུག་ལ། ཉིན་དེར་ངོ་རྒོལ་བྱེད་དུ་ཡོང་མཁན་བོམ་འཕན་ཤང་གཡམ་འཕའ་གྲོང་ནས་ཡིན་པའི་མགོན་པོ་དང་ཨ་བུ་གཉིས་རླངས་འཁོར་བརྡབ་སྐྱོན་བྱུང་སྟེ་གྲོངས་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གིས་དམག་མི་རླངས་འཁོར་ཆེ་ཆུང་ ༥༠ ལྷག་མངགས་གཏོང་གིས་མི་མང་ལ་དྲག་གནོན་བྱེད་རྩིས་བྱེད་སྐབས། ས་གནས་མི་མང་དང་དམག་མིའི་བར་གདོང་ཐུག་ཡོང་ཉེན་གནས་སྟངས་ཆགས་ཡོད་འདུག་ལ། ཕྱིས་སུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འདིས་ས་གནས་ཀྱི་གཞུང་ལམ་དང་གློག་བསྒྱུར་ས་ཚིགས་འཛུགས་སྐྲུན་སོཊ་མང་ཚོགས་ལ་ཕན་པའི་ལས་གཞི་ཞིག་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཀྱང་། ས་གནས་མི་མང་ངོས་ལེན་མ་བྱས་པར་དེང་ཕྱིན་ནགས་ལྷའི་གནས་རིར་གཏེར་ཁ་བསྔོག་འདོན་དང་གཞུང་ལམ་གསར་བཟོ། གློག་སྡོང་གསར་འཛུགས། གློག་བསྒྱུར་ས་ཚུགས་གསར་བསྐྲུན་སོཊ་བྱེད་མི་ཆོག་པའི་རེ་སྐུལ་ཞུས་མཐར། འབྲི་རུ་རྫོང་མི་དམངས་སྲིད་གཞུང་གིས་མི་མང་གི་རེ་འདུན་ལ་ཁས་ལེན་གྱི་གསལ་བསྒྲགས་ཤིག་བཀྲམས་ཡོད་འདུག

འབྲི་རུ་རྫོང་ནགས་ལྷ་ཛམ་བྷ་ལ་ནི། འབྲི་རུའི་ལུང་པའི་མི་རྣམས་ལ་ཁ་འཛིན་གདོང་གྲོགས་བྱེད་མཁན་གྱི་ཡུལ་ལྷའི་གནས་རི་ཞིག་ཡིན་པ་ཐུན་མོང་གིས་ངོས་འཛིན་དང་གསོལ་མཆོད་བྱེད་ཀྱི་ཡོད་པ་མ་ཟད། གཏེར་རྫས་ཀྱི་ཕྱུག་པའི་བོད་གངས་ཅན་གྱི་གནས་རི་གཞན་དང་མ་འདྲ་བའི་ཁྱད་འཕགས་ཀྱི་གནས་རི་ཞིག་ཀྱང་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese