མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་མི་རིགས་ལ་རོགས་ཕན་ཇི་ལྟར་གནང་ན་དགའ་འམ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

བསམ་གླིང་ཚེ་རིང་ལྷ་མོ།

ཉེ་འཆར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་འགས་བོད་མི་ལྔ་སྟོང་ཐམ་པ་ཨ་རིའི་ནང་ཕྱི་མི་གཞིས་སྤོ་ཡི་ཆ་རྐྱེན་འོག་ཐོངས་ཆན་སྤྲོད་རྒྱུའི་གྲོས་འཆར་བཏོན་པར། གྲོས་ཚོགས་གོང་མའི་ཁྲིམས་ལུགས་ཚོགས་ཆུང་ནས་ངོས་ལེན་གནང་བའི་གནས་ཚུལ་དང་། ད་དུང་དེའི་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དེ་གཞི་ནས་ཐག་གཅོད་ཡོང་གི་ཡོད་པ་བོད་མིའི་དྲ་རྒྱའི་སྟེང་བཀོད་གནང་ཡོད།  བོད་མི་བཙན་བྱོལ་བ་མང་པོ་ཞིག་ལ་དེ་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར  ་གྱུར་བ་རེད་ལ།  དེ་ནི་དངོས་འབྲེལ་གྱི་གཏམ་བཟང་ཞིག་ཀྱང་ལོས་ཡིན།

གང་ཡིན་ཟེར་ན། ཉེ་ལམ་ལོ་ཤས་ནང་དཔལ་འབྱོར་གྱི་ཧེ་བག་ཆེ་ཆུང་དང་གང་ཅིའི་མཐུན་རྐྱེན་གྱི་དབང་གིས། བོད་མི་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་བསྐྱོད་རྒྱུར་ཧ་ཅང་རྔམ་ཡོད་ལ།  བུ་ལོན་འབུམ་ཕྲག་མང་པོ་བཟོས་པ་དང་། ཕ་མ་གཉེན་ཉེ་དང་བཟའ་ཟླ་བུ་ཕྲུག དགའ་བོ་ཉེ་བོའི་དྭངས་གཙང་གིི་བརྩེ་དུང་བློས་གཏོང་གིས་ཕྱི་རྒྱལ་བ་ཚོ་དང་། ཡང་ན་གྲོགས་འདྲིས་གང་ཡང་མེད་པའི་མི་དང་གཉེན་སྒྲིག་བྱེད་པ། མདོར་ན་རང་སྲོག་འབེན་དུ་བཙུགས་ཏེ་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་ཐར་ཐབས་བྱས་ཡོད།  ཕྱིར་སྐྱོད་བྱེད་ཐབས་འདྲ་མིན་དེ་དག་ནང་ང་ཚོ་བོད་མིའི་ཚེ་སྲོག་ཀྱང་མང་དག་ཅིག་ཤོར་ཡོད་རབས་ཐོས།

དེ་ཚོ་ཚང་མའང་སུ་དང་སུ་ལ་ཐུག་ཀྱང་དངོས་འབྲེལ་ཁག་མེད་པ་ཞིག་རེད། གནས་ཚུལ་དེ་འདྲའི་འོག་ཏུ། ད་རེས་ཨ་རིར་བོད་མི་ལྔ་སྟོང་གཞིས་སྤོ་བྱ་རྒྱུའི་རེ་བ་ཡོད་པའི་དངོས་གྲུབ་གནང་བ་དེ་ནི་བཙན་བྱོལ་བོད་མི་ཚོའི་ངོས་ནས་བཤད་ན།  གནམ་ནས་ཤ་བག་ལེབ་ཟགས་པ་དང་མཚུངས་པ་ཞིག་རེད་ལ། བལ་ཡུལ་དང་རྒྱ་གར་ནང་ཡོད་པའི་བོད་མིའི་དཀའ་ངལ་སེལ་རྒྱུར། ཕན་གྲོགས་ཆེན་པོ་ཡོང་རྒྱུ་བརྗོད་མི་དགོས་པ་ཞིག་རེད།  དེར་བརྟེན་ང་ཚོས་ཨ་རིའི་གཞུང་དང་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ལེགས་གསོལ་ཞུ་འོས་ལོས་ཡིན།

འོན་ཀྱང་དངོས་གྲུབ་དེའི་རྒྱབ་ལྗོངས་ལ་ཞིབ་འདང་ཞིག་བརྒྱབ་ཚེ། དེ་ནི་ང་ཚོས་དངོས་གྲུབ་དེ་ལོངས་སྤྱོད་བྱེད་སྐབས་བསམ་བློ་གཏོང་དགོས་པ་ཞིག་ངེས་པར་ཆགས་ཡོད།  རྒྱུ་མཚན་ནི་ཕྱི་ལོ་ ༡༩༨༧།  ༨༨ ། ༨༩ ། བཅས་ལ་བོད་ནང་དུ་བོད་མི་སྙིང་སྟོབས་ཅན་མང་པོས་སྐུ་སྲོག་ལེགས་སྐྱེས་སུ་ཕུལ་ཏེ་རང་ཡུལ་དུ་རྒྱ་དམར་གྱི་བཙན་གནོན་བྱས་པར་ངོ་རྒོལ་ཤུགས་ཆེན་བྱུང་བར་བརྟེན། ༡༩༩༡ ལོ་ནས་བོད་མི་ཆིག་སྟོང་ཨ་རིར་གཞིས་སྤོའི་གོ་སྐབས་དེ་ཐོབ་ཡོད།  དེ་ནི་ཨ་རི་གཞུང་གིས་བོད་མིའི་དཀའ་ངལ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་ཤུགས་ཆེ་ཤོས་དེ་རེད།

ད་རེས་ཡང་བསྐྱར་ ༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་དང་། བོད་ཀྱི་འདི་ཕྱི་གཉིས་ཀའི་སྐྱབས་གནས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུའི་ཆེད་དུ། བོད་མི་བརྒྱ་ཕྲག་བརྒལ་བས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཛ་དྲག་ཤོས་དེ་བྱུང་ཡོད།

དེར་བརྟེན་བོད་དོན་གྱི་གནས་སྟངས་ནི་རང་གར་སྐྱུར་འཇོག་བྱེད་མི་འོས་པ་ཞིག་ཡིན་ཡང་། ད་བར་རྒྱལ་ཁབ་སུ་ཡང་མདུན་དུ་ཐོན་ཏེ། རྒྱ་ནག་གཞུང་ལ་ཁ་རྡུང་དྲག་པོ་དང་ཚོང་འབྲེལ་མཚམས་འཇོག་བྱས་མྱོང་མེད་ལ། འཛམ་གླིང་རྒྱལ་ཁབ་སུས་ཀྱང་ཐབས་ཤེས་གང་རུང་ལ་བརྟེན་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཐབས་ལ་ནུས་པ་འདོན་མྱོང་མེད།

རྒྱ་ནག་གཞུང་གི་བྱས་ཉེས་དེ་ཚོར་ངོ་རྒོལ་བྱ་འདོད་མེད་ལ། བོད་མི་རིགས་འདི་གྲོགས་མེད་ཁེར་རྐྱང་དུའང་འཇོག་ཤེས་ཐབས་མེད་པའི་རྣམ་འགྱུར་ཁག་གཉིས་ལས། ད་རེས་བསླར་ཡང་བོད་མིའི་སྙིང་སྟོབས་ལ་རྒྱབ་སྐྱོར་མཚོན་ཆེད། ཨ་རིར་གཞིས་སྤོའི་ཆ་རྐྱེན་གནང་ཐབས་བྱས་པ་ནི་ཧ་ཅང་གི་གསལ་པོ་རེད།

དེར་བརྟེན། ཨ་རིའི་གཞུང་གིས་གནང་བའི་དངོས་གྲུབ་འདིས་བོད་ནང་གི་བོད་མི་ཚོའི་བསམ་འདུན་གྲུབ་ཐུབ་ཡོད་མེད་དེ་དང་།  དངོས་གྲུབ་འདིས་བོད་འབངས་ཚོའི་ཉིན་མཚན་ཀུན་གྱི་རེ་བ་སྟེ། ༸གོང་ས་སྐྱབས་མགོན་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཐུབ་པའི་གྲོགས་སུ་གྱུར་ཐུབ་ཡོད་དམ།  ཡང་ན་ཨ་རིའི་གཞུང་གི་རྒྱབ་སྐྱོར་འདིས་བོད་ནང་གི་བོད་མི་ཚོར་ཕན་ཐོགས་གང་ཞིག་ཐོབ་ཐུབ་བམ།

དེ་དག་ནི་ང་ཚོས་མ་བསམ་ཀྱང་སེམས་ལ་འཁོར་ཡོང་བའི་དྲི་བ་དག་རེད་ལ། དམར་འུར་འུར་གྱི་མེ་ལྕེའི་ཁྲོད་དུ་འབར་བའི་སྤུན་ཟླའི་ཚེ་སྲོག་དེ་དག་ལ་དཔག་པའི་རིན་བབ་ཅིག་ཁུག་ཡོད་དམ་སྙམ་པའི་དྲི་རྟགས་མང་པོ་ཞིག་ང་ཚོའི་ཀླད་པའི་ནང་དུ་སླེབ་ཡོང་གི་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༡༡ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese