མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་དབུས་རྒྱུན་གསར་འདེམས་བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༧།༣༠ སྟེང་། ཉིན་དྲུག་རིང་གི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་བཅོ་ལྔ་པའི་ཉིན་མཐའ་མའི་སྟེང་། སྐབས་བཅོ་ལྔ་པའི་དབུས་བོད་ཀྱི་གཞོན་ནུའི་རྒྱུན་ལས་གསར་པ་ ༡༠ འོས་འདེམས་བྱུང་ཡོད་པ་དང་། ཐེངས་འདིར་གསར་དུ་བདམས་ཐོན་བྱུང་བའི་ཁྲོད། ཚོགས་གཙོ་ཨ་རིའི་མེ་ནེ་སོ་ཊ་ནས་ཕེབས་པའི་བསྟན་འཛིན་འཇིགས་མེད་ལགས་དང་། ཚོགས་གཞོན་བལ་ཡུལ་པོག་རཱ་ནས་ཕེབས་པའི་རྟ་མགྲིན་སྲིད་ཇུས་ལགས། དྲུང་ཆེ་ངྷ་རམ་ས་ལའི་བཀྲ་ཤིས་ལམ་བཟང་ལགས་བཅས་ཡིན་འདུག

རྒྱུན་ལས་གཞན་དག་ནི། ཧ་པ་པུར་ནས་ཕེབས་པའི་ཡེ་ཤེས་བསྟན་འཛིན། བལ་ཡུལ་པོག་རྭ་ནས་ཕེབས་པའི་ཉི་མ་ཆོས་འཛོམས། བལ་ཡུལ་ཀ་ཐ་མན་ཌོས་ནས་ཕེབས་པའི་ཚེ་དབང་སྒྲོལ་མ། ལྡི་ལི་བསམ་ཡས་གླིང་ནས་ཕེབས་པའི་བསྟན་འཛིན་དབང་ཕྱུག རྡོ་རྗེ་གླིང་ནས་ཕེབས་པའི་བཀྲ་ཤིས་དོན་གྲུབ། ངྷ་རམ་ས་ལའི་བསྟན་འཛིན་བརྩོན་འགྲུས། ངྷ་རམ་ས་ལའི་ངག་དབང་བློ་བཟང་བཅས་ཡིན་འདུག

ཡིན་ནའང་ཚེས་ ༢༩ ཉིན་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་གྱི་གྲོས་གཞིའི་ཐོག་དགོངས་ཚུལ་མ་མཐུན་པ་བྱུང་སྟེ། ཚོགས་ཆེན་ལས་ཕྱིར་འཐོན་ཟིན་པའི་ས་གནས་ཁག་ ༨ ཀྱི་ཚོགས་བཅར་བ་ ༣༤ དེ་ཐེངས་འདིའི་དབུས་རྒྱུན་འོས་འདེམས་ཁྲོད་ཞུགས་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༦ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༧ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 45

  1. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    མྱི་ལ་ངོ་ཚ་མེད་ལ་ཁྱི་ཡིན། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན་ཞེས་ལྟར་ད་དོན་འགྲུབ་ལྷ་དར་དང་ཁོའི་ཨམ་ཕྲུག་འདི་དག་ལ་དངོས་ནས་ངོ་ཚ་ཞིག་ཡོད་ས་མ་རེད། ད་དུང་ལྷག་བསམ་དང་འཇོན་མདོག་གི་སྐད་ཆ་ཞིག་བཤད་ཡོང་གིན་འདུག གོང་གི་གནས་ཚུལ་དེ་དག་བདེན་པ་མིན་ན་ད་ཐེངས་ཚོགས་ཆེན་ཐོག་ནས་ག་རེ་བྱས་ནས་གྲོས་ཆོད་རུལ་བ་དང་ཧམ་བཤད་ཀྱི་གསར་འགོད་གསལ་བསྒྲགས་དེ་དག་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད། ཟམ་གདོང་རིན་པོ་ཆེས་བཀའ་སློབ་གནང་བའི་བརྙན་ཐག་དེར་གཟིགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གྲོས་ཆོད་ཁག་བསྒྲོགས་སྦྱངས་གནང་གིན་འདུག

    Reply
  2. བཀྲ་ཤིས་རབ་བརྟན། says:
    ལོ་ 12 སྔོན།

    སྤྱིར་བཏང་རྩོད་པ་རྒྱག་རྒྱུ་གང་ཡང་ལྷག་ཡོད་པ་མ་རེད། གོང་དུ་དོན་གྲུབ་ལྷ་་དར་ལ་གང་བཤད་ཀྱི་ཡོད་པ་དེ་དག་དངོས་ཡོད་རང་རེད། ས་གནས་མི་མང་ལྐུག་པ་མ་རེད་འདས་པའི་ལོ་ལྔ་དྲུག་རིང་གི་གཞོན་ནུའི་དབུས་རྒྱུན་གྱི་བཤད་སྟངས་སྤྱོད་སྟངས་གསལ་བོར་ཤེས་ཀྱི་ཡོད་པ་རེད། ང་རང་གིས་ཀྱང་གནས་ཚུལ་འདིའི་སྐོར་ཤེས་ཀྱི་ཡོད་ལ། བསམ་ཚུལ་ཡང་དེ་ག་རང་ཡོད། ཡིན་ནའང་འཇིགས་མེད་ཞོལ་པ་ཟེར་བ་ལྟ་བུའི་རིགས་ལ་སྤྱི་བཤད་ཙམ་མ་བྱས་ན་འདས་པའི་ལོ་ལྔ་དྲུག་རིང་ནག་ཁུངས་ནང་སོང་། ད་དུང་མུ་མཐུད་དེ་ནག་ཁུངས་ནང་ལྷག་རྒྱུའི་ཉེན་ཁ་འདུག
    འཇིགས་མེད་ཞོལ་པ་ཁྱོད་རང་གིས་བཤད་པའི་སྐད་ཆའི་ནང་དུ་བདེན་པའི་ཁ་ཕྱོགས་ཙམ་ཡོད་པ་མ་གཏོགས་བདེན་པ་དངོས་གནས་རྐང་གཅིག་ཀྱང་མི་འདུག དཔེར་ན། དབུས་གཞོན་ནུའི་ལས་དོན་རིགས་མང་མོས་དང་སྤྱི་མོས་ཀྱི་ཐོག་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད་ཟེར་བ་དེ་བདེན་པ་རེད། ཡིན་ནའང་གོང་དུ་མི་མང་པོ་ཞིག་གིས་དོན་གྲུབ་ལྷ་དར་གྱི་འདས་པའི་ལོ་དྲུག་རིང་གི་བྱས་ཉེས་བཅུ་གྲངས་ཤིག་བགྲང་ཡོད་པ་དེ་དག་དོན་གྲུབ་ལྷ་དར་གྱི་བསམ་ཚུལ་བཤད་དེ་མཐའ་མ་མང་མོས་སྤྱི་མོས་བྱུང་བ་ཞིག་མ་རེད་དམ། གཞོན་ནུའི་ཐལ་ཆ་ཅན་གྱི་ལས་ཀ་དེ་དག་གི་ཐོག་མའི་བློ་འདོན་པ་དང་འཆར་འགོད་པ་དོན་གྲུབ་ལྷ་དར་མ་རེད་དམ། ངས་མང་པོ་མི་བཤད། ཁྱོད་རང་གི་སེམས་ན་ཧ་ཅང་གསལ་བོ་ཡིན་རྒྱུ་རེད། ཁྱོད་རང་དབུས་རྒྱུན་ཞིག་ཡིན་པའི་ཆ་ནས་ངས་ཁྱེད་ལ་སྐད་ཆ་ཞིག་འདྲི་དགོས། གཅིག་བྱས་ན་ཁྱོད་ཀྱིས་ད་བར་མགོ་མ་འཚོས་པ་ཡིན་རྒྱུ་རེད། གཅིག་བྱས་ན་ཁྱོད་ཀྱང་དོན་ལྷའི་ཕྱོགས་གཏོགས་ཡིན་པས་དབང་གིས་མགོ་འཚོས་ཀྱང་མ་འཚོས་མདོག་མདོག་བྱས་པ་ཡིན་རྒྱུ་རེད། དབུས་རྒྱུན་ནང་དུ་ནམ་རྒྱུན་ཚོགས་གཙོ་ཚེ་དབང་རིག་འཛིན་གྱི་རྗེས་འབྲང་པ་(ཨབ་ཕྲུག)མང་གི་རེད་དམ། དོན་གྲུབ་ལྷ་དར་གྱི་རྗེས་འབྲང་བ་(ཨབ་ཕྲུག)མང་གི་རེད། རྒྱུ་མཚན་དེས་དབང་གིས་དབུས་རྒྱུན་ནང་ཁུལ་ཚོགས་འདུ་ཚོགས་ཏེ་གནས་ཚུལ་གང་ཞིག་ཐག་གཅོད་བྱེད་སྐབས། དོན་གྲུབ་ལྷ་དར་གྱིས་གནས་ལུགས་ཉུང་ལ་ཚིག་ལྷག་མང་པ། སྐད་གསེང་མཐོ་ལ་རིན་ཐང་དམའ་བའི་སྐད་ཆ་མང་ཐག་ཆོད་ཅིག་བཤད་ཡོང་སྐབས། རྒྱུན་ལས་གཞན་དག་ཚོགས་གཙོ་དང་ཚོགས་གཞོན་སུ་ཞིག་གི་སྟོབས་ཤུགས་འོག་འགྲོ་གི་ཡོད་པ་རེད། གནས་དོན་འདི་འཇིགས་མེད་ཞོལ་པའི་སེམས་ན་གསལ་བོ་ཡིན་རྒྱུ་རེད། གོང་དུ་གཞོན་ནུའི་ནག་ཉེས་བཅུ་གྲངས་ཤིག་བགྲང་ཡོད་པ་དེ་དག་གཞོན་ནུའི་དབུས་རྒྱུན་ནང་ཐོག་མར་གླེང་སློང་བྱེད་མཁན་སུ་ཞིག་ཡིན་མིན་ཕྱིར་དྲན་ཞིག་གནང་རོགས། དོན་ལྷའི་བསམ་ཚུལ་དང་འཆར་གཞི་རེད་དམ་མ་རེད། དོན་ལྷས་དབུས་རྒྱུན་ཚོགས་འདུའི་ནང་འཁྱེར་ཡོང་བ་ལྟར་མང་མོས་སྤྱི་མོས་བྱུང་སྟེ་ཐག་གཅོད་བྱུང་བ་ཞིག་རེད་དམ་མ་རེད། འཇིགས་མེད་ཁྱེད་རང་ལ་གསལ་ཆ་ཡོད་དང་ཡོད་དབུས་རྒྱུན་ལས་ཤིག་རེད་མོད། ང་ཡང་ཁྱོད་ལས་ལྷག་གི་རྒྱུས་མངའ་དང་གནས་ཚུལ་བྱུང་རིམ་རྒྱབ་ལྗོངས་ཚང་མ་རྟོགས་མཁན་ཞིག་ཡིན། ཁ་ཆེན་པོ་གདང་སྟེ་སྐད་ཆ་ཆེན་པོ་བརྒྱབ་སྟེ་སྤྱི་ཚོགས་ནང་བརྡག་གསིག་བཟོས། གཞོན་ནུར་མིང་ཆལ་བཟོས། མཐའ་མར་ནག་ཉེས་ཚང་མ་ཚོགས་གཙོའི་མགོར་འབབ་ཀྱི་ཡོད་པ་རེད། ད་རེས་ཚོགས་འདུའི་སྒང་ཚོགས་བཅར་བ་མང་པོ་ཞིག་གིས་དབུས་རྒྱུན་རེ་རེའི་བྱས་ཉེས་ཐེར་འདོན་བྱེད་དགོས་ཀྱི་འདུག གཞོན་ནུ་ལྷན་ཚོགས་ཀྱི་གང་ཞིག་མ་འགྲིག་པ་དང་སུ་ཞིག་གིས་ནོར་འཁྲུལ་བཟོས་པ་ཕྱི་ལོག་ལ་འདོན་དགོས་ཀྱི་འདུག་གསུངས་གི་ཡོད་པ་དེ་ལ་བརྒྱ་ཆའི་བརྒྱ་མོས་མཐུན་ཡོད།
    འདས་པའི་ལོ་ལྔ་དྲུག་རིང་སྤྱི་ཚོགས་ནང་གཞོན་ནུ་ལ་ལྟ་སྟངས་ངན་པ་ཞིག་ཡོང་གི་ཡོད་པ་དང་། ལྷག་དོན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་ནུར་ཐུགས་ཕམ་ཡང་ཡང་མཛད་ཀྱི་ཡོད་པ་དེ་དག་སུ་ཞིག་གིས་བཟོས་པ་རེད་ཟེར་ན། དེ་ནི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་རྫོགས་ཀྱིས་བཟོས་པ་ཞིག་རྩ་བ་ཉིད་ནས་མ་རེད། ས་གནས་ཁག་ནས་ལས་འགུལ་ཆུང་ཚགས་རིགས་སྤེལ་བ་དོན་དག་གཞན་པ་ཞིག་རེད། དེ་མིན་གྱི་གནས་ཚུལ་ཆེན་པོའི་རིགས་དང་། གཞོན་ནུ་ལྷན་ཚོགས་ཀྱིས་ག་རེ་བཤད་པ་དང་། ག་རེ་བྱས་པ་ཚང་མ་གཞོན་ནུའི་དབུས་རྒྱུན་དག་གིས་བྱས་པ་རྐྱང་རྐྱང་རེད། དབུས་རྒྱུན་ནང་ལོག་ནས་ཀྱང་མི་རེ་ཟུང་ཞིག་གི་བྱ་སྤྱོད་རེད། སུ་ལ་རྒྱབ་དཔུང་ཡོད་ན་དེའི་ཁ་ཐོག་ཏུ་འགྲོ་བཞིན་ཡོད་པ་རེད། སོང་ཙང་ད་བར་དབུས་གཞོན་ནུས་གང་ཞིག་བྱས་སོང་། དོན་གྲུབ་ལྷ་དར་གྱིས་ག་རེ་བྱས་སོང་། དེ་ལ་མང་ཚོགས་ཀྱིས་དགོངས་པ་ཡག་པོ་བཞེས་ཏེ་དཀར་ནག་གི་དབྱེ་བ་འབྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

    Reply
  3. ལུང་རྟོགས། says:
    ལོ་ 12 སྔོན།

    གཞོན་ནུའི་དབུས་རྒྱུན་དང་རིག་གཞུང་འགན་འཛིན་ཟུར་པ་འཇིགས་མེད་ལགས་ནས། ཚོགས་གཞོན་དོན་འགྲུབ་ལྷ་དར་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་གྱི་དྲ་འབུ་ཚོའི་ཁ་ཐལ་བས་བཅད་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱོད་ངན་འདི་དག་གི་ནང་དུ་དགྲ་ལ་དགའ་ཞིང་གཉེན་ལ་སྡང་བའི་ཕྱི་མགོ་ནང་ཚོང་མཁན་མང་པོ་ཞིག་ཡོད་མི་སྲིད་པ་མ་རེད་ལ། ཁོང་ཚོའི་བྱེད་སྟངས་འདི་ནི་བོད་མི་སེམས་ཤུགས་དང་ལྷག་བསམ་ཅན་ཚོའི་སེམས་ཤུགས་བཅོག་ཐབས་ཀྱི་ངན་བྱུས་ཤིག་མིན་པའི་ངེས་པ་མི་འདུག སྤྱིར་དུས་བབ་དྲ་བའི་མཆན་འགོད་པའི་ཁྲོད་བཙན་བྱོལ་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ལས་དོན་ཅི་ཞིག་བྱས་ཀྱང་སྐྱོན་བརྗོད་ཁོ་ན་ལས་མི་ཤེས་པའི་མི་ཁག་ཅིག་འདུག་ན། བོད་མི་ཚོས་འདི་རིགས་ཀྱི་བྱ་སྤྱོད་ལ་དོ་སྣང་ཆེན་པོས་ཞིབ་དཔྱད་གནང་དགོས་རྒྱུ་གལ་ཆེར་མཐོང་།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཧེ་ཧེ། མེ་རིའི་ངར་མ། ཁྱོད་ཉོན་ཨ། ད་རེས་ཀྱིས་དཀའ་རྙོག་འདི་དགའ་ལྡན་ཕོ་བྲང་བླ་བྲང་དང་ཐད་ཀར་འབྲེལ་ཡོད་ཙང་ཞལ་མ་བསྒྲགས་རང་བསྒྲགས་རེད།
    ངས་ཡང་གླུ་འདི་ལྟར་གཏོང་འདོད་བྱུང་།
    སླེབས་སོང་ལ་དང་སླེབས་སོང་།།
    ལྷོ་གཞིས་ཁག་ནས་སླེབས་སོང་།།
    ངར་སོང་ལ་དང་ངར་སོང་།།
    ལངས་ཕྱོགས་བསྒྱུར་དགོས་ཟེར་གིས།།

    ཚོགས་སོང་ལ་དང་ཚོགས་སོང་།།
    ཚོགས་ཆེན་སྔ་ནུར་ཚོགས་སོང་།།
    ཐོན་སོང་ལ་དང་ཐོན་སོང་།།
    ཚོགས་རའི་ནང་ནས་ཐོན་སོང་།།

    ཕེབས་སོང་ལ་དང་ཕེབས་སོང་།།
    སྐུ་སྒེར་སྐུ་ཚབ་ཕེབས་སོང་།།
    གསུངས་སོང་ལ་དང་གསུངས་སོང་།།
    ལངས་ཕྱོགས་མ་བསྒྱུར་ཟེར་གིས།།

    བཅུགས་སོང་ལ་དང་བཅུགས་སོང་།།
    ཁ་ལ་མཛུབ་མོ་བཅུགས་སོང་།།
    ཕྱིན་སོང་ལ་དང་ཕྱིན་སོང་།།
    མགོ་དཀར་གཞོན་ནུ་ཕྱིན་སོང་།།

    འདམས་སོང་ལ་དང་འདམས་སོང་།།
    མི་རབས་གསར་པ་འདམས་སོང་།།
    བརྟན་སོང་ལ་དང་བརྟན་སོང་།།
    ལངས་ཕྱོགས་རྩ་བ་བརྟན་སོང་།།

    ཧ་ཧ། གཞས་གཏོང་འདོད་ཡོད་མཁན་ཚོ་མུ་མཐུད་ནས་གཏོང་རོགས་གནང་།།

    Reply
  5. འཇིགས་མེད་ཞོལ་པ། says:
    ལོ་ 12 སྔོན།

    དོན་གྲུབ་ལྷ་དར་དང་འབྲེལ་བའི་གཞོན་ལྷན་དབུས་རྒྱུན་ཟུར་པ་སྒེར་ཞིག་གི་གསལ་བཤད།
    བར་ལམ་སྤྱི་ཚོགས་ཁྲོད་བརྒྱུད་ལམ་འདྲ་མིན་བེད་སྤྱད་ནས་གཞོན་ལྷན་སྒྲིག་འཛུགས་སྤྱི་དང་དབུས་རྒྱུན་རེ་འགར་དམིགས་ བཀར་གྱིས་གཞི་མེད་སྐྱོན་བརྗོད་མང་དག་ཅིག་བྱས་དང་བྱེད་མུས་དག དེ་མུར་བཞག་ནས་ངན་པ་རྒྱ་ཡན་དུ་བཏང་ན་གཞིས་ལུས་བོད་ མིས་ཡིད་ཆེས་བློ་གཏད་བཅོལ་སའི་གཞོན་ལྷན་གྱི་སྒྲིག་འཛུགས་སྤྱིའི་ཆེ་མཐོང་དང་ཡང་སྒོས་འཐབ་རྩོད་བརྒྱུད་རིམ་གྱི་ལོ་རྒྱུས་ལ་འགན་མ་འཁུར་བའི་རྣམ་པ་ཞིག་རང་བཞིན་དུ་ཐོན་བཞིན་པར་བརྟེན་གཞོན་ལྷན་སྐབས་བཅུ་བཞི་པའི་དབུས་རྒྱུན་ཟུར་པ་ཕྲན་རིག་གཞུང་འགན་འཛིན་འཇིགས་མེད་(ཞོལ་པ།)ནས་གཤམ་འཁོད་དོན་ཚན་ཁག་གི་ཐོག་གསལ་བཤད་བྱ་རྒྱུར།
    དང་པོ། གཞོན་ལྷན་གྱི་ལས་དོན་སྐོར།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་ཁག་ནི་འགན་ལྷན་དང་ཚོགས་ཆེན་གྱི་གྲོས་ཆོད། དེ་བཞིན་དབུས་རྒྱུན་མང་མོས་སམ་སྤྱི་མོས་ ཀྱི་ཐག་གཅོད་དགོས་པ་ཞིག་ལས། གང་ཟག་བྱེ་བྲག་པ་སུ་འདྲ་ཞིག་ལའང་ཐག་གཅོད་བྱེད་དབང་མེད་པའི་དམངས་གཙོའི་འགྲོ་ལུགས་ཚད་ ལྡན་ཞིག་ཡོད་པ་ལྟར། གཞོན་ལྷན་སྐབས་བཅུ་བཞི་པའི་དུས་སུའང་དབུས་རྒྱུན་ཐུན་མོང་གིས་ཐག་གཅོད་དང་། གཞོན་ལྷན་གྱི་འགན་ ལྷན་དང་ཚོགས་ཆེན་རིམ་པའི་གྲོས་ཆོད་དགོངས་དོན་ལྟར་ལས་དོན་བྱས་ཡོད་པ་ལས། དབུས་རྒྱུན་བྱེ་བྲག་པ་སུ་ཞིག་གི་ཐག་གཅོད་ དམིགས་བསལ་བ་བྱས་རིགས་གཏན་ནས་མེད་པ་གསལ་སྟོན་བྱ་རྒྱུ་ཡིན།
    གཉིས་པ། དུས་དབང་སྐབས་ཞལ་འདེབས་དང་མ་འོངས་བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་མ་དངུལ་ཐེབས་རྩའི་སྐོར།
    ཕྱི་ལོ་༢༠༡༡ ཟླ་བ་༦ པའི་ཚེས་ ༢༢ ཉིན་དབུས་རྒྱུན་ལྷན་འཛོམས་ཀྱིས་དུས་དབང་ཐེངས་སོ་གསུམ་པའི་ཐོག་སྤྱི་ཚོགས་ ཞབས་ཞུའི་ལས་དོན་ཁག་སྔར་ལྷག་བསྒྲུབ་རྒྱུའི་སྤྱི་མོས་གཏན་འབེབས་བྱུང་བ་ལྟར་དངོས་སུ་ལས་དོན་ཐོག་བཞུགས་པའང་མཁྱེན་ཤས་ ཆེ། སྒྲིག་འཛུགས་འདིར་མི་མང་གི་ཡིད་ཆེས་དང་འཐབ་རྩོད་ཀྱི་འགན་འཁུར་ཞིག་གི་ཐོག་ནས་མ་སྐུལ་དྭངས་བླངས་ཀྱིས་ཞལ་འདེབས་ གནང་བ་ཞིག་ཡིན་ལ། དེ་དག་གི་རྩིས་ཁྲ་ཡང་སྦས་བསྐུངས་མེད་པར་ཡོངས་གྲགས་སུ་ཁ་གསལ་གྱིས་ཕྱི་ལོ་༢༠༡༢ ཟླ་བ་༨ ཚེས་ ༦ ནས་ ༡༠ བར་འབིར་བོད་ཚོགས་ཚོགས་ཁང་དུ་བསྐོངས་འཚོགས་ཞུས་པའི་འགན་ལྷན་ཐེངས་ ༤༣ པའི་རྩིས་ཁྲའི་རྩིས་སྒོ་ཨང་དགུ་པའི་ ནང་གསེས་ཀ་པའི་ནང་བྱུང་སོང་གཙང་བཟོ་ཟིན་པ་དང་།
    ཕྱི་ལོ་༢༠༡༢ ཟླ་བ་ ༢ ཚེས་ ༧ ཉིན་དབུས་རྒྱུན་ལྷན་འཛོམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་རྐྱེན་པས་ཆུ་སྦྲུལ་ལོའི་ ལོ་གསར་གཏོང་ཕྱོགས་འཐད་དབུས་རྒྱུན་སྤྱི་མོས་ཀྱིས་ཐག་གཅོད་བྱུང་བའི་གནད་དོན་དོན་ཚན་དྲུག་ཡོད་པ་ལས་ནང་གསེས་བཞི་པ་དེ་མ་དངུལ་ཐེབས་རྩའི་སྐོར་དེ་ཡིན་ལས། དེ་ནི་དབུས་རྒྱུན་བྱེ་བྲག་པ་སུ་ཞིག་གི་འདོད་མོས་ཐོག་ཕྱིན་པ་ཞིག་གཏན་ནས་མིན། ལྷག་པར་ཐེབས་རྩའི་མ་དངུལ་ཟུར་འཇོག་གིས་ཕྱི་ལོ་༢༠༡༣ ཟླ་བ་༥ ཚེས་༢༧ ནས་ཟླ་བ་༦ ཚེས་༡བར་བཞུགས་སྒར་དྷ་སར་ ཀ་ལབ་ཚོགས་ཁང་ངུ་བསྐོངས་འཚོགས་ཞུས་པའི་ཚོགས་ཆེན་གྱི་རྩིས་ཁྲའི་ནང་རྩིས་སྒོ་ཨང་བཅུ་གཅིག་གི་ཁ་པའི་ནང་གསེས་གསུམ་ པའི་ནང་གསལ་བ་བཞིན་ཐེབས་རྩའི་མ་དངུལ་ཁྱོན་བྱུང་སྒོར་། ༩༧༠༥༤༤།༠༠ དགུ་འབུམ་བདུན་ཁྲི་ལྔ་བརྒྱ་ཞེ་བཅུ་ཞེ་བཞི་ཐམ་པ་ ཨ་ལ་བྷ་ཏ་དངུལ་ཁང་ནས་གཏན་བཅུག་བྱས་ཡོད། ལྷག་པར་དུ་དུས་དབང་གི་ཞལ་འདེབས་དང་ཐེབས་རྩའི་མ་དངུལ་གཉིས་ཀྱི་ཐོག་ཕྱག་ལས་གནང་མཁན་འབྲེལ་ཡོད་ལས་བྱེད་དང་། དབུས་རྒྱུན་གཞན་དག་ཡོད་པ་ལས། དོན་གྲུབ་ལྷ་དར་ལ་འབྲེལ་བ་མེད་སྟབས་གོང་སྨོས་གནད་དོན་དེ་དག་ལས་གཞི་མེད་སྐྱོན་བརྗོད་དང་མ་ཉེས་ཁ་གཡོག་ཡིན་པ་གསལ་རྟོགས་ཐུབ།
    གསུམ་པ། དབུས་རྒྱུན་ཕྱོགས་བསྐྱོད་སྐོར།
    སྤྱིར་མཁྱེན་གསལ་ལྟར། གཞོན་ལྷན་གྱི་དབུས་རྒྱུན་རྣམས་རྒྱ་གར་ནང་དུ་ཙམ་མ་ཟད་ཕྱི་རྒྱལ་ཡུལ་གྲུ་མང་དག་ཅིག་ཏུ་ཕྱོགས་ བསྐྱོད་གནང་སྲོལ་ཡོད་ཀྱང་། དེ་དག་ཐམས་ཅད་ནི་དབུས་རྒྱུན་ལས་རྣམས་ཀྱིས་གྲོས་བསྡུར་དང་མཁྱེན་རྟོགས་ཡོད་པའི་ཐོག་ནས་ ཕེབས་པ་ལས། རང་སྣང་གར་དྲན་གནང་མེད་པ་ཡང་གསལ་སྟོན་བྱ་རྒྱུ་ཡིན།
    མདོར་ན་གོང་གསལ་གྱི་གནད་དོན་དེ་དག་ནི་དབུས་སྤྱི་ཁྱབ་རྒྱུན་ལས་ཟུར་པ་ཞིག་གིས་འདས་པའི་ལོ་གསུམ་གྱི་ཉམས་མྱོང་ལ་གཞི་བཅོལ་བྱས་ནས་འགན་འཁུར་ཞིག་གི་ཐོག་ནས་གསལ་བཤད་བྱས་པ་ཞིག་ཡིན་པས་ཀུན་གྱིས་ཡིད་འཇགས་ཡོང་བ་ཞུ།

    Reply
  6. སྟོབས་ལྡན says:
    ལོ་ 12 སྔོན།

    འདས་ཚར་བ་དེ་འདས་ཚར་བ་རེད། རྒྱུན་ལས་གསར་པ་དེ་ཚོ་གཞོན་སྐྱེས་རྐྱང་རྐྱང་རེད་དགའ་སྡུག་ཕྱོགས་རེས་མེད་པར་བོད་སྤྱི་བའི་དོན་ལ་ཕྱག་ལས་གནང་རྒྱུའི་སེམས་ཤུགས་དང་ནུས་པ་ཚང་མ་འཛོམས་ཡོད་པ་རེད་དྲན་ཡོད། རྒྱུན་ལས་སྐབས་སྔ་མ་དག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་མིང་ཆལ་ཆེན་པོ་བཟོས་པ་ཐམས་ཅད་བསྐྱར་གསོ་ཡོང་ཐབས་ཐོག་འབད་བརྩོན་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  7. བློ་བཟང་ཟླ་བ། says:
    ལོ་ 12 སྔོན།

    Tsering Samdupལགས་ཀྱི་ངོ་དེབ་ལས་བཤུས་དེ་འདིར་བཀོད་པ་ཡིན།
    གཞོན་ནུའི་དབུས་རྒྱུན་ཞིག་གིས་བཤད་པ་ལྟར་བྱས་ན། རྒྱུན་ལས་ནང་ཁུལ་ཚོགས་འདུ་ཚོགས་སྐབས་ཚོགས་གཞོན་གྱིས་ལས་ཀ་ཚང་མ་སྒེར་སྤྱོད་བྱས་ཏེ་ཐག་གིས་བཅད་བཞག་གི་རེད་གསུངས་སོང་།
    བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ལ་གུས་བཀུར་བརྒྱ་ཆའི་བརྒྱ་ཡོད་པ་དང་རང་བཙན་ལངས་ཕྱོགས་དེའང་བཟུང་ཆོག་གི་རེད་དྲན་ཡོད། ཡིན་ན་ཡང་གཞོན་ནུའི་དབུས་བརྒྱུན་ལས་རྣམས་ཀྱི་ལས་ཀ་བྱེད་ཕྱོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། སྤྱིར་བཏང་སུ་ཞིག་ནོར་བ་རེད་ཟེར་ན་གཞོན་ནུ་ལྷན་ཚོགས་ནོར་བ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ནང་ནས་སུ་ཞིག་ནོར་བ་རེད་ཟེར་ན་སྐབས་བཅུ་བཞི་བའི་དབུས་རྒྱུན་ལས་དེ་ཚོ་ནོར་བ་རེད། དབུས་རྒྱན་ལས་ནང་ནས་སུ་ཞིག་གིས་ནོར་འཁྲུལ་བཟོས་པ་རེད་ཟེར་ན་དོན་གྲུབ་ལྷ་དར་གྱིས་བཟོས་པ་རེད། འདིའི་སྐོར་ལ་ང་རང་ལ་གསལ་གསལ་ཐང་ཐང་གིས་ཞུ་རྒྱུ་ཡོད་ནའང་མདོ་བསྡུས་སུ་རོབ་ཙམ་ཞིག་བཤད་རྒྱུ་ཡིན།
    1)
    བཙན་བྱོལ་བོད་གཞུང་བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་གཏོང་སྐབས། དེ་ལ་ངོས་ལེན་རྩ་བ་ནས་མེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་མུ་མཐུད་ཉར་རྒྱུ་ཡིན་ཟེར་མཁན་དོན་གྲུབ་ལྷ་དར་རེད།
    2) ཚོགས་གཙོ་ཚེ་དབང་རིགས་འཛིན་གྱི་སྒང་ནས་ལས་ཀ་བྱས་ཏེ་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་སྟེ་བོད་གཞུང་དང་རྒྱ་གཞུང་གཉིས་ཀར་ཕོག་ཐུག་འགྲོ་བའི་ལས་ཀ་རྩོམ་མཁན་དོན་གྲུབ་ལྷ་དར་རེད།
    3) བོད་རྒྱལ་ཁབ་བསྐྱར་འཛུགས་ཀྱི་མ་དངུལ་བསྡུ་རྒྱུ་ཡིན་ཟེར་ནས་གསལ་བསྒྲགས་བསྐྱངས་ཏེ་མང་ཚོགས་ལ་མགོ་བསྐོར་བཏང་སྟེ་དངུལ་བསྡུ་མཁན་དོན་གྲུབ་ལྷ་དར་རེད།
    4) ཨ་རིའི་ནའེ་ཡོག་གི་དུས་འཁོར་དབང་ཆེན་སྐབས་སུ་བསྟོད་ལོ་ཡི་སྟེང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་བཀོད་དེ་རྙོག་དྲ་བྱུང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགའ་ལྡན་བློ་གྲོས་ཀྱི་སྟེང་ལ་གསར་འགོད་བསྒྲགས་གཏམ་སྤེལ་ཏེ་རྒྱ་མི་ལ་བཤད་མ་ཐུབ་པའི་ཚིག་སྡུག་ཅག་བེད་སྤྱོད་གཏོང་མཁན་དོན་གྲུབ་ལྷ་དར་རེད།
    5) སྤྱི་ལོ་༢༠༡༢ ་ལོར་གླིང་ཚ་ཚེ་བརྟན་རྡོ་རྗེ་མི་སྒེར་གྱིས་བོད་ནང་གོམ་བགྲོད་གནང་སྐབས་རྒྱ་ནག་གི་རྒྱལ་དར་མཉམ་འཁྱེར་བྱས་སྐབས། གང་ཟག་སྒེར་བ་མི་གཅིག་གི་ལས་འགུལ་སྤེལ་ཕྱོགས་ཐོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་འཁྱེར་ནས་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
    6) སྤྱི་ལོ་༢༠༡༡་ཟླ་བ་༡༢་པའི་ནང་ལ་རྡོ་རྗེ་གདན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་བསྐུར་གནང་བའི་སྐབས་སུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་མདོག་གི་ཞོར་དུ་མི་མང་ལ་ཞལ་འདེབས་བསྡུས་ཏེ་སྐད་གྲགས་བཞག་པ་མ་ཟད། སྐབས་དེར་བོད་ནང་ནས་ཆོས་ཞུ་བར་ཕེབས་མཁན་དག་ལ་སྐད་ཆ་འདྲ་མིན་བཤད་དེ་དངུལ་ཕོན་ཆེན་བསྡུ་མཁན་དོན་གྲུབ་ལྷ་དར་རེད།
    7) བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ནང་ཁུལ་གྱིས་མཁྱེན་རྟོགས་དང་གསལ་ཆ་མེད་པར་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་ཀློག་འབྲེལ་བྱས་ཏེ་ཨ་རི་དང་ཁ་ན་ཌ་ལ་ཕྱིན་ཏེ་དབུ་མའི་ལམ་ལ་སྐྱོན་བརྗོད་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་གཞུང་ལ་ཟུར་ས་བྱས་ཏེ་མང་ཚོགས་ལ་བློ་ཕམ་བྱུང་འཇུག་མཁན་དོན་གྲུབ་ལྷ་དར་རེད།
    8) གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ནང་ཁུལ་དང་ས་གནས་གཞོན་ནུ་ཁག་ལ་བཙན་གནོན་འཇིགས་སྐུལ། དེ་ནས་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ལ་གཉའ་གནོན་བརྙས་བཅོས་གཏོང་མཁན་དོན་གྲུབ་ལྷ་དར་རེད།
    9) ཕྱི་ཟླ་ ༥ པའི་ཚེས་ ༢༣ ། ༢༤ ། ༢༥ བཅས་ཉིན་གསུམ་རིང་བཞུགས་སྒར་ངྷ་རམ་ས་ལར་རྒྱལ་སྤྱི་རང་བཞིན་གྱི་རང་བཙན་ཚོགས་འདུ་ཞིག་ཚོགས་རྒྱུ་ཡིན་ཞེས་འུར་བརྒྱབ་སྟེ་རྗེས་སུ་ཁུངས་མ་འཁྱོལ་བར་ཕྱིར་འཐེན་བྱེད་དགོས་བྱུང་བ་དང་། སྤྱི་ལོ་ ༢༠༡༣ ལོ་ནི་བོད་རང་བཙན་གྱི་ལོ་ལ་སྲུང་བརྩི་ཞུ་རྒྱུ་དང་དེ་ལ་རང་བཙན་མཚོན་རྟགས་ཤིག་བཟོ་སྐྲུན་ཇུས་འགོད་འགྲན་བསྡུར་གྱི་ལས་གཞི་ཞིག་སྤེལ་རྒྱུ་ཡིན་རབས་བཤད་རྗེས་མཇུག་སྐྱོང་མ་ཐུབ་པར་ལྷག་པ་ཡང་དོན་གྲུབ་ལྷ་དར་རེད།
    10) ད་རེས་ཚོགས་ཆེན་གྱི་མགོ་འཛུགས་ཉིན་ནས་ཚོགས་མི་ཚོར་མཐོང་ཆུང་ཁྱད་གསོད་བྱས་པ་དང་། ཚོགས་འདུ་མ་ཚོགས་སྔོན་ནས་ལྐོག་ངན་ཇུས་འགོད་དང་ལས་འཆར་བསྒྲིགས་མཁན་ཚང་མ། ད་དུང་ཚོགས་འདུ་དངོས་གཞིའི་སྐབས་སྒེར་སྤྱོད་ཀྱིས་ས་གནས་ཚོགས་ཞུགས་པ་མང་པོ་ཞིག་ལྐུགས་པའི་གྲས་སུ་བཞག་སྟེ་སྐད་ཆ་རྫིག་པོ་ཤོད་མཁན་དོན་གྲུབ་ལྷ་དར་རེད།

    Reply
  8. རིག་པའི་རལ་གྲི says:
    ལོ་ 12 སྔོན།

    ཆབ་སྲིད་ཀྱི་ལྟ་གྲུབ་དང་། ཆོས་ལུགས་ཀྱི་ལྟ་གྲུབ་གཉིས་ལ་མ་འདྲ་བ་གང་ཞིག་ཡོད་རེད་ཟེར་ན། ཆབ་སྲིད་ཀྱི་ལྟ་གྲུབ་ལ་གཉིས་ཆར་མ་ནོར་བ་ཡོད་སྲིད་ཀྱང་། ཆོས་ལུགས་ཀྱི་ལྟ་གྲུབ་ལ་དེ་ལྟར་ཡོད་མི་སྲིད། གོང་འོག་གི་མཆན་མང་པོ་ཞིག་གིས། བོད་རང་བཙན་རྩོད་མཁན་གྱི་གཞོན་ལྷན་གྱི་ལྟ་གྲུབ་འཛིན་མཁན་རྣམས་ཀྱིས་གོང་ས་མཆོག་གི་བཀའ་དགོངས་འགལ་བ་བྱེད་ཀྱི་འདུག་ཟེར་སྡིག་ར་མང་པོ་དང་། ནག་པོར་བཟོ་འདོད་བྱེད་ཀྱིན་འདུག གཞོན་ལྷན་རྒྱབ་སྐྱོར་བ་ཁ་ཤས་ཀྱིས་གོང་ས་མཆོག་གི་བཀའ་དགོངས་དང་འགལ་བ་བྱེད་ཀྱི་ཡོད་མ་རེད། གོང་ས་མཆོག་གི་བཀའ་དགོངས་ལམ་བསྟན་བྱས་པ་ལ་ཤར་བསྐྱོད་བྱེད་ཀྱི་ཡོད་མདོག་འདྲ་ཞིག་ཟེར་འདུག གུས་པས་བསམ་ན། གཞོན་ལྷན་ཀྱི་ལྟ་གྲུབ་རང་བཙན་རྩོད་ཀྱི་པ་ལྟར་ན། གོང་ས་མཆོག་གི་བཀའ་དགོངས་ཀྱི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཁ་ཁར་རེད། འོན་ཀྱང་གོང་ས་མཆོག་གི་བཀའ་དགོངས་དང་འགལ་དོགས་གིས་སེམས་ཁུལ་གང་ཡང་དགོས་ཀྱི་མ་རེད་བསམ་གྱི་འདུག དེ་དགོས་ཀྱི་ཡོད་ན། ང་ཚོ་ལ་མར་གནང་བའི་མང་གཙོའི་ཁེ་ཕན་དེ་མིང་ཙམ་དུ་འགྱུར་གྱི་རེད། ཆབ་སྲིད་ཀྱི་ལྟ་གྲུབ་སོ་སོ་ཡིན་པས་ཆོས་ཀྱི་ཐོག་ནས་དམ་ཚིག་དང་འགལ་བ་རེད་བསམ་ན་ནོར་འཁྲུལ་རེད་བསམ་གྱི་ཡོད། གོང་ས་མཆོག་ཆོས་ཀྱི་ཐོག་ནས་མཁྱེན་རྒྱ་ཆེན་པོ་རེད། སྙན་གྲགས་ཆེན་པོ་རེད། སངས་རྒྱས་ཀྱི་སྐུ་ཤ་རློན་པ་རེད། ཡིན་ནའང་ཆབ་སྲིད་ལྟ་གྲུབ་གཞིར་བཞག་ན་དེ་ལྟར་ཁས་ལེན་ཐུབ་ཀྱི་མ་རེད་ལ། ཆབ་སྲིད་ཀྱི་ལྟ་གྲུབ་འཛིན་མཁན་གཞན་དང་གཅིག་པ་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་གོ་རྟོགས་གཞོན་ལྷན་ཁ་ཤས་ཁོང་ལས་ལྷག་མི་སྲིད་པ་མ་རེད། གོང་ས་མཆོག་གི་ཆབ་སྲིད་ཀྱི་ལྟ་གྲུབ་དང་མ་མཐུན་པས་གོང་ས་མཆོག་ལ་རྒྱབ་འགལ་བྱས་པར་ངོས་འཛིན་ནམ་ཡང་ཞུ་ཐུབ་ཀྱི་མི་འདུག གཞོན་ལྷན་གྱི་ལྷག་བསམ་དང་། འབད་རྩོན་བྱེད་ཕྱོགས་སྐོར་ལ་ངོ་མ་གུས་བཀུར་དང་རྗེས་སུ་ཡིད་རངས་ཞུ་བཞིན་ཡིན། ཕྲན་གྱི་ཆབ་སྲིད་ཀྱི་གོ་རྟོགས་ལྟར་ན་རང་བཙན་རྩོད་པ་དེ་ཕལ་ཆེར་རེ་བའི་གཏད་ས་གཞའ་ལ་ཐུག་པ་ལྟ་བུ་ཞིག་འཚོར་གྱི་ཡོད། འོན་ཀྱང་ཁྱེད་ཅག་ལ་ལྟ་གྲུབ་ཡོད་པ་དེ་ངའི་ལྟ་གྲུབ་དང་མ་མཐུན་པའི་རྒྱུ་མཚན་གྱིས་ངས་ཁྱེད་ཅག་སྒེར་ངོས་ནས་ལྷག་བསམ་མེད་པ། ཐ་ཤལ་དཀྲུགས་ཤིག་བྱེད་མཁན་དུ་ནམ་ཡང་ངོས་འཛིན་བྱེད་ཀྱིན་མེད། སོ་སོའི་རྣམ་དཔྱོད་ཀྱིས་ཞིབ་དཔྱོད་བྱས་ནས་གང་ལེགས་ཀྱི་རྗེས་སུ་འབྲངས་བ་ནི་རྣམ་དཔྱོད་ཅན་གྱི་ལུགས་སྲོལ་དང་། མང་གཙོ་བེད་སྤྱོད་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད། དེ་ཙམ་ཡིན

    Reply
  9. བསྟན་འཛིན་ཆོས་ཉིད། says:
    ལོ་ 12 སྔོན།

    སྐབས་བཅུ་བཞི་པའི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཚོས་ནོར་འཁྲུལ་མང་པོ་ཞིག་བཟོས་ཡོད་པ་དེ་དག་ཚོགས་གཞོན་དོན་གྲུབ་ལྷ་དར་ཡིན་པ་ང་ལ་རྒྱུ་མཚན་ཆེན་པོ་ཞིག་ཤོད་རྒྱུ་ཡོད། དབྱིན་ཇུའི་ནང་གཏམ་བཤད་དང་སྒྲགས་གཏམ་སྤེལ་བ། གསར་འགོད་གསལ་བསྒྲགས་བསྐྱངས་པ། ཡིག་འབྲེལ་བྱས་པ་ཚང་མ་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས་བྲིས་པ་རེད། རྒྱུ་མཚན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་དབྱིན་ཇི་ཤེས་ཀྱི་ཡོད་མ་རེད། དབྱིན་ཇིའི་ནང་གི་གསལ་བསྒྲགས་དང་ཡིག་ཆ་ཚང་མར་ཞིབ་གཟིགས་གནོངས་དང་། ནོར་འཁྲུལ་དང་ཐལ་ཆ་ཆེ་བ་རྐང་གཅིག་ཀྱང་ཡོད་པ་མ་རེད། བོད་ཡིག་ནང་ཡིག་ཆ་བཟོས་པ་དང་གསར་འགོད་བསྒྲགས་གཏམ་སྤེལ་བ་ཁག་ཡོངས་སུ་རྫོགས་པ་དོན་གྲུབ་ལྷ་དར་གྱིས་བཟོས་པ་རེད། རྒྱུ་མཚན་ཚེ་དབང་རིག་འཛྀན་གྱིས་བོད་ཡིག་ཡག་པོ་ཤེས་ཀྱི་ཡོད་མ་རེད། བོད་ཡིག་ནང་བསྒྲགས་གཏམ་སྤེལ་བ་རྣམས་ལ་གཟིགས་དང་གཞོན་ནུའི་ནོར་འཁྲུལ་དང་ཐལ་ཆ་འགལ་བ་ཚང་མ་དེ་དག་ནང་སྤུངས་ཡོད་རེད། དགྲ་དམར་རྒྱ་ནག་གཞུང་ལ་བཤད་པ་ལས་སྡུག་པ་མང་པོ་ཡོད་རེད།

    Reply
  10. མི་རྒོད། says:
    ལོ་ 12 སྔོན།

    གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་སྐབས་བོད་རིགས་གཞོན་ནུ་ཚོགས་པ་ཞེས་མིང་བཏགས་ཡོད་པ་རེད། དེ་ནས་མི་རབས་རྒན་པས་ངག་རྒྱུན་མེད་པ་འགྱུར་ནས་ད་ལྟའི་མིང་འདི་ཆགས་ཤག། གང་ལྟར་ད་བར་ལེགས་ཉེས་གཉིས་བསྡུར་ན་ལེགས་ཆ་མང་བ་ཡོད་པ་བརྟེན་གཞོན་ནུ་ཚོགས་གསར་རྣམས་སུ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྙིང་པ་ལྷག་བསམ་རྣམ་དག་གིས་བོད་རྒྱལ་བསྟན་ཆེད་སྐུ་ལས་སྐྱོན་མཁན་ལའང་ངས་གུས་བཀུར་རྗེས་སུ་ཡིད་རངས་ཞུ།

    ད་ང་ཚོ་མདོ་ནས་ཞུས་ནས་དམིགས་ཡུལ་གཉིས་དང་། རྩ་དོན་གཅིག་རེད། དེ་བོད་རྒྱལ་བསྟན་ཡོངས་རྫོགས་ཉམས་ཉེས་འགྲོ་བཞིན་ཡོད་པ་དེ་རེད། ཉམས་ཉེས་གཏོང་མཁན་དེ་དགྲ་བོ་དམར་པོ་རེད། སོང་ཙང་དམིགས་ཡུལ་གཉིས་བེད་སྤྱད་ནས་སྐྱོབ་དགོས་པ་བརྟེན་ལམ་དབུ་མ་མགྱོགས་ཚེ་དེ་རང་དང་། རང་བཙན་གྱིས་གནོན་ཤུགས་དེ་མགྱོགས་ཚེ་དེ་ལྟར་ཞུ་དགོས་ཡིན་འང་རེ་བསྐུལ་ཞིག་ལ་ལས་འགུལ་འདི་གཉིས་ལ་མང་ཚོགས་ནས་ཧུར་བརྩོན་ཆེན་པོས་བརྒྱབ་སྐྱོར་གནང་དགོས་ཤིང་མ་གནང་ཚེ་དགྲ་དགའ་བ་དང་། བོད་བཞུགས་གཉེན་སྡུག་ཉེན་ཡོད་པས་དགོངས་པ་གཏིང་ཟབ་བཞེས་དགོས།
    མཐའ་དོན་མགོན་ཡིད་བཞིན་ནོར་བུ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་།
    ངའི་གཞོན་ནུ་ཚོགས་པ་གེགས་མེད་ངང་བསམ་དོན་སྒྲུབ་པའི་སྨོན་མདུན་མཆོག་གསུམ་ལ་ཞུ།།།།།
    ང་གངས་རི་བུ་མི་རྒོད་ནས་རྒྱལ་ཁབ་རྩ་དོན་ལ་ཕན་པའི་བྱ་བ་གང་ནུས་སྒྲུབ་ཆོག།།། བཀྲིས་བདེ་ལེགས།།།

    ༼བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག ༽

    Reply
  11. མེ་རིའི་ངར་མ། says:
    ལོ་ 12 སྔོན།

    ཧེཧེཧེ ཆོས་སྲིད་མཉམ་བསྲེས་ལ་དགག་རྒྱག་བརྒྱ་བཤད་སྟོང་བཤད་བྱུང་ཀྱང་མཐའ་མའི་མཐའ་མར་གཞོན་ལྷན་སྒྲིག་འཛུགས་རྩ་ཆེན་དེ་དགའ་ལྟན་ཕོ་བྲང་གིས་༼དཀའ་ཉོག་ནས་༽སྐྱབས་སོང་། ཟེར་གླུ་ཞིག་གཏོང་འདོད་བྱུང་།

    Reply
  12. ལུང་རྟོགས། says:
    ལོ་ 12 སྔོན།

    དོན་འགྲུབ་ལྷ་དར་ནི་ལྷག་བསམ་དང་སྤོབས་པས་ཕྱུག་པའི་གངས་རིའི་བུ་རྒོད་རྣལ་མ་ཞིག་རེད། ཁོང་གིས་ད་བར་དུ་གནས་ལུགས་མེད་སྐད་ཆ་ཞིག་བཤད་མྱོང་མེད། ཁོང་ལ་མི་དགའ་མཁན་ཚོས་ཁོང་གི་སྐད་ཆ་རེ་རེ་བཞིན་དྲངས་ནས་གནས་ལུགས་ཡོད་པའི་དགག་པ་ཕོག་སོང་ན་ཕ་བཟང་བུ་ཡིན། དེ་མིན་ཁྱི་ངན་ཟུག་པ་བཞིན་ཁོང་ལ་ཚིག་ངན་བཤད་པ་ནི་འགྲོ་བ་མིའི་སྤྱོད་ཚུལ་མ་རེད། ལར་ནས་ད་ཕན་ལོ་མང་པོའི་རིང་གཞོན་ནུའི་ཚོགས་གཙོ་གཞོན་གཉིས་ཀྱི་སྣེ་ཁྲིད་འོག་བོད་དོན་ཆེད་ལས་འགུལ་གང་མང་སྤེལ་ཡོད་ཀྱང་། ཁོང་གཉིས་ལས་དུས་རྫོགས་པ་དང་མཉམ་དུ་ཟས་ཀྱི་སྣེ་བསུ་མེད་པར་གཏམ་གྱི་ཁ་རྡུང་། ངན་ཤག་འཚང་འབྲུ་སོགས་བྱེད་པ་ནི་ཧ་ཅང་ཐ་ཤལ་གྱི་བྱེད་སྟངས་ཤིག་རེད། ངོ་མ་བཤད་ན་དོན་འགྲུབ་ལྷ་དར་ལ་སྐྱོན་བརྗོད་བྱེད་མཁན་གྱི་དྲ་འབུ་ཁྱོད་ཚོར་ཁོང་གི་གཏམ་བཤད་ཐེང་གཅིག་གི་རིན་ཐང་ཡང་མེད་པར་ཤེས་པར་གྱིས།

    Reply
  13. བདུད་རྡོ། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུ་ཚོགས་པ་ནི་ང་ལ་མཚོན་ན་ཡང་ཡང་གོ་མྱོང་བ་ཙམ་ལས་ཆ་རྒྱུས་གང་མེད་ཀྱང་། གོ་ཚོད་ལ་ཚོགས་པ་འདིའི་ལྟ་བ་དང་ལངས་ཕྱོགས་ནི་བོད་རང་བཙན་ཡིན་ཟེར། སྤྱིར་ལྟ་བ་ལངས་ཕྱོགས་ཟེར་ན་གང་ཟག་རང་རང་གིས་རྒྱུ་མཚན་གྱི་ལམ་ནས་རྙེད་པའི་གནས་ལུགས་ཡིན་དགོས་ན།གཞོན་ནུས་རྒྱ་ནག་ལ་བོད་རང་བཙན་གྱི་སྒྲུབ་བྱེད་དང་ང་ཚོ་ལ་རང་བཙན་ཐོབ་ཐུབ་པའི་རྒྱུ་མཚན་ཡང་དག་པ་ཅི་ཞིག་བཤད་ཡོད། དེ་མེད་ན་རང་བཙན་ཟེར་བ་ནི་འདོད་པ་ཙམ་རེད།ཡང་མི་ཚོས་ཟེར་ན་གཞོན་ནུས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་ཟེར། རྒྱལ་ཁབ་ཅིག་གི་རང་དབང་འཐབ་རྩོད་བྱེད་པ་ལ་རང་སྲོག་བློས་གཏོང་གི་བྱེད་དགོས་ན་གཞོན་ནུ་ཚོགས་པའི་ད་བར་ཏུ་རང་སྲོག་བློས་གཏོང་གིས་འཐབ་རྩོད་ཞིག་བྱེད་མྱོང་ཨེ་ཡོད་ན། གཞོན་ནུ་་ཚང་གི་མི་ག་ཚོད་ཅིག་བོད་རང་བཙན་ཆེད་དུ་གྲོངས་རེད་། བཙོན་ཁང་དུ་མི་ག་ཚོད་གཅིག་ཡོད་ན། དེ་མིན་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་ཟེར་ན་ཧིན། དེ་ལས་གཞོན་ནུ་ཚོགས་པའི་རང་དབང་ལུང་བ་ནས་བོད་རང་བཙན་དགོས་ཟེར་ནས་སྐད་འབོད་བྱེད་ཀྱི་ཡོད་ཟེར་དགོས། དེ་མིན་ཡང་རྣ་བར་གཏན་ནས་མི་འགྲོ་བ་ཞིག་ནི་གཞོན་ནུ་ཚོགས་པའི་ང་ཚོ་ནི་༧གོང་ས་མཆོག་གི་བཀའ་དགོངས་གི་འོག་ལ་ཤར་སྐྱོད་བྱེད་མཁན་ཡིན་ཟེར། དེ་ལས་ང་ཚོ་༧་གོང་ས་མཆོག་གི་བཀའ་དང་ནམ་ཡང་མི་འགལ་བ་བྱེད་ཀྱི་ཡིན་ཟེར་ན་དོན་དངོས་དང་མཐུན་ཙམ་རེད། བཀའ་དགོངས་བཞིན་སྒྲུབ་པ་དང་བཀའ་དང་མ་འགལ་བ་ནི་སོ་སོ་ཡིན། འོན་ཀྱང་ད་རེ་གཞོན་ནུ་་ཚོགས་པ་འཐོར་ཞིག་སུ་མ་སོང་བ་དེ་ནི་ལགས་ཙམ་རེད།

    Reply
  14. རྒྱ་རྙི། says:
    ལོ་ 12 སྔོན།

    ཨ་མའི་བུ་ལགས། ཉིད་ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་བ་འཆི་མེད་དོན་འགྲུབ་སོགས་སྡིགས་ར་སྐུལ་བཞིན་ཚོགས་དངུལ་ཟོས་པ་སོགས་ཀྱི་མ་ཉེས་ཁག་འདོགས་བྱེད་སྐབས་རང་ཉིད་དྲ་འབུའི་སྐྱེ་བ་བླངས་ཡོད་པ་བརྗེད་སོང་ངམ། དེ་དུས་ལས་རྒྱུ་འབྲས་ཡོད་པ་ཞིག་ཧ་གོ་མ་སོང་ངམ།དེ་རིང་གང་ཞིག་ནས་སད་སོང་། དོན་འགྲུབ་ལྷ་དར་བཙན་བྱོལ་དུ་སླེབས་ནས་བོད་ཀྱི་ས་ར་མཚན་ཉིད་སློབ་གྲྭ་དང་།དེ་ནས་ནོར་གླིང་།དེ་ནས་གསོག་སྒར།དེ་ནས་གཞོན་ནུ་སོགས་ཁོང་སོང་ས་ཞིག་ཏུ་བཀྲ་ཤིས་པ་བྱུང་བའི་ལོ་རྒྱུས་མེད། ཡིན་ཡང་།དགོས་མེད་ཀྱི་རྩོད་པས་གང་བྱེད། གཞོན་ནུ་རྒྱལ་ལོ།ཚོགས་པའི་ནོར་འཁྲུལ་དེ་མི་སྒེར་རེ་ཟུང་གི་སྒེར་གཅོད་ལས་བྱུང་བ་ཚང་མས་ཤེས་དགོས་པ་ཧ་ཅང་གལ་ཆེ།

    Reply
  15. ཨ་མའི་བུ། says:
    ལོ་ 12 སྔོན།

    ཐོག་མར་རྩ་ཆེའི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་གསར་འདེམས་བྱུང་བར་དགའ་སྤྲོའི་སྒོ་ནས་བཀྲིས་བདེ་གྲངས་མེད་ཞུ། དྲ་འབུ་ཚོ་བསམ་བློ་ཡག་པོ་གཏང་ནས་བསམ་ཚུལ་བྲིས་པ་ལས་རང་ཉིད་ཀྱི་ལྟ་ཚུལ་མ་མཐུན་པ་དང་། དགའ་མིན་དབང་གིས་རྒྱུ་མཚན་དང་གནས་ལུགས་ཀྱི་ཕུངས་པའི་གཞི་མེད་ཀྱིས་གཏམ་ལུང་པ་གང་སྨྲས་ན་ཁྱེེད་ཚོ་ངོ་མི་ཚ་འམ། འདྲེ་ཤར་ལ་བཞགས་གླུད་ནུབ་སྒོར་བཀྱལ་ཞེས་པའི་དཔེ་ལྟར་དགོས་སར་ཆད། མ་དགོས་སར་ལུས་ན་ཆོ་འདུག་གམ། དོན་གྲུབ་ལྷ་དར་ལ་སོགས་ སེམས་ཤུགས་དང་མི་རིགས་ལ་རྒྱ་ཡོད་པ། རང་ཉིད་གཅེས་པའི་སྲོག་ཡན་ཆད་རྒྱལ་ཁབ་དང་མི་རིགས་སྐད་ཡིག་ཀྱི་ཆེད་དུ་ཐེངས་མ་གཉིས་ཙམ་བློས་བཏང་མཁན་གྱི་དཔའ་བོ་ཞིག་ལ་ལོག་བཤད་མ་བྱས་གོང་སོ་སོ་རང་ཉིད་ཀྱི་གང་བྱས་ཡོད་མེད་བསམ་བློ་བཏང་ངམ། རང་ཉིད་ཀྱི་གང་ཡང་བྱེད་མ་ཐུབ་པར་དྲ་རྒྱའི་ཐོག་ནས་དཀྲུགས་ཤིང་ལུང་པ་གང་སྨྲས་རྒྱུ་ལས་མེད་པའིདྲ་བུ་ཁྱེད་ཚོར་རྒྱལ་མབ་ཆེད་དུ་དཀའ་ལས་གྲངས་མེད་རྒྱག་མྱོང་མཁན་གྱི་མི་ཞིག་ལ་སྐྱོན་བརྗོད་བྱ་ཡས་ཀྱི་སྤོབ་པ་ཡོད་པས། ངས་བལྟས་རྩ་ནས་ཡོག་མ་རེད་དྲ་འབུ་ཚོ། ལས་རྒྱུ་འབྲས་འཁོར་ཡོང་ད་དྲ་འབུ་ཚོ། བོད་རྒྱལ་ལོ། གཞོན་ནུ་རྒྱལ་ལོ། རང་བཙན་རྒྱལ་ལོ། རྒྱལ་གཅེས་ཀྱི་མི་སྣ་ཚོ་རྒྱས་གྱུར་ཅིག དྲང་བདེན་དང་གནས་ལུགས་ཀྱི་ཕུངས་པའི་སྤྱི་ཚོགས་དཀྲུགས་མཁན་གྱི་དྲ་འབུ་དག་གང་མྱུར་འཆི་བ་ཤོག

    Reply
  16. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    དྲ་གྲོགས་ཚོས་ཚོགས་གཙོ་གསར་བའི་ངོ་དེབ་ལ་བལྟ་ན་འདི་རེད།https://www.facebook.com/tenzingj?hc_location=stream
    འོན་ཀྱང་ནང་འཇུག་མ་བྱས་ན་བལྟ་ཐུབ་མིན་མི་ཤེས། མཆན་མང་པོ་ཞིག་བསུབ་འདུག ཐ་ན་ཁ་སང་ཚོགས་ཆེན་མ་གྲོལ་སྔོན་དག་དག་ལ་ཁོས་་tibetsunགྱི་བདག་པོ་བློ་བཟང་དབང་རྒྱལ་ལ་གཤེ་གཤེ་གཏོང་ཞོར་དབུ་མའི་ཕྱོགས་གཏོགས་པ་ཞེས་སྐྱག་དྲི་ཐུལ་བའི་སྐད་ཆ་ཞིག་བཤད་འདུག་མོད་དེ་རིང་མཐོང་ལམ་ན་མི་འདུག

    Reply
  17. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    གལ་སྲིང་གཞོན་ནུ་ལྷན་ཚོགས་དེ་དབུ་མའི་ལམ་ལ་གྱུར་སོང་ན་བོད་ཀྱི་གཞོན་ནུ་ཚོགས་པ་ཟེར་བ་ཞིག་དུས་དེ་ནས་དགོས་པ་གང་ཡང་མེད་པ་རེད །དེ་ནི་དབུ་མའི་ལམ་ལ་མཆོག་ཏུ་གྱུར་བ་བོད་མི་སྒྲིག་འཛུགས་ཡོད་པས་རེད།

    Reply
  18. ཧོར་བུ་ཡེ་ཤེས says:
    ལོ་ 12 སྔོན།

    དབུ་རྒྱུན་གསར་བ་ཚོ་ལ་འཚམས་འདྲི་དང་མ་འོང་བོད་ཀྱི་གཞོན་ནུ་ཚོགས་པ་དེ་མདོ་སྟོད་ཆུ་བཞི་སྒང་དྲུག་ནང་བ ཞིན་གྱི་ཁག་གཉིས་སུ་མི་འགྲོ་བ་ལ་བརྩོན་རོགས་ཞུ་རྒྱུ་ཡིན །དེ་ནི་དགྲ་དགའ་གཉེན་སྡུག་གི་ལས་ཤིག་ཡིན་པ་དུས་ནམ་ཡང་མ་བརྗེད་པར་གནང་རོགས་ཞུ །

    Reply
  19. ཆོས་འཕེལ says:
    ལོ་ 12 སྔོན།

    ཆབ་སྲིད་དང་ཆོས་ལུགས་ཀྱི་ལང་ཕྱོགས་གཉིས་ཤར་ནུབ་བཞིན་ཡིན་རུང་། སྲིད་ཞི་མཉམ་ཉིད་རྟོགས་པའི་རྣལ་འབྱོར་པ་རྣམས་ལ་སྲིད་ཞི་གཉིས་ལ་ཁྱད་མེད་དུ་མཛད་པ་འཕྲིན་ལས་ཇི་དགོས་ཕྱག་བསྟར་ཐུབ་ཀྱི་ཡོད་པ་ལྟར། མཆོག་གྱུར་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་དེ་བཞིན་ཆབ་སྲིད་དང་ཆོས་ལུགས་གཉིས་མེད་རྟོགས་པ་རྣམས་ཀྱིས་གཉིས་ཆར་མཉམ་འགྲུབ་ཐུབ་པས་དམིགས་གསལ་ཆགས་ཡོད། ང་ཚོ་དཀྱུས་མའི་རིགས་དག་ལ། ཆབ་སྲིད་ཀྱི་ལྟ་བའི་ལང་ཕྱོགས་སོ་སོའི་གཞི་རྩའི་ལྟ་གྲུབ་དང་མཐུན་པར་ཡོད་ལ། དེ་ཡོད་དགོས་ཤིང་། དེ་འཛིན་ཆོག་པ་དེ་མང་གཙོའི་ཁེ་ཕན་བླ་ན་མེད་པར་ངོས་འཛིན་ཞུ་བཞིན་ཡོད། གཞོན་ལྷན་གྱིས་ལྟ་གྲུབ་རྩོད་འབད་བོད་རང་བཙན་གཙང་མ་ཡིན་པ་ཡོངས་གྲགས་ཡིན་པ་ལ། ང་ཚོ་དབུ་མའི་ལམ་ཀྱི་ལྟ་གྲུབ་ཀྱི་རྗེས་སུ་འབྲངས་པ་གཉིས་རྦད་དེ་ཁ་ཁར་ཆགས་ཀྱི་འདུག་ཀྱང་། ཁོ་ཚོའི་ལང་ཕྱོགས་ལ་གུས་བཀུར་ཚད་ལྡན་ཞུ་བཞིན་ཡིན། ལང་ཕྱོགས་དེ་འཛིན་པའི་སྐབས་སུ། གོང་ས་མཆོག་གི་བཀའ་སློབ་དང་། མཁན་དབང་ཟམ་གདོང་སོགས་ཀྱི་བཀའ་སློབ་ལ་གཟློགས་ཕྱོགས་མཛད་དགོས་ཀྱང་། དེ་གོང་ས་མཆོག་ལ་གུས་བཀུར་མེད་པ་དང་། ཁྱད་གསོད་བྱས་པ་རུ་དུས་ནམ་ཡང་ངོས་འཛིན་བྱེད་མི་རུང་། གལ་སྲིད་དེ་ལྟར་བྱས་ན། ཆོས་ལུགས་ཀྱི་བླ་མ་བསྟེན་ཕྱོགས་དེ་སྲིད་ཇུས་འཐབ་རྩོད་ལ་ཁྱེར་ནས། སྒེར་སྤྱོད་རིང་ལུགས་ཀྱི་ཕྱོགས་ལས་འདས་ཀྱི་མེད། གཞོན་ནུས་ལྷན་ཚོགས་ཀྱིས་དེ་སྔོན་ཡང་སོ་སོའི་ལྟ་གྲུབ་དང་མཐུན་པར་འབད་བརྩོན་རབ་དང་རིམ་པར་གནང་བ་ལ་ངོ་གུས་བཀུར་ཞུ་རྒྱུ་ཡིན། ལྷག་པར་ཟས་བཅད་ངོ་རྒོལ་སོགས་ཞི་བའི་སྒོ་ནས་འཐབ་རྩོད་བྱེད་པ་ལ་གུས་བཀུར་དང་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན། ཆབ་སྲིད་ཀྱི་གོ་རྟོགས་ཀྱི་མ་འདངས་པའི་སྐབས་སུ། ལྟ་གྲུབ་དང་། སྒེར་གྱི་གནས་དོན་གཉིས་མཉམ་བསྲེས་སྤྱི་ཚོགས་ལ་དཀྲོག་གཏམ་སྣ་ཚོགས་འབྱུངས་ཉེས་ཆེན་པོ་ཡོད་པས། དོག་ཟོན་ཆེན་པོ་དགོས།

    Reply
  20. ནགས་མེ། says:
    ལོ་ 12 སྔོན།

    བརྒྱ་བཤད་སྟོང་ལས་བརྒལ་ཡང་། དོན་ངོ་མས། བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་ཚོགས་གཞོན་ཟུར་པ་དོན་གྲུབ་ལྷ་དར་ལྟ་བུའི་དོན་དམ་གྱི་ཆབ་སྲིད་གོ་རྟོགས་དང་། ལར་ཞེན། སྤོབས་པ། ལྷག་བསམ། ཚོར་བ་འདྲེས་པའི་མི་བུ་ཞིག་བཙལ་ཀྱང་རྙེད་རྒྱུ་མེད་པ་ང་དང་ཁྱོད་ཚོའི་སེམས་པའི་གཏིང་རིམ་ན་ཁྲིག་གེར་ཡོད་པ་ཤེས་ཡོད། འོན་ཏེ་རིས་གཅོད་དང་ཆུ་ངན་ལམ་ཤོར་ལ་གོམས་པའི་པུ་གུ་རེ་འགས་ག་དུས་ཡིན་ནའང་། སུ་ཞིག་ལ་དམིགས་བསལ་བའི་གོ་སྟོབས་དང་ཤེས་ནུས་ལྡན་ཚེ་ནག་པོ་བཟོ་ཨེ་ཐུབ་ལྟ་བ་ནི་ལས་ངན་པ་རང་རེད།

    Reply
  21. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    ཚོགས་གཙོ་གཙོ་བྱས་ཏེ་རྒྱུན་ལས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་ཕྱིན་པ་ནི་བོད་མིའི་སྤོབས་པ་རེད།

    Reply
  22. ཡར་ཀླུང་པ། says:
    ལོ་ 12 སྔོན།

    དོན་གྲུབ་ལྷ་དར་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཉིས་ཁྲི་ལྔ་སྟོང་ལ་དགོངས་སེལ་ཞུ་དགོས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དུམ་བུ་གཉིས་ལ་གཏོང་མཁན་གྱི་ནག་ཉེས་དང་། གཞོན་ནུ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམ་ཚིག་ལ་འགལ་བ་ཤོར་དུ་འཇུག་མཁན་ཡིན།

    Reply
  23. བཙན་ནག་པས། says:
    ལོ་ 12 སྔོན།

    ད་རེས་གཞོན་ནུའི་ཚོགས་འདུ་ལེགས་སྒྲུབ་བྱུང་བ་མ་ཟད་རྒྱུན་ལས་གསར་འདེམས་བྱུང་བར་བླ་ན་མེད་པའི་དགའ་བསུ་བཞུ་བ་དང་ཆབ་གཅིག་རྒྱུན་ལས་གསར་པ་རྣམས་ལ་བཀྲིས་བདེ་ལེགས་ཞུ།། འོན་ཀྱང་འདིར་མཆན་བྲིས་པ་འགའ་རེའི་ཀུན་སློང་ག་རེ་ཡོད་མིན་མི་ཤེས་ཀྱང་དགྲ་དགའ་གཉེན་སྡུག་གི་སྐད་ཆ་འདྲ་མིན་ཤོད་ཀྱིས་འདུག ཁོང་རྣམས་པར་བཞུ་རྒྱུར་མི་དང་རང་གིས་བསྡོད་ས་བརྗེས་ནས་བསམ་བློ་རེ་གཏོང་རོགས། ཚིག་སྒྲིལ་དགོས་པ་ཤེས་པ་གནང་རོགས།

    Reply
  24. བསྟན་ཆོས། says:
    ལོ་ 12 སྔོན།

    དེ་བཞིན་ཁོའི་མཆན་འགའ་འང་འདིར་འདྲེན་བཀོལ་བྱས་ན་གང་འདྲ་ཡིན་ནམ།
    འཇམ་བཟང་ལགས། ང་ཚོར་དགོས་པའི་མཐུན་བསྒྲིལ་ནི་གནས་སྟངས་ཤེས་པའི་མཐན་བསྒྲིལ་ལས།་ལྷག་བསམ་དཀར་བ་འམ་རྨོངས་གུས་མཐུན་པོ་བྱེད་རྒྱུ་དེ་མོན་ནོ།།དེས་སྐྱག་གོ་ཡང་མི་ཆོད་པ་ཤེས་གལ།

    Reply
  25. བསྟན་ཆོས། says:
    ལོ་ 12 སྔོན།

    ནམ་མཁའ་སྟན་འཛིན་ལགས། སྟན་འཛུན་འཇིགས་མེད་ཀྱི་ངོ་དེབ་ཁ་བྱང་འདིར་བསྐུར་རོགས་ཞུ།

    Reply
  26. བསྟན་ཆོས། says:
    ལོ་ 12 སྔོན།

    ལི་སྟན་རྣམ་གྱིས་གསུང་བ་དེ་ག་རང་རེད། དོན་ལྷ་ཁ་ཤུགས་དང་ཧམ་པ་ཆེ་བསི་དབང་དུ་སོང་བ་རེད། ཨ་དུས་གསལ་སྒྲག དགའ་ལྡན་ཕོ་བྲང་་་གཙོ་བོ་རེད། མདོ་སྟོད་ཆོལ་ཁས་རང་བཙན་གཙང་མར་བསྐྱོད་པའི་གྲོས་ཆོད། ལོག་བཤད་པ་རེ་ཟུང་ལ་རྒྱུད་ལམ་ལྡིང་ཆ་བསྐྲུན་པ་སོགས་རེད།
    མགོ་ཟླས་ དོན་ཚན་༢ པ་དེ་གཏན་ནས་མི་འགྲིག་པ་ཞིག་རེད་དོ།།

    Reply
  27. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    ཚོགས་གཙོ་གསར་པ་དང་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞི།
    གོང་དུ་ལི་ཐང་བསྟན་ནམ་གྱིས་གསུང་བ་ལ་མོས་མཐུན་ཡོད་དོན་འགྲུབ་ལྷ་དར་གྱིས་གཞོན་ནུ་ཚོགས་པའི་འབག་གོན་ནས་ད་བར་རང་གི་རང་ཉིད་ཆེ་མདོག་གི་ལམ་ལས་ལས་ཀ་འདྲ་མིམ་བྱས་པར་གྲངས་ཀྱིས་མི་ལང་་་་་ཚང་མས་ཁོས་སྔར་བཤད་དག་ལ་བསྐྱར་གཟིགས་གནོང་དང་་་་མི་འདིས་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་དབང་ཤུགས་བསྐྱེད་ནས་ལས་ཀ་ཅི་བྱས་གོང་དུ་ལི་ཐང་བསྟན་ནམ་གྱིས་གསལ་བོ་གསུང་འདུག་པས་ཚང་མས་ཞིབ་འཇུག་བྱོས་དང་་་

    Reply
  28. རྒྱ་རྙི། says:
    ལོ་ 12 སྔོན།

    ཚོགས་མི་གསར་པ་ཚོའི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད།ཚེ་དབང་རིག་འཛིན་དང་།དོན་གྲུབ་ལྷ་དར་གཉིས་ཀྱིས་ཁ་ཆག་སྣ་རལ་དུ་སོང་བའི་གཞོན་ནུ་ལྷན་ཚོགས་ཤིག་རྒྱུན་ལས་གསར་པར་རྩིས་སྤྲོད་བྱེད་པ་ནི་ལོ་རྒྱུས་ཀྱི་རང་བཞིན་ཆགས་ཡོད། ཚེ་དབང་རིག་འཛིན་དང་དོན་ལྷ་གཉིས་ཀྱིས་ཅ་དངོས་རྩིས་སྤྲོད་ཙམ་བྱས་ཏེ་འགྲོ་ཆོག་ཆོག་ཅིག་ག་བར་ཡོད།གོང་ས་མཆོག་གི་སྐུ་མདུན་ནས་ཁས་བླངས་པའི་དམ་བཅའ་རྒྱ་མི་བོད་ནས་འཕུད་རྒྱུ་དང་།རྒྱ་ཆེ་མི་མང་ལས་བོད་རྒྱལ་ཁབ་བསྐྱར་འཛུགས་ཀྱི་མ་དངུལ་བསྡུ་རུབ་བྱས་པའི་ལས་དོན་སོགས་ལྷག་ཡོད། ཚོགས་གཙོ་གཉིས་ཀྱི་ལས་དུས་འཁྱོལ་ཡོད་ཀྱང་།ལས་འཇུག་འཁྱོངས་མེད་པ་ནམ་ཡང་མ་བརྗེད་རོགས། བོད་རྒྱལ་ལོ།

    Reply
  29. དབང་ཕྱུག says:
    ལོ་ 12 སྔོན།

    གཞོན་ནུའི་ཚོགས་གཙོ་གསར་པ་བསྟན་འཛིན་འཇིགས་མེད་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། མི་གསར་པ་ལོ་ཆུང་ཞིག་རེད་ག་འདྲ་ཡོང་ན་བསམ་བསམ་ཞིག་འདུག དེ་ནས་བསྟན་འཛྀན་བརྩོན་འགྲུས་ཚོགས་གཙོ་ཚོགས་གཞོན་དྲུང་ཆེ་གང་ཡང་མ་ཐོབ་པ་འདི་བརྒྱུད་ནས་ཁོ་རང་གི་བྱེད་སྟངས་སྤྱོད་སྟངས་ལ་ངོས་འཛིན་གསལ་བོ་ཡོང་བའི་རེ་བ་ཡོད།

    Reply
  30. དབང་ཕྱུག says:
    ལོ་ 12 སྔོན།

    ད་དུང་ངས་གོ་ཚོད་བྱས་ན་སྔར་ལོར་སྦིར་གཞིས་ཆགས་ནས་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐོག་(བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ལངས་ཕྱོགས་དེ་རང་བཙན་ཐོག་འགྱུར་བ་གཏོང་དགོས)ཞེས་གྲོས་ཆོད་ཅིག་བཞག་ཡོད་པ་དེ་ཡང་དོན་གྲུབ་ལྷ་དར་སོགས་མི་སྐོར་ཞིག་གིས་དབང་སྤྱོད་བྱས་ཏེ་བཞག་པ་རེད་ཟེར་གྱི་འདུག

    Reply
  31. Pantsoktsering says:
    ལོ་ 12 སྔོན།

    ལི་ཐང་བསྟན་རྣམ་ལགས་ཀྱི་སྐད་ཆ་ལ་བརྒྱ་ཆའི་བརྒྱ་མོས་མཐུན་ཡོད། དོན་གྲུབ་ལྷ་དར་དང་ཚེ་དབང་རིག་འཛིན་ཚོགས་གཙོ་ཚོགས་གཞོན་གྱིས་ཀྱི་སྐབས་སུ་བོད་ཀྱི་གཞོན་ནུ་ཚོགས་པ་དུམ་བུ་གཉིས་ལ་བཏང་སོང་བ་མ་ཟད། དེ་རིང་ཚོགས་པ་སྒོ་རྒྱག་གྲབས་ཤིག་བྱེད་སོང་བ་ཚང་མས་མཁྱེན་གསལ་ལྟར་རེད། ཡིན་ནའང་གོ་ཚོད་ལ་ཚེ་དབང་རིག་འཛིན་གྱི་རྐུབ་སྟེགས་མཐོ་བ་ལས་དོན་གྲུབ་ལྷ་དར་ལ་དབང་ཚད་ཆེ་བ་ཡོད་པ་རེད་ཟེར་བ་ཞིག་གོ་སོང་། དེ་འདྲ་སོང་ཙང་ནོར་ཁྲལ་དང་བྱས་ཉེས་འདི་དག་ལྷ་དར་གྱི་མགོ་ལ་མི་འཇོག་ག་མེད་ཆགས་སོང་།

    Reply
  32. ལི་ཐང་བསྟན་རྣམ། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ལ་གུས་བཀུར་བརྒྱ་ཆའི་བརྒྱ་ཡོད་པ་དང་རང་བཙན་ལངས་ཕྱོགས་དེའང་བཟུང་ཆོག་གི་རེད་དྲན་ཡོད། ཡིན་ན་ཡང་གཞོན་ནུའི་དབུས་བརྒྱུན་ལས་རྣམས་ཀྱི་ལས་ཀ་བྱེད་ཕྱོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། སྤྱིར་བཏང་སུ་ཞིག་ནོར་བ་རེད་ཟེར་ན་གཞོན་ནུ་ལྷན་ཚོགས་ནོར་བ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ནང་ནས་སུ་ཞིག་ནོར་བ་རེད་ཟེར་ན་སྐབས་བཅུ་བཞི་བའི་དབུས་རྒྱུན་ལས་དེ་ཚོ་ནོར་བ་རེད། དབུས་རྒྱན་ལས་ནང་ནས་སུ་ཞིག་གིས་ནོར་འཁྲུལ་བཟོས་པ་རེད་ཟེར་ན་དོན་གྲུབ་ལྷ་དར་གྱིས་བཟོས་པ་རེད། འདིའི་སྐོར་ལ་ང་རང་ལ་གསལ་གསལ་ཐང་ཐང་གིས་ཞུ་རྒྱུ་ཡོད་ནའང་མདོ་བསྡུས་སུ་རོབ་ཙམ་ཞིག་བཤད་རྒྱུ་ཡིན།
    A. བཙན་བྱོལ་བོད་གཞུང་བོད་མིའི་སྒྲིག་འཛུགས་ལ་འགྱུར་བ་གཏོང་སྐབས། དེ་ལ་ངོས་ལེན་རྩ་བ་ནས་མེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་མུ་མཐུད་ཉར་རྒྱུ་ཡིན་ཟེར་མཁན་དོན་གྲུབ་ལྷ་དར་རེད།
    B. ཚོགས་གཙོ་ཚེ་དབང་རིགས་འཛིན་གྱི་སྒང་ནས་ལས་ཀ་བྱས་ཏེ་རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་སྟེ་བོད་གཞུང་དང་རྒྱ་གཞུང་གཉིས་ཀར་ཕོག་ཐུག་འགྲོ་བའི་ལས་ཀ་རྩོམ་མཁན་དོན་གྲུབ་ལྷ་དར་རེད།
    C. བོད་རྒྱལ་ཁབ་བསྐྱར་འཛུགས་ཀྱི་མ་དངུལ་བསྡུ་རྒྱུ་ཡིན་ཟེར་ནས་གསལ་བསྒྲགས་བསྐྱངས་ཏེ་མང་ཚོགས་ལ་མགོ་བསྐོར་བཏང་སྟེ་དངུལ་བསྡུ་མཁན་དོན་གྲུབ་ལྷ་དར་རེད།
    D. ཨ་རིའི་ནའེ་ཡོག་གི་དུས་འཁོར་དབང་ཆེན་སྐབས་སུ་བསྟོད་ལོ་ཡི་སྟེང་དུ་བོད་གཞུང་དགའ་ལྡན་ཕོ་བྲང་བཀོད་དེ་རྙོག་དྲ་བྱུང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་དང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགའ་ལྡན་བློ་གྲོས་ཀྱི་སྟེང་ལ་གསར་འགོད་བསྒྲགས་གཏམ་སྤེལ་ཏེ་རྒྱ་མི་ལ་བཤད་མ་ཐུབ་པའི་ཚིག་སྡུག་ཅག་བེད་སྤྱོད་གཏོང་མཁན་དོན་གྲུབ་ལྷ་དར་རེད།
    E. སྤྱི་ལོ་༢༠༡༢ ་ལོར་གླིང་ཚ་ཚེ་བརྟན་རྡོ་རྗེ་མི་སྒེར་གྱིས་བོད་ནང་གོམ་བགྲོད་གནང་སྐབས་རྒྱ་ནག་གི་རྒྱལ་དར་མཉམ་འཁྱེར་བྱས་སྐབས། གང་ཟག་སྒེར་བ་མི་གཅིག་གི་ལས་འགུལ་སྤེལ་ཕྱོགས་ཐོག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་འཁྱེར་ནས་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་སྤེལ་མཁན་དོན་གྲུབ་ལྷ་དར་རེད།
    F. སྤྱི་ལོ་༢༠༡༡་ཟླ་བ་༡༢་པའི་ནང་ལ་རྡོ་རྗེ་གདན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་བསྐུར་གནང་བའི་སྐབས་སུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་མདོག་གི་ཞོར་དུ་མི་མང་ལ་ཞལ་འདེབས་བསྡུས་ཏེ་སྐད་གྲགས་བཞག་པ་མ་ཟད། སྐབས་དེར་བོད་ནང་ནས་ཆོས་ཞུ་བར་ཕེབས་མཁན་དག་ལ་སྐད་ཆ་འདྲ་མིན་བཤད་དེ་དངུལ་ཕོན་ཆེན་བསྡུ་མཁན་དོན་གྲུབ་ལྷ་དར་རེད།
    G. བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ནང་ཁུལ་གྱིས་མཁྱེན་རྟོགས་དང་གསལ་ཆ་མེད་པར་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་དང་ཀློག་འབྲེལ་བྱས་ཏེ་ཨ་རི་དང་ཁ་ན་ཌ་ལ་ཕྱིན་ཏེ་དབུ་མའི་ལམ་ལ་སྐྱོན་བརྗོད་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་གཞུང་ལ་ཟུར་ས་བྱས་ཏེ་མང་ཚོགས་ལ་བློ་ཕམ་བྱུང་འཇུག་མཁན་དོན་གྲུབ་ལྷ་དར་རེད།
    H. གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ནང་ཁུལ་དང་ས་གནས་གཞོན་ནུ་ཁག་ལ་བཙན་གནོན་འཇིགས་སྐུལ། དེ་ནས་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ལ་གཉའ་གནོན་བརྙས་བཅོས་གཏོང་མཁན་དོན་གྲུབ་ལྷ་དར་རེད།
    I. ད་རེས་ཚོགས་ཆེན་གྱི་མགོ་འཛུགས་ཉིན་ནས་ཚོགས་མི་ཚོར་མཐོང་ཆུང་ཁྱད་གསོད་བྱས་པ་དང་། ཚོགས་འདུ་མ་ཚོགས་སྔོན་ནས་ལྐོག་ངན་ཇུས་འགོད་དང་ལས་འཆར་བསྒྲིགས་མཁན་ཚང་མ། ད་དུང་ཚོགས་འདུ་དངོས་གཞིའི་སྐབས་སྒེར་སྤྱོད་ཀྱིས་ས་གནས་ཚོགས་ཞུགས་པ་མང་པོ་ཞིག་ལྐུགས་པའི་གྲས་སུ་བཞག་སྟེ་སྐད་ཆ་རྫིག་པོ་ཤོད་མཁན་དོན་གྲུབ་ལྷ་དར་རེད།

    Reply
  33. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    ཚོགས་འདུ་མ་གྲོལ་གོང་ནས་ཁོས་ངོ་དེབ་བརྒྱུད་ནས་དབུ་མ་བ་ཚོར་དྲ་དམག་འདྲེན་བཞིན་འདུག

    Reply
  34. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    འཇམ་བཟང་ལགས་ཀྱིས་རྒྱུ་མཚན་ཅི་ཡང་མ་ཤེས་བར་ཅིག་བཤད་བཞིན་ཡོད་ན་དགག་བྱ་གང་ཡང་མེད། འོན་ཀྱང་ང་ཚོས་གཞོན་ནུ་ལྷན་འཚོགས་ཀྱིས་ཉུང་མཐར་ཡང་ད་ཐེངས་ཀྱི་གླེང་རྙོག་གི་ཉམས་མྱོང་འདི་བརྒྱུད་ནས་རྒྱུན་ལས་གསར་བ་བོད་མིའི་སྒྲིག་འཛུགས་དང་བོད་རྒྱ་ཆེད་མི་དམངས་ལ་གུས་བརྩི་ཡོད་མཁན་ཞིག་བདམས་ཀྱི་རེད་བསམ་ཡོད། དེ་ལས་ལྡོག་ཏེ་གླེང་རྙོག་འདི་ཆེ་རུ་བཟོ་ཉེན་འདུག

    Reply
  35. བཀྲ་ཤིས་རྡོ་རྗེ། says:
    ལོ་ 12 སྔོན།

    ད་རེས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་ཕྱིན་པ་དེར་དགའ་སྤོབས་ཆེན་པོ་སྐྱེས་སོང་། ཡིན་ནའང་དབུས་རྒྱུན་དོན་གྲུབ་ལྷ་དར་ཟེར་བ་དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་ཡོད། ད་རེས་ཚོགས་ཆེན་སྟེང་དཀའ་ལས་ཁག་པོ་བྱུང་བའི་རྐྱེན་རྩ་ཡོངས་རྫོགས་དོན་གྲུབ་ལྷ་དར་གྱི་བྱས་ཉེས་དག་ལས་བྱུང་བ་ཤ་སྟག་ཆགས་ཡོད་པས་ཁོ་རང་གིས་གཞོན་ནུ་ལྷན་ཚོགས་ལ་དགོངས་དག་ཞུ་དགོས་ཡོད།

    Reply
  36. བྱམས་པ་ཚེ་རིང་། says:
    ལོ་ 12 སྔོན།

    ང་རང་ཨ་རིའི་ནེའུ་ཡོག་ན་ཡོད་པའི་གཞོན་ནུའི་ཚོགས་མི་ཞིག་ཡིན། སོ་སོའི་ངོས་ནས་ད་སྔ་ལྷག་བསམ་རྣམ་དག་གིས་གཞོན་ནུའི་ལས་དོན་ཡོངས་རྫོགས་ནང་འཛུལ་ཞུགས་ཀྱིས་ལས་ཀའི་ཐོག་འབད་རྩོད་བྱས་པ་ཡིན། ཡིན་ནའང་སང་ཉིན་ནས་བཟུང་ངས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁོངས་ནས་རྩ་དགོངས་ཞུས་པ་ཡིན། དེ་མ་གཏོགས་ང་ལ་ཞུ་ཡག་གང་ཡང་མེད།

    Reply
  37. ཕུར་བུ་རྡོ་རྗེ། says:
    ལོ་ 12 སྔོན།

    ཐེངས་འདིར་གཞིན་ནུའི་ཚོགས་མི་རེ་ཟུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཀྱག་ཀྱག་བྱས་ཏེ་བསྟན་འཛིན་འཇིགས་མེད་ཚོགས་གཙོར་བདམས་པ་རེད། ས་གནས་ཁག་བརྒྱད་གཞོན་ནུ་ལྷན་ཚོགས་ལས་ཕྱིར་འཐེན་བྱས་པ་ཡོད་པའི་དབང་གིས་ད་རེས་ཀྱི་ཚོགས་གཙོ་དེ་མི་སྒེར་བ་ཁག་ཅིག་གི་ཚོགས་གཙོ་རེད་མ་གཏོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟེར་བའི་མིང་དེ་རྩ་བ་ཉིད་ནས་འགྲིག་གི་མ་རེད། ངོས་ལེན་རྩ་བ་ཉིད་ནས་མེད།
    ཁ་སང་སྐུ་སྒེར་ཡིག་ཚག་གི་སྐུ་ཚབ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཕེབས་ཏེ་ཞལ་གསལ་བོས་གསུངས་ཡོད་པ་རེད། རང་བཙན་རྩོད་རྒྱུ་དེ་ཐོབ་ཐང་རེད་ཅེས་གསུངས་ཡོད། འདི་༧གོང་ས་མཆོག་གིས་ཐེངས་བརྒྱ་ཕྲག་ལ་གསུངས་ཚར་པ་རེད། ཐོབ་ཐང་རེད་ཟེར་བ་དེ་བོད་རང་བཙན་བོད་མི་རིགས་ཀྱི་ཐོབ་ཐང་ཡིན་མིན་གྱི་སྐད་ཆ་བཤད་ཀྱི་ཡོད་པ་རེད་མ་གཏོགས་ཐོབ་ཐང་དེ་ངེས་པར་དུ་རྩོད་དགོས་པ་རེད་ནམ་ཡང་གསུངས་ཡོད་པ་མ་རེད། ཐོབ་ཐང་རེད་གསུང་གི་ཡོད་པ་དེས་དོན་དག་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན། རང་བཙན་རྩོད་རྒྱུ་བོད་མི་ཚོའི་ཐོབ་ཐང་རེད། ཡིན་ནའང་ཡུལ་དུས་གནས་བབ་གང་ཐད་ནས་རང་བཙན་བརྩད་དེ་ཐོབ་ཐང་དེ་རྩོད་ལེན་བྱེད་རྒྱུ་གལ་ཆེན་ཡིན་མིན་ལ་དགོངས་པ་ཏན་ཏན་བཞེས་དགོས་པ་རེད་གསུང་གི་ཡོད་པ་རེད།
    དབུས་རྒྱུན་དོན་གྲུབ་ལྷ་དར་དང་ཚོགས་མི་ཁག་ཅིག་གིས་༧གོང་ས་མཆོག་གི་བཀའ་གསུང་གི་དགོངས་དོན་ཤེས་བཞིན་དུ་མ་ཤེས་མ་རྟོགས་མདོག་མདོག་གིས་ཀྱག་ཀྱག་བྱས་པ་རེད། རྐང་བཙུགས་ཏེ་ད་རེས་དཀའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱི་བཀའ་སློབ་ལམ་སྟོན་ལ་རྡོག་རོལ་བཏང་སྟེ་ཕྱིན་པ་རེད། བྱ་སྤྱོད་འདི་བོད་རྒྱ་ཆེའི་མི་མང་གིས་ཤེས་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། ད་རེབ་བསྟན་འཛིན་འཇིགས་མེད་ལ་འོས་བླུགས་དགོས་པའི་རྒྱུ་མཚན་རྒྱབ་ལྗོངས་གསལ་བོ་ཤེས་དགོས། མི་འདིའི་ད་བར་སྐད་ཆ་ག་རེ་བཤད་པ་དང་བསམ་སྤྱོད་ག་རེ་འཁྱེར་པ། མི་སུ་དང་གང་ལ་འགྲོག་འདྲིས་བྱས་ཏེ་ལས་ཀ་ག་རེ་བྱས་པ་སོགས་ཤེས་དགོས། ད་དུང་མང་པོ་ཞིག་ཞུ་རྒྱུ་ཡོད་ནའང་དགོས་པ་བྱུང་ན་རེ་རེ་བཞིན་ཞུ་རྩིས་ཡོད།

    Reply
  38. འཇམ་བཟང་། says:
    ལོ་ 12 སྔོན།

    ཤ་རུས་ཁྲག་གསུམ་གཅིག་ལས་མཆེད་པའི་བརྩེ་བའི་༼ནམ་མཁའ་བསྟན་འཛིན།༽སྤུན་ཟླ་ལགས། ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་དེ་འདྲ་བཤད་ན་ཡག་པོ་ཨེ་ཡོད། ང་ཚོ་ལ་བཤད་གི་ཁ་བདེ་མོ་དང། ལག་བདེ་མོ་དེ་འདྲ་ཡོད་ན། ང་ཚོས་བེད་སྤྱོད་བཏང་ས་དེ་དགྲ་བོ་རྒྱ་དམར་ཡིན་པ་ལས། བོད་པ་ནང་ཁུལ་མིན་པས། ཁྱེད་ཀྱིས་མཁྱེན་པར་མཛོད་གཅིག།
    ཆིག་བསྒྲིལ་ཟེར་བའི་ཚིག་འདི་ངོ་ཤེས་སམ། ཐུགས་རྗེས་གཟིགས། སྤུན་ཟླ་ནང་ཁུལ་ལ་ཚིག་ངན་སོགས་མ་སྨྲས་རོགས། འདི་དང་འདི་འདྲ་བྱས་ནས་ང་ཚོ་བོད་ལ་ཆིག་བསྒྲིལ་ཟེར་བ་དེ་ག་དུས་ཡོང་གི་རེད། ང་ཚོ་ལ་དོན་དངོས་ཀྱི་ཆིག་བསྒྲིལ་དགོས་པ་ལས། ནམ་ཡང་ཁ་ཡིས་ཆིག་བསྒྲིལ་དེས་ཕན་ཐོག་གི་མ་རེད།
    དེས་ན་ཐུགས་བསམ་ཡག་པོ་བཞེངས་རོགས། སྔོན་ནས་ད་བར་ཆིག་བསྒྲིལ་མེད་པས་ཕུངས་པ་དེ། མ་བརྗེད་པ་བྱེད་རོགས། ༼ཆིག་བསྒྲིལ༽

    Reply
  39. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    རང་ཉིད་དང་ཆབ་སྲིད་ལང་ཕྱོགས་གཅིག་མིན་ལ་མ་ལྟོས་པར།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་བ་དང་། ཚོགས་གཙོ་གཞོན་དྲུང་ཆེ་སོགས་དང་བཅས་པ་བདམས་ཐོན་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུ། དེ་ནས་ཁ་སང་བྲིས་པའི་མཆན་ཞིག་འདིར་བསྐྱར་འགོད་བྱེད་འདུན་བྱུང་།

    གཞོན་ནུ་ལྷན་ཚོགས་ལ་གྲོས་སུ་བཏབ་པ་ཁ་ཚ་དགོས་གཏུགས་མ།

    འདིར་ཚིག་ཉུང་ངུའི་སྒོ་ནས་གོ་བདེ་བར་ཞུ་རྒྱུར། དུས་དང་གནས་སྐབས་ལ་དཔག་ནས་བཤད་ན།
    ང་ཚོའི་སྒྲིག་འཛུགས་གཞུང་གི་ཆབ་སྲིད་ལང་ཕྱོགས་ནི་ལམ་དབུ་མ་ཉག་གཅིག་ལ་ཡིད་ཆེས་བརྟན་པོའི་ངང་། བོད་ཁུལ་སྣོད་བཅུད་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་ཆེས་ཚད་མཐོའི་རང་སྲིད་རང་སྐྱོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབད་ཅིང་སྐྱོད་རྒྱུ་ནི་ཅི་ནས་ཀྱང་གལ་ཆེ་བ་ནང་བཞིན། རང་བཙན་གཙང་མ་རྩོད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་སྤྱི་དང་། སྐབས་བབ་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གཙང་མའི་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུ་ནི་གོང་དང་གཅིག་མཚུངས་ཀྱི་གནད་འགག་གལ་བོ་ཆེ་ཞིག་ཏུ་མཐོང་ཡོད།
    ལང་ཕྱོགས་ལ་འགྱུར་བ་ཟེར་བ་དེའི་གོ་བ་རང་བཙན་བློས་གཏོང་ལ་གོ་གི་ཡོད་ན།དེ་ནི་ནོར་འཁྲུལ་ཚབ་པོ་ཆེ་ཞིག་ཡིན་ལ། ཉི་མ་དེ་ནས་བཟུང་གཞོན་ལྷན་ནི་ལས་མེད་ཕོ་ལྷག་འབའ་ཞིག་ལས་ཅི་ཡང་མེད།
    རེད་དེ་གཤམ་གསལ་དོན་ཚན་འགའ་ལ་དོ་སྣང་ཆེན་པོ་བྱེད་རྒྱུར་སྐུལ་གྱིན་ཡོད།
    ༼༡༽༧གོང་ས་མཆོག་སྐུ་སྒེར་དང་།སྒྲིག་འཛུགས་གཞུང་།དེའི་ལང་ཕྱོགས་ལམ་དབུ་མ་དང་བཅས་པ་ལ།མཚོན་ཁ་ནང་སྐོར་གྱིས་མ་ཉེས་ཁ་ཡོག་དང་།མ་གོ་ལོག་འགྲེལ། སྒྲོ་འདོགས་སྐུར་འདེབས་སོགས་རྩ་བ་ནས་མི་བྱེད་རྒྱུ་དང་། དེ་རིགས་བྱེད་མཁན་གྱི་གཞོན་ནུའི་ཚོགས་མི་བྱུང་ན་ཕྱིར་འཕུད་ཀྱི་ཡོངས་ཁྱབ་གསལ་བསྒྲག་བྱེད་རྒྱུ།
    ༼༢༽ སྒྲིག་འཛུགས་གཞུང་གིས་ལས་འགུལ་ཆེ་ཕྲ་སྤེལ་རིགས་ལ ། གཞོན་ནུའི་ཚོགས་མི་སྒེར་བ་མཉམ་ཞུགས་བྱས་ཡོད་ནའང་། སྐབས་དེར་གཞུང་གི་ལང་ཕྱོགས་ལ་བརྩི་བཀུར་ཐོག་འབོད་ཚིག་སོགས་དབུ་མའི་ལམ་དང་བསྟུན་དགོས་པ་ལས།( བོད་རང་བཙན་གཙང་ཡིན)སོགས་སྐབས་འཚོལ་རིང་ལུགས་བྱེད་མི་རུང་།
    ༼༣༽རང་བཙན་འཐབ་རྩོད་ཀྱི་དགོས་པ་རྒྱུ་མཚན་གསལ་པོར་ངེས་ཐོག ཐབས་ལམ་སྣ་མང་ཅན་དང་།ཤེས་རབ་ཅན། གསར་གཏོད་ཅན ། ཞི་བ་ཅན། ཆེ་མཐོང་ཅན། མིག་རྒྱང་ཅན། སྟུན་མཁས་ཅན་བཅས་བྱེད་དགོས་རྒྱུ།

    ༼༤༽རང་བཙན་མི་སྤྲོད་མཁན་དེ་སུ་ཡིན་མིན་ངོས་ཟིན་པའི་ཐོག་ནས།འཐབ་རྩོད་བྱེད་སའི་ཁ་ཕྱོགས་ཕྱི་ནང་མ་ནོར་བ་བྱེད་རྒྱུ་བཅས་དཔྱད་གཞི་ཙམ་ལ་ཕུལ་བ་ལགས།

    Reply
  40. ནམ་མཁའ་བསྟན་འཛིན། says:
    ལོ་ 12 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱིས་གཞུང་ལ་དཔུང་རོགས་མཉམ་འདེགས་བྱེད་ཀྱི་ཡིན་ཟེར་བ་དང་གཞོན་ནུ་ལ་སྔར་བཞིན་མི་དམངས་ཀྱི་ཆེས་མཐོང་དང་གུས་བརྩི་ཞིག་དགོས་ཀྱི་ཡོད་ན་གོང་གི་གསར་འགྱུར་འདི་བཀྲ་མི་ཤིས་བའི་གཏམ་ཞིག་རེད། རྒྱུ་མཚན་ཚོགས་གཙོ་གསར་བ་འདི་འཇམ་ནོར་གྱི་ཨབ་ཕྲུག་བྱས་ནས་ད་བར་གཞུང་ལ་ཁ་བཏངས། རང་བཙན་ལྷན་འཚོགས་འཛུགས་དགོས་ཀྱི་འདུག་ཟེར་མཁན་གཙོ་བོའི་གྲས་རེད། མི་གཅིག་གིས་རྐང་བ་གཉིས་འཛུགས་བྱས་ཏེ་ཚོགས་པ་འདི་གཉིས་ལ་འབྲེལ་བ་མེད་ཟེར་བ་མི་དམངས་ལ་མགོ་སྐོར་རང་རེད། མི་འདིས་ད་བར་སྐད་ཆ་ག་རེ་བཤད་ཀྱི་ཡོད་མེད་ཤེས་འདོད་ཡོད་ན་བསྟན་འཛིན་འཇིགས་མེད་ཞེས་བའི་ཁོའི་ངོ་དེབ་སྟེང་གི་མཆན་དག་ཀློག་རོགས།

    Reply
  41. འཇམ་བཟང་། says:
    ལོ་ 12 སྔོན།

    གཞོན་ལྷན་ཀྱི་ཚོགས་མི་གསར་པ་ཚོ་ལ་དགའ་བསུ་ཞུ་རྒྱུ་འབྲེལ། ཁྱེད་རང་རྣམས་ཀྱི་མ་འོངས་པའི་ཁ་ཕྱོགས་དེ་ནམ་ཡང་རང་བཙན་ལ་འགྲོ་རྒྱུ་དེ་ངས་རེ་བ་ཉག་གཅིག་ཡིན། ང་ཚོ་མཐོ་སྒང་བོད་པ་ཚང་ནི་ལོ་རྒྱུས་དང་རྒྱབ་ལྗོངས་གང་ལ་བལྟས་ཀྱང་རྒྱ་ནག་དམར་འོག་ལ་འདུག་ཐབས་བྲལ་བས། ང་ཚོའི་རང་བཙན་རྩོད་དགོས།
    ད་དུང་ང་ཚོ་གདོང་དམར་བ་ལ་དགོས་པའི་ལག་ཆ་གཙོ་བོ་དེ་མཐུན་བསྒྲིལ་ཡིན་པས། ནམ་ཡང་ཐུགས་ནས་མ་བོར་རོགས།།
    ཆིག་བསྒྲིལ།

    Reply
  42. ནགས་མེ། says:
    ལོ་ 12 སྔོན།

    གཞོན་ནུའི་ཚོགས་གཙོ་དང་ཚོགས་གཞོན་རྒྱུན་ལས་གསར་རྙིང་ཡོངས་བཀྲ་ཤིས་བདེ་ལེགས་ཡོད

    Reply
  43. སྦྲ་ནག says:
    ལོ་ 12 སྔོན།

    དམངས་གཙོའི་འགན་དབང་མི་ཤེས་ཤིང་ལྟ་གྲུབ་མེད་པའི་འགོ་གཉིས་མ་རྒས་འཁོགས་གཞོན་ནུའི་མིང་ཅན་འདི་ཚོ་འོས་འཕེན་སར་ཞུགས་མ་ཞུགས་ལ་གཞོན་ནུ་ལ་དེ་ཙམ་ཁྱད་པར་མེད་ཀྱང་སོ་སོའི་ངོ་གདོང་ཕྱིར་བཏོན་པ་རེད།

    Reply
  44. Tenzintsering says:
    ལོ་ 12 སྔོན།

    བོད་ཀྱི་དུས་བབ་ལ་སྔགས་བརྗོད་ཡོད། ཕ་ཡུལ་དྲ་ཚིགས་འཛམ་གླིང་སྐད་ཡིག་གི་དྲ་ཚིགས་རེད། ཡིན་ནའང་དུས་བབ་ཀྱི་དུས་བབ་བོད་ཡིག་ཡིན་ནང་ཕ་ཡུལ་རྗེས་སུ་ལུས་སོང་། ཀློག་གྲངས་འདི་རེད། This story has been read 372 times.

    Reply
  45. འོན་ལྐུགས་ཞ་ར། says:
    ལོ་ 12 སྔོན།

    རྟེན་འབྲེལ་ཞུ་ལོས་དགོས། ང་དང་ལངས་ཕྱོགས་མི་གཅིག་ཀྱང་བོད་རིགས་སྤུན་ཟླ་གཅིག་ལ། བོད་ཀྱི་མདུན་ལམ་བཤད་ཀྱི་ཡོད་ཙང་རྟེན་འབྲེལ་ཞུ་གདའ་ཞུ། ཡིན་ནའང། དེ་དང་མཉམ་དུ། ད་ཐེངས་ཚོགས་འདིའི་སྟེང་དབུས་རྒྱུན་རྙིང་པ་ཚོའི་ལས་ནོར་རེ་རེ་བཞིན་ཐེར་འདོན་དང། ལྷག་པར་དོན་གྲུབ་ལྷ་དར་གྱིས་གླེན་རྟགས་ཧམ་ཤེད་ཆེན་པོས་བོད་སྤྱི་ཚོགས་ནང་གཞོན་ནུའི་ཆེ་མཐོང་རྦད་དེ་མེད་པ་བཟོ་གྲབས་བྱས་པའི་ནག་ཉེས། ༧གོང་ས་མཆོག་ཐུགས་ཕམ་བྱུང་བའི་ནག་ཉེས། འཇམ་དབྱངས་ནོར་བུའི་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཟེར་བར་འབྲེལ་བ་གཏན་གཅོད་ཐུབ་པ་བཅས་ནི་ཧ་ཅང་གི་གྲུབ་འབྲས་རླབས་ཆེན་དག་རེད། དེ་བཞིན་ས་གནས་བརྒྱད་ནས་ས་གཞོན་ཚོགས་མི་དང་བཅས་པ་ཚོགས་ཁོངས་ནས་ཐོན་པ་དེའང་ཁོང་ཚོའི་རང་དབང་རེད། ཁོང་ཚོར་རྗེས་སུ་ཡི་རངས་ཡོད། ད་མ་འོངས་པར་དབུ་མའི་ལམ་དང་༧གོང་ས་མཆོག ཟམ་གདོང་རིན་པོ་ཆེ་བཅས་ལ་དོན་མེད་སྐྱོན་བརྗོད་མ་བྱས་པར། སོ་སོའི་ལས་ཀ་སོ་སོས་ལྷག་བསམ་རྣམ་དག མགོ་ཚོས་པ་བྱས་ཏེ་ལས་ན་དེས་འགྲིག་གི་རེད། ད་རྩིས་ཁྲ་རྩིས་ལེན་ཞིབ་ཚགས་ཡག་པོ་ཞིག་གནང་ནས་མི་མང་ལ་གསལ་བསྒྲགས་བྱེད་དགོས་རིགས་མ་ནོར་བ་གནང་རྒྱུ་གལ་ཆེན་རེད། དེ་ནས་ལས་མགོ་གསར་པ་འཛུགས་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese